«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»བཀླགས་པའི་མྱོང་ཚོར་སྣ་ཟིན་སྤུ་ཟིན།
རྩོམ་པ་པོ།:
ཡོང་ཁུངས།:ལོ་བ་ཆོས་འཕེལ།
དུས་ཚོད།:2022-04-24
ཀློག་གྲངས།:
ཉེ་སྔོན་དྲ་ལམ་སོ་སོར“སྨིན་དྲུག་བོད་ཀྱི་ན་གཞོན་སྒྲུང་འབྲིང་གསར་རྩོམ་དཔེ་ཚོགས”པར་སྐྲུན་བྱས་པའི་གསར་འགྱུར་སྤེལ་བཞིན་འདུག་པས། རང་ཉིད་ཀྱིས་ཀྱང་འཕྲིན་གསར་དེའི་མགོ་ནས་མཇུག་བར་ཏུ་འཁྱུག་ཙམ་བལྟས་རྗེས། ཡིད་འཐད་དང་རྒྱབ་སྐྱོར།རྟེན་འབྲེལ་དང་ལྷག་བསམ་མཚོན་བྱེད་དུ་བརྒྱུད་བསྐུར་བྱས་པ་ཡིན། དཔེ་ཚོགས་འདིར“སྨིན་དྲུག”ཅེས་པའི་གྲངས་ཀ་ལྟར་དེབ་དྲུག་ཡོད་དེ། མ་ཅིག་འཚོས་བརྩམས་པའི«ཆར་ཁྲོད་ཀྱི་ཁང་རྒན» སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས་པའི«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ» རྡོ་སྦིས་ཚེ་རིང་ནོར་བུས་བརྩམས་པའི«མཚམས་སྤྲིད་ཁྲོད་ཀྱི་ཨ་མ་ཇོ་མོ» སྐྱབས་ཆེན་བདེ་གྲོལ་གྱིས་བརྩམས་པའི«ཟ་འཕྲུག» སྙན་བུས་བརྩམས་པའི«རི་མོའི་ནང་གི་ཨ་མ» འདམ་འཇིལ་ལིས་བརྩམས་པའི«རླུང་ཁའི་ལས་འཕྲོ»བཅས་ཡིན། དེབ་འདི་དག«སྦྲང་ཆར་»རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱས་ཤིང2021ལོའི་ཟླ11པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་འདུག
ཁྲི་སེམས་དཔའ་དང་ངེད་གཉིས་ཕན་ཚུན་ལ་ཆ་རྒྱུས་ཆེན་པོ་མེད་ནའང་ངོ་ཐུག་ཐེངས་རེ་རེར་བར་ཐག་མེད་པར་ཀུ་རེ་རྩེད་རྒྱུ་ནི་གོམས་སྲོལ་ཞིག་ཏུ་ཆགས་ཡོད་པས་གྲོགས་པོ་རྙིང་པ་ཞིག་དང་འདྲ། དེ་བས་རང་གིས་ཀྱང་ཁྲི་སེམས་དཔར་སྐད་འཕྲིན་གྱི་ལམ་ནས་དཔེ་ཆ་གཅིག་གནང་བར་སྐུལ་མ་བྱེད་དུས་ཁོས་དེ་མ་ཐག་པདྨ་རིག་འཛིན་ལ་བསྐུར་ནས་ང་ལ་འཕྲོད་སོང་། དུས་ཚོད་ཀྱི་དབང་གིས་ཉིན་འགར་དཔེ་ཀློག་བྱེད་པའི་ཁོམ་ལོང་མ་བྱུང་ཡང་། 2022ལོའི་ཟླ4པའི་ཚེས4ཉིན་སྟེ་གཟའ་ཟླ་བར«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»ནི་ཇ་ཡུན་ཙམ་དང་དབུགས་ཐེངས་གཅིག་གིས་བཀླགས་པ་ཡིན་ཟེར་ན་ལབ་ཡིན་མོད། གང་ལྟར་གཟའ་ཟླ་བའི་སྔ་དྲོ་ཡོལ་ཙམ་ནས་བལྟས་ཚར་བ་ནི་དོན་གཏམ་ཡིན། སྒྲུང་འབྲིང་འདི་བཀླགས་པའི་གོ་རིམ་གྱི་ཁྲོད་ནས་མྱོང་ཚོར་ཐན་ཐུན་ཞིག་ཀྱང་འབྲི་འདོད་ཀྱི་འདུན་པར་འགོག་ཐབས་བྲལ།
བཀྲ་ཤིས་དང་མཚོ་མོ་སྡེ་འདབས་ཀྱི་སྡོང་རར་འཕྲད་དུས། མཚོ་མོས“ངས་སློབ་མཚམས་འཇོག་རྒྱུ”ཟེར་དུས་བཀྲ་ཤིས་ཀྱི་སེམས་ཁམས་བཤད་མ་དགོས། ཀློག་པ་པོའི་སྙིང་དབུས་སུའང་གློ་བུར་དུ་གར་ཡོང་མི་ཤེས་པའི་ཙག་ཤེད་ཐོག་རྒོད་འདྲ་བ་ཅིག་བརྒྱབ་སྟེ་རེ་ཞིག་འགུལ་མེད་དུ་བཏང་།
“ཨར་འདམ་གྱི་ཁང་བའི་ནང་དུ་རྒྱན་སྤྲས་ཅི་ཡང་བྱས་མི་འདུག དཀར་ཤ་ལེར་མངོན་པའི་རྩིག་ལྡེབས་སུ་གཙོ་འཛིན་ཞི་ཅིན་ཕིང་གི་སྐུ་པར་ཞིག་བཀལ་ཡོད།” “ཁང་བའི་ཡར་སྒྱེད་ཀྱི་ཆ་སྒམ་འགྲམ་དུ་ཆུ་ཐིགས་ཟགས་པའི་ཐག་སྒྲ་གྲག་འོངས།” “དབྱར་རྩྭ་བརྐོས་ཟེར་བ་ཡང་དོན་དུ་དབྱར་རྩྭ་བརྐུས་ནས་བརྐོས་པ་ཡིན།”བཅས་ཀྱི་སྐད་ཆ་དེ་དག་གིས་མཚོ་མོའི་ཁྱིམ་ཚང་གི་ཆ་རྐྱེན་དང་གནས་བབ་སོགས་ཁ་གསལ་གོ་བདེ་ཡི་ལམ་ནས་ར་སྤྲོད་བྱས་འདུག
