logo

རེབ་གོང་རིག་གནས་གླེང་སྟེགས་སྐབས་གསུམ་པ།

རྩོམ་པ་པོ།:ཚེ་རིང་བསམ་འགྲུབ། ཡོང་ཁུངས།:རྨ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2020-11-03 ཀློག་གྲངས།:
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ།  རེབ་གོང་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་གོ་དོན་དང་དེང་རབས་རིན་ཐང་གི་སྔོག་འདོན་དང་།  ལེགས་སྒྲིག་དང་ཞིབ་འཇུག་ལ་ཤུགས་སྣོན་པ།  རེབ་གོང་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་དར་སྤེལ་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་།  གསར་སྐྲུན་རང་བཞིན་གྱི་བརྗེ་སྒྱུར་དང་།  གསར་བཟོ་རང་བཞིན་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པའི་སྤྱི་ཚོགས་ཕན་ཁེ་སྔར་བས་མཐོར་འདེགས་བཅས་བྱ་ཆེད། ཟླ10པའི་ཚེས29ནས་ཚེས30ཉིན་བར། “ཁྱད་ཆོས་འབུར་དུ་ཐོན་པ་དང་བྱེད་ཐབས་དོན་འཁྱོལ་བྱེད་པ། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་བྱེད་པ”བརྗོད་གཞི་བྱས་པའི2020ལོའི་རེབ་གོང་རིག་གནས་གླེང་སྟེགས་སྐབས་གསུམ་པ་རེབ་གོང་དུ་གཟབ་རྒྱས་ངང་འཚོགས། རེབ་འདིའི་གླེང་སྟེགས་ནི་རྨ་ལྷོ་ཁུལ་སྲིད་གཞུང་དང་རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་།  རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ཞིབ་འཇུག་གླིང་གིས་འགན་སྒྲུབ་བྱས།
མགོ་རྩོམ་མཛད་སྒོའི་སྟེང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ལི་ཞུའེ་ཅུན་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་གཡུ་སྒྲོན་མཚོ།  ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆའོ་ཏི་ལིན།  རྒྱལ་ཁབ་གཟུགས་འདས་ཤུལ་བཞག་འགྲེམ་སྟོན་སྲུང་སྐྱོབ་རྟེན་གཞིའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན།  རིག་གནས་པུའུ་གཟུགས་འདས་ཤུལ་བཞག་སིའི་སྐོར་ཞིབ་པ་ཟུར་པ་མ་ཧྲིན་ཏི།  ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ།  རྒྱལ་ཁབ་གཟུགས་འདས་ཤུལ་བཞག་དང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཞིབ་འཇུག་པའི་ཆེད་མཁས་པ་ལིན་ཅི་ཧྥུ་སོགས་ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཆེད་མཁས་པ་དང་ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས། དེ་མིན་རྫོང་གསུམ་དང་གྲོང་ཁྱེར་གཅིག་གི་སྲིད་གཞུང་གི་ལས་བགོས་མགོ་ཁྲིད། ཁུལ་དང་རྫོང་གི་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་གི་མགོ་ཁྲིད་དང་རྨ་ལྷོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་བཟོ་རྩལ་མཛེས་རྩལ་མཁན་པོ། ཁུལ་རིམ་པ་ཡན་གྱི་གཟུགས་འདས་ཤུལ་བཞག་ལས་གཞིའི་རྒྱུན་འཛིན་པའི་འཐུས་ཚབ། རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འཐུས་ཚབ་སོགས་བསྡོམས་པས་མི200ལྷག་གླེང་སྟེགས་ལ་ཞུགས་ཡོད།  
ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་གཡུ་སྒྲོན་མཚོ་ཡིས་མགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་འབུལ་བཞིན་པ།རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲའོ་ཞན་ཞང་གིས་མགོ་རྩོམ་མཛད་སྒོར་མདོ་འཛིན་བྱེད་བཞིན་པ། 