མཚོ་མོའི་ཁོར་ཡུག་ཏུ་མྱི་ཁ་དང་ཡུགས་ས་སོགས་སྡུག་བསྔལ་རྐྱང་རྐྱང་གི་ཁ་བ་ནག་པོ་བསྟུན་མར་འབབ་བཞིན་ཡོད་པས། མོ་འུ་ཐུག་ཐབས་ཟད་ཀྱིས“འཇིག་རྟེན་གྱི་རི་རབ་ལས་ལྕི་བའི་སྡུག་བསྔལ་དང་མནར་གཅོད་ཀྱི་མདུན་དུ་རང་སྲོག་གཅོད་པ་ནི་ཐར་བ་ཞིག་ཡིན་ངེས།”ཞེས་པའི་སེམས་ཐག་བཅད་པ་དང་། དེ་ནས་“གཙོ་བོ་བུ་ཆུང་བ་སྟེ་ད་དུང་བཅའ་སྡོད་སློབ་གྲྭར་འགྲོ་བཞིན་ཡོད་པས། དེ་ནི་སེམས་པ་ཐོགས་ས་ཞིག་སྟེ། གུང་གསེང་སྐབས་སུ་ཁོ་གང་དུ་འགྲོ། ང་ནི་ཁོའི་ཨ་མ་ཡིན་ལ། ང་ནི་ཁོའི་ཁྱིམ་གཞིས་ཀྱང་ཡིན།” “མོའི་རྣ་ལམ་དུ་འབྲུག་སྒྲ་སྐག་སྐག་ཏུ་གྲག་པ་དང་ཆར་བ་ཤག་ཤག་ཏུ་འབབ་པའི་སྒྲ་ཁོ་ན་རྒྱུ་ཡོང་།” «ཆགས་མེད་རི་ཆོས»ལས། “རི་བོ་སྟོང་ཉིལ་རྒྱ་མཚོ་སྟོང་འཁྲུགས་སྒྲ། །ནགས་ཆེན་མེ་མཆེད་སྒྲ་དང་རླུང་ཆེན་སྒྲ། །འཇིགས་པའི་སྒྲ་བཞི་ཡ་ངའི་འཕྲང་བརྒྱད་འཆར། །”ཞེས་པ་ལྟར། རླབས་ཆེན་གྱི་ཨ་མ་ཞིག་གིས་བར་དོའི་འཕྲང་རིང་འགྲིམ་པའི་འཇིགས་སྣང་ལ་ཅི་མི་སྙམ་པར་གདོང་གཏོད་ཕོད་པའི་སྙིང་སྟོབས་ལྡན་ནའང་། རང་གི་བུ་ཡི་ཆེད་དུ་མཆི་མ་དབང་མེད་དུ་བརྡོལ་དགོས་པའི་བྱམས་སེམས་ཀྱི་རང་བཞིན་བསྟན་ཡོད།
ཀློག་པ་པོས་མཚོ་མོའི་གཏམ་རྒྱུད་ཀྱི་ལམ་སྣེ་དེད་ནས་འགྲོ་དུས། མཁས་དབང་དགེ་ཆོས་ཀྱིས། འབྱོར་ཚེ་ཉེ་བའི་དྲུང་ན་ཞུམ་ཞུམ་དུ་འགྲོ་ཞིང་། །རྒུད་ཚེ་ཐག་རིང་ཡུལ་ནས་མཛུབ་ཀེར་གྱིས་འཕྱ་བ། །དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ། །བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་བྱུང་། །ཞེས་པའི་ཤོ་ལོ་ཀ་དེ་དང་མྱང་ཚ་དཀར་རྒྱན་གྱིས་དཀའ་ལས་མྱངས་པའི་ལོ་རྒྱུས་སོགས་གློ་བུར་དུ་ཡིད་ལ་ཝ་ལེ་ཝ་ལེར་གཅིག་རྗེས་གཉིས་མཐུད་ཀྱིས་འཁོར་བྱུང་། དེ་བཞིན་མཚོ་མོས“ངས་ཀྱང་དེ་ལྟ་བུ་ཞིག་མགོར་འོང་རྒྱུ་ཡོད་པར་འདང་རྒྱབ་མྱོང་མོད། དེ་འདྲའི་མགྱོགས་པ་ཞིག་ཡིན་པ་སེམས་ཀྱི་དགུ་ལའང་མ་འཁོར།”ཞེས་པ་དང་། རིག་འཛིན་ཚངས་དབྱངས་རྒྱ་མཚོས“ཉི་མ་འདི་ལྟ་བུ་ཞིག་ཡོད་པ་ངས་ཤེས་ཡོད་མོད། འོན་ཏེ་ཡོང་བ་འདི་ལྟ་བུའི་མགྱོགས་ཤིང་གློ་བུར་བ་ཞིག་ཡིན་པ་ཡིད་ལ་ཡང་མ་ཤར།”ཞེས་པའི་དུས་སྐབས་ཀྱི་དྲན་ཚུལ་ནི་ཅི་འདྲའི་སྐྱོ་སྣང་ཆེ་བ་ཞིག་དང་འུ་ཐུག་ཐབས་ཟད་ཅིག་རེད་ཨང་།
སྒྲུང་འབྲིང་འདིའི་མགོ་མཇུག་བར་གསུམ་གང་ལ་བལྟས་ཀྱང་། འཚོ་བའི་རྨང་གཞི་དང་ཉམས་མྱོང་། མཐོང་ཐོས། རིག་གནས་ཀྱི་ཆུ་ཚད། རྩོམ་འབྲིའི་བློ་སྦྱོང་། འཆར་སྣང་། རྩོམ་རྩལ། བརྗོད་བྱ་རྗོད་བྱེད། ཡང་ཡང་ཞུ་དག་བྱས་པའི་སྙིང་རུས། སྒྲིག་གཞི་སོགས་ཕུན་སུམ་ཚོགས་ཤིང་། ལྷག་པར་དུ་རྩོམ་པ་པོས་ཚིག་འབྲུ་རེ་རེ་གང་འདོད་ཀྱིས་ར་མགོ་ལུག་སྦྱར་དང་རྡོ་ཆག་བཙན་སྒྲིག་མ་བྱས་པར་ཞིབ་ཚགས་ལྡན་པའི་སྒོ་ནས་འཕྲུལ་འཁོར་གྱི་ལྷུ་ལག་བཞིན་གཟབ་ནན་གྱིས་འཕལ་འཕྲོད་པར་བྱས་ཡོད་པ་མ་ཟད། རྟོག་བཟོ་དང་འཆར་སྣང་རྐྱང་བར་མ་བརྟེན་པར་ཉམས་མྱོང་ཅན་གྱི་རྒན་པོ་ཞིག་གིས་དངོས་བྱུང་འཚོ་བའི་གཏམ་རྒྱུད་ཅིག་གཟབ་ནན་གྱིས་འཆད་པ་དང་ཀུན་ནས་མཚུངས་པས། ཡིད་སེམས་དབང་མེད་དུ་འགུག་ཐུབ་པའི་ཁྱད་ཆོས་ལྡན།
“རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་ལ་བསྒུགས་ནས་ཁ་ཉི་མར་ལྡེ་མཁན་ཡང་ཇེ་མང་ནས་ཇེ་མང་དུ་གྱུར……”ཞེས་པའི་མཚམས་འདིར་ཐོན་དུས། ཀློག་པ་པོའི་སེམས་སུའང་འབྲོག་དམངས་གཏན་སྡོད་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་དྲན་འོངས་བ་མ་ཟད། རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི«ཝ་ནག་ལུང་བ»ཡང་ཡིད་ལ་ལྟིག་སེར་ལྷུང་ཡོང་། དང་ཐོག་འབྲོག་པ་རྣམས་གྲོང་ཁྱེར་དུ་གནས་སྤོར་བྱེད་དུས་སྤྱི་ཕན་རང་བཞིན་གྱི་ལས་རྐང་ཟེར་བའི་སྒོ་སྲུང་དང་སྲང་ཕྱགས། ཟ་ཁང་མགྲོན་ཁང་གི་ཞབས་ཞུ་བ། རླངས་འཁོར་གྱི་འདུག་གནས་སྲུང་བ། སྤྱོད་ཁང་སྲུང་བ། སློབ་གྲྭའི་ཇ་མ་བྱེད་པ་སོགས་ཞོར་ལས་ཙག་ཙིག་དེ་ནི་ངོ་ཚ་ཆེན་པོ་ཞིག་ཏུ་བསམས་ནས་སྒྲུབ་མཁན་ཤིན་ཏུ་དཀོན་མོད། ལོ་རེ་འགའ་འགོར་ནས་འཚོ་བར་འགྱུར་ལྡོག་བྱུང་དུས་ལས་གནས་དེར་རྩོད་པ་རྒྱག་མཁན་དང་འཚང་ཁ་རྒྱག་མཁན་ནི་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བ་དང་། ད་དུང“དེ་སྔ་ཀླུ་བྷ་དང་པད་མཚོ་གཉིས་ཀྱིས་ཆང་ཁང་ཞིག་ཏུ་ངོ་ཤེས་ཤིང་། ཕན་ཚུན་སྐད་འཕྲིན་བསྣན་ནས་ལྐོག་ནས་ཐེངས་འགར་འཕྲད་མྱོང་།”ཞེས་པ་ལྟར། འབྲོག་པའི་ལག་ཏུ་སྐད་འཕྲིན་ཤོར་བ་ནི་སྨྱོན་པའི་ལག་ཏུ་རལ་གྲི་ཤོར་བ་དང་ཀུན་ནས་མཚུངས་པས། བཟའ་འཐོར་དང་སྟོང་འཇལ་བ་སོགས་ནམ་ཡང་རྫོགས་མཐའ་མེད་པའི་གྱོད་སྣ་ཁ་མཆུ་དང་། འབྲོག་པའི་འཆར་གཞི་མེད་པ་དང་ཕུགས་མི་རིང་བའི་བཅའ་སྲོལ་ལས་སྲོལ་དེ་ཡིད་ལ་དྲན་པ་དང་མཉམ་དུ་བདེ་སྐྱིད་སྡེ་གསར་གྱི་མཚོ་མོ་དང་ཀླུ་བྷ་སོགས་འབྲོག་པ་མང་པོ་ཞིག་གི་མ་འོངས་པའི་འཚོ་བའང་མིག་བཙུམས་ཀྱང་དྲན་པའི་རྩིག་ལྡེབས་སུ་གསལ་ལེར་མངོན་ཐུབ།
ཀློག་པ་པོས་མཚོ་མོས་ནམ་གང་བོར་བཤད་པའི་སྐྱོ་སྡུག་གི་གཏམ་རྒྱུད་ལ་ཉན་ཏེ་བཀྲ་ཤིས་དང་མཚོ་གཉིས་ཀྱིས་སོ་སོར་བདེ་མོ་འཇོག་རན་དུས། ཆུང་མས“དྲོས་ཇ་འཐུང”ཟེར་བའི་སྐད་ཆ་དེ་ཡིས་ང་རང་ཧད་སེ་བཏང་སོང་བའང་རྩོམ་པ་པོའི་ནུས་མཐུ་ཞིག་ཡིན་པ་འདྲ། དེ་ལྟར་ཀློག་པ་པོས། མཚོ་མོ། སྐྱིད་ལ་མ་སྨོན། སྡུག་ལ་མ་འཆལ། སྐྱིད་དུས་མགོ་འཕངས་མ་མཐོ། སྡུག་དུས་སེམས་དཔངས་མ་སྨད། སྤྱིར་ན་མི་རྙིང་པ་སྲལ། གོས་གསར་པ་སྲལ་ཟེར་མོད། མཚོ་མོ་ཁྱོད་ལ་དངོས་གནས་ཁག་མི་འདུག