རེབ་འདིའི་གླེང་སྟེགས་ཀྱི་དུས་ཡུན་ཉིན་གཉིས་ཡིན་ལ། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་གྱིས《རིག་གནས་ཡུལ་སྐོར་མཉམ་བསྲེས་དང་ཡུལ་ཕྱོགས་ཀྱི་རིན་ཐང་འཛུགས་སྐྱོང》ཞེས་པ་དང་། རིག་གནས་པུའུ་གཟུགས་འདས་རིག་གནས་སིའི་སྐོར་ཞིབ་པ་ཟུར་པ་མ་ཧྲིན་ཏི་ཡིས《རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པར་དོ་སྣང་བྱེད་དགོས་པའི་གནད་དོན་འགའ》 ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ལིན་ཅི་ཧྥུ་ཡིས《མི་རིགས་ས་ཁུལ་གྱི་གཟུགས་འདས་ཤུལ་བཞག་གིས་གནད་འཁེལ་དབུལ་སྐྱོར་གྱི་ལག་ལེན་བྱེད་སྟངས་ལ་ཞིབ་འཇུག་བྱེད་པར་རོགས་རམ་བྱེད་པ》ཐེན་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་ཡི་ཧྥུ་ཡིས《རིག་ལྡན་རྨ་ལྷོའི་ཨང་རྩིས་ཐང་ག— ཨང་རྩིས་ཚན་ཚན་ཕྲེང་འབྲེལ》ཞེས་པ།  ཀྲུང་གོ་མི་དམངས་སློབ་ཆེན་རིག་གནས་ཐོན་ལས་དང་ཞིབ་འཇུག་སའོ་ཡི་མགོ་གཙོའམ་དགེ་རྒན་ཆེན་མོ་ཝང་ཨན་ལིག་གིས《རྨ་འགྲམ་རིག་གནས་ཁྲོད་ཀྱི་རེབ་གོང་རིག་གནས་ཀྱི་གོ་གནས་གལ་ཆེན་དང་ནུས་པ་གཙོ་བོ》ཧྲན་ཞི་ཞིང་ཆེན་གཟུགས་འདས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རིན་ཟུར་པའམ་ཞིབ་འཇུག་པ་ཀྲའོ་ཀྲུང་ཡུའེ་ཡིས《རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ཁྲོད་ཀྱི་གཞུང་ལུགས་དབྱེ་ཞིབ་དང་ལག་ལེན་བསམ་གཞིགས》རྒྱལ་ཡོངས་གེ་སེར་ཞིབ་འཇུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ནོར་བུ་དབང་ལྡན་གྱིས《རིག་གནས་ཀྱི་བར་སྟོང་དང་སྙན་ངག་རང་བཞིན་གྱི་བློ་རིག་སྟེ་རེབ་གོང་རིག་གནས་ཀྱི་གསོ་སྐྱོང་སྒྲིག་གཞི་འཚོལ་ཞིབ་བྱེད་པ》ཞེས་པ་སོགས་བརྗོད་གཞི་སྣ་ཚོགས་ཚོགས་དང་ཞིབ་འཇུག་གི་ཟུར་མི་འདྲ་བའི་སྟེང་ནས་བཞེད་དོན་གཏམ་བཤད་སྤེལ་བར་མ་ཟད། ཐུན་མོང་ཐོག་རེབ་གོང་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ཀྱི་བྱེད་ཐབས་གཙོ་བོ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་ཐད་དཔྱད་བསྡུར་དང་ཕྱོགས་བསྡོམས་བྱས།
མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་གྱིས་གླེང་སྟེགས་ལ་མདོ་འཛིན་བྱེད་མུར《རིག་གནས་ཡུལ་སྐོར་མཉམ་བསྲེས་དང་ཡུལ་ཕྱོགས་ཀྱི་རིན་ཐང་འཛུགས་སྐྱོང》ཞེས་པའི་བརྗོད་གཞིའི་ངོས་ནས་བགྲོ་གླེང་བྱེད་བཞིན་པ།
རིག་གནས་པུའུ་གཟུགས་འདས་ཤུལ་བཞག་སིའི་སྐོར་ཞིབ་པ་ཟུར་པ་མ་ཧྲིན་ཏི་ཡིས《རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པར་དོ་སྣང་བྱེད་དགོས་པའི་གནད་དོན་འགའ》ཞེས་པའི་བརྗོད་གཞིའི་ངོས་ནས་བགྲོ་གླེང་བྱེད་བཞིན་པ།
ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ལིན་ཅི་ཧྥུ་ཡིས《མི་རིགས་ས་ཁུལ་གྱི་གཟུགས་འདས་ཤུལ་བཞག་གིས་གནད་འཁེལ་དབུལ་སྐྱོར་གྱི་ལག་ལེན་བྱེད་སྟངས་ལ་ཞིབ་འཇུག་བྱེད་པར་རོགས་རམ་བྱེད་པ》ཞེས་པའི་བརྗོད་གཞིའི་ངོས་ནས་བགྲོ་གླེང་བྱེད་བཞིན་པ།
ཀྲུང་གོ་མི་དམངས་སློབ་ཆེན་རིག་གནས་ཐོན་ལས་དང་ཞིབ་འཇུག་སའོ་ཡི་མགོ་གཙོ་དགེ་རྒན་ཆེན་མོ་ཝང་ཨན་ལིག་གིས《རྨ་འགྲམ་རིག་གནས་ཁྲོད་ཀྱི་རེབ་གོང་རིག་གནས་ཀྱི་གོ་གནས་གལ་ཆེན་དང་ནུས་པ་གཙོ་བོ》ཞེས་པའི་བརྗོད་གཞིའི་ངོས་ནས་བགྲོ་གླེང་བྱེད་བཞིན་པ།
རྒྱལ་ཡོངས་གེ་སེར་ཞིབ་འཇུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ནོར་བུ་དབང་ལྡན་གྱིས《རིག་གནས་ཀྱི་བར་སྟོང་དང་སྙན་ངག་རང་བཞིན་གྱི་བློ་རིག་སྟེ་རེབ་གོང་རིག་གནས་ཀྱི་གསོ་སྐྱོང་སྒྲིག་གཞི་འཚོལ་ཞིབ་བྱེད་པ》ཞེས་པའི་བརྗོད་གཞིའི་ངོས་ནས་བགྲོ་གླེང་བྱེད་བཞིན་པ།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་གྱིས《རེབ་གོང་ས་ཁུལ་གྱི་རིག་གནས་འབྱུང་ཁམས་དང་ལོ་རྒྱུས་རིག་གནས་ཤུལ་བཞག་མཉམ་གནས་ཀྱི་སྲུང་སྐྱོབ་ཐབས་ལམ》ཞེས་པའི་བརྗོད་གཞིའི་ངོས་ནས་བགྲོ་གླེང་བྱེད་བཞིན་པ།
རྨ་ལྷོ་ཁུལ་རེབ་གོང་རིག་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དགེ་འདུན་དར་རྒྱས་ཀྱིས《རེབ་གོང་སྒྱུ་རྩལ་གྱི་འཕེལ་རྒྱས་དང་རྒྱུན་འཛིན》ཞེས་པའི་བརྗོད་གཞིའི་ངོས་ནས་བགྲོ་གླེང་བྱེད་བཞིན་པ།
འབྲེལ་ཡོད་འོས་སྦྱོར།