རང་ལ་མེད་ན་གཞན་མེད་ཟེར་བ་རེད། མ་འོངས་པ་ན་ཁྱོད་དང་ཁྱོད་ལྟ་བུའི་མཚོ་མོ་མང་པོ་ཞིག་གི་འཚོ་བར་བདེ་སྐྱིད་ལྡན་པར་སྨོན་ཟེར་བའི་གོ་རིམ་མེད་པའི་སྐད་ཆ་མང་པོ་ཞིག་ཡིད་ལ་དྲན་བཞིན། བཀྲ་ཤིས་བཞིན་ལྗིད་ཏིག་ཏིག་གི་གོམ་ཁ་ཟས་ཀྱི་ཕྱོགས་སུ་སྒྱུར་དུས་འཁྲེང་ཞེན་གྱི་རླུང་བུ་བཙན་པོས་ཡང་བསྐྱར“ས་ཡོམ”བཞིན་ཡོམ་ཡོམ་དུ་བསྒུལ་བྱུང་། བཀྲ་ཤིས་ཀྱིས་ཀྱང་རང་དབང་མེད་པར་ཁ་ཕྱིར་འཁོར་ནས“མཚོ་མོར”ཕྱིར་ལྟ་ཞིག་བྱེད་དུས། ཁ་གཡང་དང་སྨོན་ལམ་ཙམ་གྱི་མིང་སྙན་མོ་ཞིག་ཁུར་བའི་ཕྱི་མཛེས་ནང་སྟོང་གི“བདེ་སྐྱིད་སྡེ་གསར”ཡང་“ས་ཡོམ”གྱིས་ཡོམ་ཡོམ་བསྒུལ་བྱུང་བས། གློ་བུར་དུ་ཝུན་ཁྲོན་ས་འགུལ་དང་ཡུལ་ཤུལ་ས་འགུལ་གྱི་གདུག་རྩུབ་མི་དྲན་རང་དབང་ཅི།
མདོར་ན། རྩོམ་པ་པོ་ཁྲི་སེམས་དཔར་བཀའ་དྲིན་ཆེ། «མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»བཀླགས་པའི་གོ་རིམ་གྱི་ཁྲོད་ནས་དགའ་སྐྱོ་འདྲེས་མའི་ཚོར་བ་ཙམ་རྙེད་པ་མ་ཡིན་པར། དོན་དང་མཐུན་པའི་གནས་ལུགས་མང་པོ་ཞིག་གི་མཐོང་སྣེ་བསྟན་ཡོད་མ་ཟད། ཏག་ཏག་ཐེར་འདོན་བྱེད་དགོས་སར་རྣག་ཐོག་ཁབ་གཙག་བྱས་ཡོད་པས། ཀློག་པ་པོ་དག་གིས་ངེས་པར་ཀློག་དགོས་ཤིང་ཀློག་རིན་ཡོད་པའི་དེབ་ཅིག་རེད་སྙམ་བྱུང་། དེ་བས«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»ཡིས“མཚོ་མོ”དང་སྒྲོལ་མ། ལྷ་མོ་སོགས་གངས་ཅན་པའི་བུ་མོ་མང་པོ་ཞིག་གི་ཕམ་ཁ་དང་སྐྱོ་སྡུག་གི་མཚན་མོ་འོད་གསལ་བར་བྱས་ཏེ་གནས་ཡུལ་དང་རང་ཡུལ་གང་ནས་བསྡད་ཀྱང་བདེ་སྐྱིད་ལྡན་པའི་ཐར་བའི་གོ་འཕང་དེ་ཐོབ་ཐུབ་པར་སྨོན།
ཁྲི་སེམས་དཔའ་དང་ངེད་གཉིས་ཕན་ཚུན་ལ་ཆ་རྒྱུས་ཆེན་པོ་མེད་ནའང་ངོ་ཐུག་ཐེངས་རེ་རེར་བར་ཐག་མེད་པར་ཀུ་རེ་རྩེད་རྒྱུ་ནི་གོམས་སྲོལ་ཞིག་ཏུ་ཆགས་ཡོད་པས་གྲོགས་པོ་རྙིང་པ་ཞིག་དང་འདྲ། དེ་བས་རང་གིས་ཀྱང་ཁྲི་སེམས་དཔར་སྐད་འཕྲིན་གྱི་ལམ་ནས་དཔེ་ཆ་གཅིག་གནང་བར་སྐུལ་མ་བྱེད་དུས་ཁོས་དེ་མ་ཐག་པདྨ་རིག་འཛིན་ལ་བསྐུར་ནས་ང་ལ་འཕྲོད་སོང་། དུས་ཚོད་ཀྱི་དབང་གིས་ཉིན་འགར་དཔེ་ཀློག་བྱེད་པའི་ཁོམ་ལོང་མ་བྱུང་ཡང་། 2022ལོའི་ཟླ4པའི་ཚེས4ཉིན་སྟེ་གཟའ་ཟླ་བར«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»ནི་ཇ་ཡུན་ཙམ་དང་དབུགས་ཐེངས་གཅིག་གིས་བཀླགས་པ་ཡིན་ཟེར་ན་ལབ་ཡིན་མོད། གང་ལྟར་གཟའ་ཟླ་བའི་སྔ་དྲོ་ཡོལ་ཙམ་ནས་བལྟས་ཚར་བ་ནི་དོན་གཏམ་ཡིན། སྒྲུང་འབྲིང་འདི་བཀླགས་པའི་གོ་རིམ་གྱི་ཁྲོད་ནས་མྱོང་ཚོར་ཐན་ཐུན་ཞིག་ཀྱང་འབྲི་འདོད་ཀྱི་འདུན་པར་འགོག་ཐབས་བྲལ།
དང་ཐོག«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»མ་བཀླགས་པའི་སྔོན་ལ“དཔྱིད་ཉི་རིང་མོ”ཟེར་བ་ཞིག་ལས“ཆེས་རིང་བའི་མཚན་མོ”ཟེར་བ་ཞིག་གོ་མ་མྱོང་སྟབས། “ཆེས་རིང་བའི་མཚན་མོ”ཞེས་པའི་ཡང་སྙིང་ཅི་ཞིག་ཡིན་པར་བསྟན་ཡོད་པར་ཤེས་འདོད་ཀྱི་འདུན་པ་སྐོམ་པའི་ཆུ་ལྟར་ཡིན། རིམ་བཞིན«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»བཀླགས་པའི་གོ་རིམ་གྱི་ཁྲོད་ནས། “དྲང་མོར་བཤད་ན།ངའི་དྲན་པའི་གཞི་རུ་མོ་བོར་ནས་ལོ་ངོ་མང་བོ་འགོར་སོང་། ཡིན་ནའང། མདོ་དབུས་མཐོ་སྒང་གི་ལྟེབ་ཁུག་འདི་ནས་མོའི་པར་རིས་མཐོང་བ་ན།”ཞེས་པའི་ཚིག་དུམ་འདི་ཡིས་ང་རང་གཉིད་ལས་སད་དུ་བཅུག་སྟེ། རྩོམ་པ་པོས་མཚོ་མོ་དང་བཀྲ་ཤིས་སོགས་མི་སྣ་རེ་འགར་ཚགས་བཙུགས་ཏེ་ས་ཆ་ག་གེ་མོ་ཞིག་ནས་བརྩེ་དུང་དང་འབྲེལ་བའི་གཏམ་རྒྱུད་ཅིག་འཆད་རྒྱུ་ཡིན་པར་སེམས་ཐག་བཅད། “མཚོ་མོ”ཞེས་པའི་ལམ་སྣེ་དེ་དེད་ནས་མུ་མཐུད་དུ་མདུད་ལ་སོང་བ་ན། བཀྲ་ཤིས་ཀྱང་ཆོས་གྲགས་ཀྱི་རླངས་འཁོར་ལ་བསྡད་དེ་ང་དང་མཉམ་དུ“མཚོ་མོའི”ཕྱོགས་སུ་ཤར་ཤར་རྒྱུག་གིན་འདུག སོང་སོང་མཐར“གྲོང་རྡལ་ཆུང་ཆུང”དེའི་“ལྕགས་སྒོ་ཁར་བསྐྱལ་བྱུང་།” གནས་དེར་ཐོན་རག་བར་དུ་བཀྲ་ཤིས་ཀྱིས་མཚོ་མོ་དང་ཁོ་གཉིས་ཀྱི་ཆུང་དུས་ཀྱི་འགྲོ་སྟངས་འདུག་སྟངས་ཏེ“མེ་ཏོག་གི་ཞྭ་མོ”དང“ཉལ་ཉལ”སོགས་ལ་སྟོང་འདང་བརྒྱབ་སྟེ་ར་བཟི་བར་གྱུར་འདུག
“དེ་ནས་མོ་ངའི་འཁྲིས་སུ་འགྱིག་གི་ཨོང་སྟེགས་དམར་པོ་ཞིག་ཡོད་པ་དེའི་སྟེང་དུ་བསྡད་བྱུང་ལ……”ཞེས་པའི་དུམ་ཚན་དེ་ནས་མགོ་བརྩམས་ཏེ། རྩོམ་པ་པོ་དངོས་སུ་མཚོ་མོ་དང་བཀྲ་ཤིས་ཀྱི་འཚོ་བའི་ཟབ་སར་འཛུལ་ཡོད་པ་མ་ཟད། ཀློག་པ་པོའང་ཡུལ་དངོས་རྟོག་ཞིབ་ཏུ་ཕྱིན་པའི་ཞིབ་འཇུག་པ་ནང་བཞིན་བཀྲ་ཤིས་དང་མཚོ་མོ་གཉིས་ཀྱི་ཁ་བརྡར་གཟབ་ཉན་དང་དབྱེ་ཞིབ་བྱས་པ་ཡིན། དེ་ལྟར་མཚོ་མོས་བཀྲ་ཤིས་ལ་ཤ་བཙོས་ཏེ་མགྲོན་བསུ་བྱས་ནའང་། བཀྲ་ཤིས་ནི་མཚོ་མོའི་ཆུང་དུས་ཀྱི་སྐར་ཆེན་ལྟ་བུའི་མིག་ཟུང་ལ་ཧེབ་ཆེན་པོ་ལངས་ཡོད་སྟབས། གློ་བུར་དུ་མཚོ་མོའི་རྒས་ཉམས་དང་ཟ་འགྲམ་གྱི་རྨ་ཤུལ་སོགས་མཐོང་ཡོང་དུས་བཀྲ་ཤིས་ཀྱང་རང་ཉིད་ཀྱི་མིག་ཟུང་ལ་ཡིད་ཆེས་མེད་པར་གྱུར་པ་མ་ཟད། མཚོ་མོས་ཡུགས་སར་བུད་པ་སོགས་ཀྱི་ཁ་བརྡ་མང་པོ་ཞིག་བྱས་རྗེས་བཀྲ་ཤིས་ཡང་ཁ་བགད་རུང་ཁོག་ན་སྡུག་ཅིག་དང་མིག་ཁྲ་རུང་མཐའ་ན་ཆུ་ཞིག་ཡོད་པ་བཤད་མ་དགོས། དེ་བཞིན“ཁྱོད་ཀྱི་བྱ་བ་ནི་པར་ལེན་རྒྱུ་ཡིན་ནམ།”ཞེས་པའི་སྐད་ཆ་དེ་ཡིས་བཀྲ་ཤིས་ཧང་སངས་པར་གྱུར་ཡོད་པ་མ་ཟད། མཚོ་མོའི་སེམས་སུའང་བཀྲ་ཤིས་དམ་པོར་ཉར་ཡོད་པ་ཤེས་ཐུབ།
བཀྲ་ཤིས་ཀྱི་ཨ་མས་མཚོ་མོའི་སེམས་སུ་འགད་རྫས་འཕངས་པ་ལྟ་བུའི་སྐད་ཆ་ཞིག་བཤད་པའི་བརྒྱུད་རིམ་དང་ཞིབ་འབྲིའི་རྣམ་པར་བལྟས་ཡོང་དུས། ལོ་འགའི་སྔོན་ཏེ2017ལོ་ཡིན་པར་སྙམ། དེ་དུས་ང་རང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་སློབ་གཉེར་བྱེད་སྐབས་ཡིན་ལ། ལྷ་སའི་རྩོམ་པ་པོ་གྲགས་ཅན་ཚེ་རིང་ནོར་བུས“ཁོ་ནི་ཆུང་དུས་མགོ་ལ་སྡུག་མང་པོ་ཡོང་མྱོང་བས་སྟབས་ཀྱིས་སེམས་ཁམས་ཧ་ཅང་གཉོམ་པོ་ཡིན་ལ། སྐྱོ་སྡུག་དང་འབྲེལ་བའི་རྩོམ་ཡིག་བྲིས་ཚེ་རང་གི་གཤིས་ཀ་དང་ཤིན་ཏུ་འཚམ་པ་མ་ཟད་རྩོམ་འབྲིའི་བརྗོད་བྱའང་ཕུན་སུམ་ཚོགས་པོ་འདུག”ཟེར་བའི་སྐད་ཆ་དེ་ཡིད་ལ་ཇི་བཞིན་འཁོར་བྱུང་། བརྩམས་ཆོས་ཀྱིས་རྩོམ་པ་པོའི་གཤིས་ཀ་དང་བསམ་བློ་མཚོན་ཐུབ་པས་རྩོམ་པ་པོ་ཁྲི་སེམས་དཔའ་ནི་ཕྱི་བལྟས་ཀྱིས་གཟུགས་བོངས་ཆེ་ཞིང་ངོ་འཁྱགས་ཤིག་ཡིན་སྣང་འཆར་ཡང་། དོན་གྱིས་ཉེ་བར་བཅར་ཚེ་ཁོའང་སེམས་གཤིས་གཉོམ་པོ་ཅན་དེའི་རིགས་ཡིན་པར་ཧ་གོ་ཐུབ། དེ་མ་ཟད“དྭངས་གཙང་གི་གྲམ་ཆུ་འཁྱག་རོམ་གྱི་སྦུབས་སུ་ཚུད་དེ་ཤུགས་རིང་འབྱིན་པ་དང་། འོམ་བུ་དང་གླ་ཚེར་སོགས་ཀྱི་ལྗོན་ཤིང་གི་ཚོགས་རྣམས་སྐྱ་ཤུར་ཤུར་ངང་ཨུ་ཤུ་འདེབས།”ཞེས་པའི་སེམས་མེད་རབ་རྟོགས་ཀྱི་འབྲི་ཐབས་སྤྱད་དེ་ཁོར་ཡུག་དང་སྐྱོ་སྡུག་གི་སེམས་ཁམས་ཞིབ་འབྲི་བྱས་པ་གནད་དུ་འཁེལ་ཡོད་པས། ཀློག་པ་པོའང་སྐྱོ་སྣང་གི་རླུང་བུ་དེ་ཡིས་ཤུགས་ཀྱིས་དེད་དེ“ས་ཡོམ”བཞིན་ཡང་ཡང་སྒུལ་བར་བྱས།བཀྲ་ཤིས་དང་མཚོ་མོ་སྡེ་འདབས་ཀྱི་སྡོང་རར་འཕྲད་དུས། མཚོ་མོས“ངས་སློབ་མཚམས་འཇོག་རྒྱུ”ཟེར་དུས་བཀྲ་ཤིས་ཀྱི་སེམས་ཁམས་བཤད་མ་དགོས། ཀློག་པ་པོའི་སྙིང་དབུས་སུའང་གློ་བུར་དུ་གར་ཡོང་མི་ཤེས་པའི་ཙག་ཤེད་ཐོག་རྒོད་འདྲ་བ་ཅིག་བརྒྱབ་སྟེ་རེ་ཞིག་འགུལ་མེད་དུ་བཏང་།
“ཨར་འདམ་གྱི་ཁང་བའི་ནང་དུ་རྒྱན་སྤྲས་ཅི་ཡང་བྱས་མི་འདུག དཀར་ཤ་ལེར་མངོན་པའི་རྩིག་ལྡེབས་སུ་གཙོ་འཛིན་ཞི་ཅིན་ཕིང་གི་སྐུ་པར་ཞིག་བཀལ་ཡོད།” “ཁང་བའི་ཡར་སྒྱེད་ཀྱི་ཆ་སྒམ་འགྲམ་དུ་ཆུ་ཐིགས་ཟགས་པའི་ཐག་སྒྲ་གྲག་འོངས།” “དབྱར་རྩྭ་བརྐོས་ཟེར་བ་ཡང་དོན་དུ་དབྱར་རྩྭ་བརྐུས་ནས་བརྐོས་པ་ཡིན།”བཅས་ཀྱི་སྐད་ཆ་དེ་དག་གིས་མཚོ་མོའི་ཁྱིམ་ཚང་གི་ཆ་རྐྱེན་དང་གནས་བབ་སོགས་ཁ་གསལ་གོ་བདེ་ཡི་ལམ་ནས་ར་སྤྲོད་བྱས་འདུག
བཀྲ་ཤིས་ནམ་རྒྱུན་མཚོ་མོའི་རྒྱབ་གཟུགས་དང་སྐྲ་ལོར་འཁྲེང་སེམས་ཆེ་བ་དང་། “ང་མྱུར་མོར་བྲག་འདབས་སུ་ཉལ་ནས་གཉིད་ཁུལ་བྱས་པ་ཡིན།” “སྐབས་དེར་ང་ལ་གློ་བུར་དུ་དགོད་རྒྱུ་ཞིག་གིས་མ་བཟོད་པར་ཤེད་ཀྱིས་བགད་པ་ན།”ཞེས་པའི་མིག་ཅན་གྱིས་གཟུགས་ཅན་ལ་བལྟས་པ་ལྟ་བུའི་མི་སྣའི་སྣང་བརྙན་ཞིབ་འབྲི་བྱས་པར་གསོན་ཉམས་ལྡན་པ་མ་ཟད། ཕན་ཚུན་ལ་ལྷག་བསམ་དཀར་བ་དང་བརྩེ་འདང་ཟབ་པའང་མཚོན་ཐུབ། ཀློག་པ་པོར་མཚོན་ན་ཡང་རྩོམ་པ་པོས་ཁྲིད་དེ་མཚོ་མོ་དང་མཉམ་འགྲོ་མཉམ་འདུག་བྱེད་ཀྱིན་ཡོད་པས་མཚོ་མོ་ངུ་དུས་ཀློག་པ་པོའང་ངུས་པ་ཡིན་ལ་མཚོ་མོ་དགོད་དུས་ཀློག་པ་པོའང་བགད་པ་ཡིན། འདི་ནི་རྩོམ་པ་པོའི་སྨྱུག་རྩེར་བྱིན་རླབས་ངེས་ཅན་ཞིག་ཡོད་པས་ལོས་ཡིན།
མཚོ་མོའི་བུ་ཆེ་བའི“སྨིན་མའི་ཟུར་མཚམས་སུ་སྨེ་བ་ནག་པོ་ཞིག་འདུག་པས། ངས་བསམ་བཞིན་མ་ཡིན་པར་རང་གི་སྨིན་མའི་ཟུར་མཚམས་ཀྱི་སྨེ་བར་རེག་ཙམ་བྱེད་དགོས་བྱུང་།”ཞེས་པའི་སྨིན་མཚམས་ཀྱི་སྨེ་བ་དེ་ནི་མཚོ་མོ་དང་བཀྲ་ཤིས་གཉིས་ཀྱིས་ལོ་བཅུ་བདུན་གྱི་སྔོན་ལ“གྲོ་ཞིང་ཁར”ཐོག་མར་བཏབ་པའི་བརྩེ་འདང་གི་ས་བོན་སྟེ་ཁོ་གཉིས་མ་གཏོགས་གཞན་སུས་ཀྱང་མི་ཤེས་པའི་གབ་ཚིག་དེའི་གབ་ལན་ཡིན།
གཞན་བརྩམས་སྒྲུང་ཁྲོད་ཀྱི་གྲོ་ཞིང་ཁ་དང་བ་མོ། སྡོང་ར། གྲམ་གཞུང་། ར་རྫི། རྡོ་རིལ་། ཆུ་ཀུབ། ཞིང་སྨན། སྒོ་ང་གཏོང་མི་ཤེས་པའི་བྱ་མོ། ལ་ཕུག་རྙིད་པ་སོགས་ཀྱིས་མཚོན་པའི་ཐ་སྙད་དང་དཔེ་འགོད་དེ་དག་གིས་མཚོ་མོ་དང་བཀྲ་ཤིས། འབྲུག་ལྷ། རྡོ་རྗེ། སྒྲོལ་མ་ཕག་མ་སོགས་ནི་རོང་པ་དང་རོང་མོ་ཁོ་ན་ཡིན་པ་ཡང་ཟློས་བསྐྱར་ཟློས་ཀྱིས་གསལ་བཤད་བྱེད་ཀྱིན་འདུགའོན་ཀྱང་། ཀླུ་བྷ་ཞེས་པའི་གཅེས་མིང་དེ་ནི་དམིགས་བསལ་བ་ཞིག་ཡིན། གཅེས་མིང་དེ་ཡིས་ཀླུ་བྷ་ནི་སྟོད་ཕྱོགས་ཀྱི་འབྲོག་པ་ཞིག་ཡིན་པ་ཐག་ཆོད་རེད། འབྲོག་པ་རྣམས་ཀྱིས་དངོས་མིང་ནས་མི་འབོད་པར་གཅེས་མིང་ནས་འབོད་པར་ཤིན་ཏུ་དགའ་ནི་འབྲོག་པ་ཁ་ཡག་ཡིན་པས་མིན་ལ་ཁ་བདེ་ཡིན་པས་དེ་བས་ཀྱང་མིན། དེ་ནི་འབྲོག་པས་མིང་འབོད་སྟངས་ཀྱི་གོམས་སྲོལ་ཞིག་རེད། དཔེར་ན། སྒྲོལ་མའི་མིང་ལ་གཅེས་མིང་བཏགས་ཏེ་སྒྲོལ་བྷ་དང་སྒྲོལ་བྷེ། སྒྲོལ་ཁོ། སྒྲོལ་ལོག་ཟེར་བ་དང་། ཀླུ་ཐར་འབུམ་ཟེར་བ་ཞིག་མཚོན་ན་ཀླུ་བྷ་དང་ཀླུ་བྷེ། ཀླུ་ཁོ་སོགས་ཀྱི་གཅེས་མིང་འདོགས་སྲོལ་ཡོད་པས། རྩོམ་པ་པོས་ཀྱང་འབྲོག་པ་ཀླུ་ཐར་འབུམ་ནམ་ཀླུ་རྒྱལ་ཚེ་རིང་ཞེས་ཐད་ཀར་མིང་ནས་མ་བཟུང་བར་འབྲོག་པའི་གཅེས་མིང་འབོད་སྟངས་ཀྱི་ཁྱད་ཆོས་དེ་དམིགས་སུ་བཟུང་ཡོད་པས་ཧ་ཅང་ཞིབ་ཚགས་ལྡན།མཚོ་མོའི་ཁོར་ཡུག་ཏུ་མྱི་ཁ་དང་ཡུགས་ས་སོགས་སྡུག་བསྔལ་རྐྱང་རྐྱང་གི་ཁ་བ་ནག་པོ་བསྟུན་མར་འབབ་བཞིན་ཡོད་པས། མོ་འུ་ཐུག་ཐབས་ཟད་ཀྱིས“འཇིག་རྟེན་གྱི་རི་རབ་ལས་ལྕི་བའི་སྡུག་བསྔལ་དང་མནར་གཅོད་ཀྱི་མདུན་དུ་རང་སྲོག་གཅོད་པ་ནི་ཐར་བ་ཞིག་ཡིན་ངེས།”ཞེས་པའི་སེམས་ཐག་བཅད་པ་དང་། དེ་ནས་“གཙོ་བོ་བུ་ཆུང་བ་སྟེ་ད་དུང་བཅའ་སྡོད་སློབ་གྲྭར་འགྲོ་བཞིན་ཡོད་པས། དེ་ནི་སེམས་པ་ཐོགས་ས་ཞིག་སྟེ། གུང་གསེང་སྐབས་སུ་ཁོ་གང་དུ་འགྲོ། ང་ནི་ཁོའི་ཨ་མ་ཡིན་ལ། ང་ནི་ཁོའི་ཁྱིམ་གཞིས་ཀྱང་ཡིན།” “མོའི་རྣ་ལམ་དུ་འབྲུག་སྒྲ་སྐག་སྐག་ཏུ་གྲག་པ་དང་ཆར་བ་ཤག་ཤག་ཏུ་འབབ་པའི་སྒྲ་ཁོ་ན་རྒྱུ་ཡོང་།” «ཆགས་མེད་རི་ཆོས»ལས། “རི་བོ་སྟོང་ཉིལ་རྒྱ་མཚོ་སྟོང་འཁྲུགས་སྒྲ། །ནགས་ཆེན་མེ་མཆེད་སྒྲ་དང་རླུང་ཆེན་སྒྲ། །འཇིགས་པའི་སྒྲ་བཞི་ཡ་ངའི་འཕྲང་བརྒྱད་འཆར། །”ཞེས་པ་ལྟར། རླབས་ཆེན་གྱི་ཨ་མ་ཞིག་གིས་བར་དོའི་འཕྲང་རིང་འགྲིམ་པའི་འཇིགས་སྣང་ལ་ཅི་མི་སྙམ་པར་གདོང་གཏོད་ཕོད་པའི་སྙིང་སྟོབས་ལྡན་ནའང་། རང་གི་བུ་ཡི་ཆེད་དུ་མཆི་མ་དབང་མེད་དུ་བརྡོལ་དགོས་པའི་བྱམས་སེམས་ཀྱི་རང་བཞིན་བསྟན་ཡོད།
ཀློག་པ་པོས་མཚོ་མོའི་གཏམ་རྒྱུད་ཀྱི་ལམ་སྣེ་དེད་ནས་འགྲོ་དུས། མཁས་དབང་དགེ་ཆོས་ཀྱིས། འབྱོར་ཚེ་ཉེ་བའི་དྲུང་ན་ཞུམ་ཞུམ་དུ་འགྲོ་ཞིང་། །རྒུད་ཚེ་ཐག་རིང་ཡུལ་ནས་མཛུབ་ཀེར་གྱིས་འཕྱ་བ། །དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ། །བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་བྱུང་། །ཞེས་པའི་ཤོ་ལོ་ཀ་དེ་དང་མྱང་ཚ་དཀར་རྒྱན་གྱིས་དཀའ་ལས་མྱངས་པའི་ལོ་རྒྱུས་སོགས་གློ་བུར་དུ་ཡིད་ལ་ཝ་ལེ་ཝ་ལེར་གཅིག་རྗེས་གཉིས་མཐུད་ཀྱིས་འཁོར་བྱུང་། དེ་བཞིན་མཚོ་མོས“ངས་ཀྱང་དེ་ལྟ་བུ་ཞིག་མགོར་འོང་རྒྱུ་ཡོད་པར་འདང་རྒྱབ་མྱོང་མོད། དེ་འདྲའི་མགྱོགས་པ་ཞིག་ཡིན་པ་སེམས་ཀྱི་དགུ་ལའང་མ་འཁོར།”ཞེས་པ་དང་། རིག་འཛིན་ཚངས་དབྱངས་རྒྱ་མཚོས“ཉི་མ་འདི་ལྟ་བུ་ཞིག་ཡོད་པ་ངས་ཤེས་ཡོད་མོད། འོན་ཏེ་ཡོང་བ་འདི་ལྟ་བུའི་མགྱོགས་ཤིང་གློ་བུར་བ་ཞིག་ཡིན་པ་ཡིད་ལ་ཡང་མ་ཤར།”ཞེས་པའི་དུས་སྐབས་ཀྱི་དྲན་ཚུལ་ནི་ཅི་འདྲའི་སྐྱོ་སྣང་ཆེ་བ་ཞིག་དང་འུ་ཐུག་ཐབས་ཟད་ཅིག་རེད་ཨང་།
སྒྲུང་འབྲིང་འདིའི་མགོ་མཇུག་བར་གསུམ་གང་ལ་བལྟས་ཀྱང་། འཚོ་བའི་རྨང་གཞི་དང་ཉམས་མྱོང་། མཐོང་ཐོས། རིག་གནས་ཀྱི་ཆུ་ཚད། རྩོམ་འབྲིའི་བློ་སྦྱོང་། འཆར་སྣང་། རྩོམ་རྩལ། བརྗོད་བྱ་རྗོད་བྱེད། ཡང་ཡང་ཞུ་དག་བྱས་པའི་སྙིང་རུས། སྒྲིག་གཞི་སོགས་ཕུན་སུམ་ཚོགས་ཤིང་། ལྷག་པར་དུ་རྩོམ་པ་པོས་ཚིག་འབྲུ་རེ་རེ་གང་འདོད་ཀྱིས་ར་མགོ་ལུག་སྦྱར་དང་རྡོ་ཆག་བཙན་སྒྲིག་མ་བྱས་པར་ཞིབ་ཚགས་ལྡན་པའི་སྒོ་ནས་འཕྲུལ་འཁོར་གྱི་ལྷུ་ལག་བཞིན་གཟབ་ནན་གྱིས་འཕལ་འཕྲོད་པར་བྱས་ཡོད་པ་མ་ཟད། རྟོག་བཟོ་དང་འཆར་སྣང་རྐྱང་བར་མ་བརྟེན་པར་ཉམས་མྱོང་ཅན་གྱི་རྒན་པོ་ཞིག་གིས་དངོས་བྱུང་འཚོ་བའི་གཏམ་རྒྱུད་ཅིག་གཟབ་ནན་གྱིས་འཆད་པ་དང་ཀུན་ནས་མཚུངས་པས། ཡིད་སེམས་དབང་མེད་དུ་འགུག་ཐུབ་པའི་ཁྱད་ཆོས་ལྡན།
“རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་ལ་བསྒུགས་ནས་ཁ་ཉི་མར་ལྡེ་མཁན་ཡང་ཇེ་མང་ནས་ཇེ་མང་དུ་གྱུར……”ཞེས་པའི་མཚམས་འདིར་ཐོན་དུས། ཀློག་པ་པོའི་སེམས་སུའང་འབྲོག་དམངས་གཏན་སྡོད་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་དྲན་འོངས་བ་མ་ཟད། རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི«ཝ་ནག་ལུང་བ»ཡང་ཡིད་ལ་ལྟིག་སེར་ལྷུང་ཡོང་། དང་ཐོག་འབྲོག་པ་རྣམས་གྲོང་ཁྱེར་དུ་གནས་སྤོར་བྱེད་དུས་སྤྱི་ཕན་རང་བཞིན་གྱི་ལས་རྐང་ཟེར་བའི་སྒོ་སྲུང་དང་སྲང་ཕྱགས། ཟ་ཁང་མགྲོན་ཁང་གི་ཞབས་ཞུ་བ། རླངས་འཁོར་གྱི་འདུག་གནས་སྲུང་བ། སྤྱོད་ཁང་སྲུང་བ། སློབ་གྲྭའི་ཇ་མ་བྱེད་པ་སོགས་ཞོར་ལས་ཙག་ཙིག་དེ་ནི་ངོ་ཚ་ཆེན་པོ་ཞིག་ཏུ་བསམས་ནས་སྒྲུབ་མཁན་ཤིན་ཏུ་དཀོན་མོད། ལོ་རེ་འགའ་འགོར་ནས་འཚོ་བར་འགྱུར་ལྡོག་བྱུང་དུས་ལས་གནས་དེར་རྩོད་པ་རྒྱག་མཁན་དང་འཚང་ཁ་རྒྱག་མཁན་ནི་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བ་དང་། ད་དུང“དེ་སྔ་ཀླུ་བྷ་དང་པད་མཚོ་གཉིས་ཀྱིས་ཆང་ཁང་ཞིག་ཏུ་ངོ་ཤེས་ཤིང་། ཕན་ཚུན་སྐད་འཕྲིན་བསྣན་ནས་ལྐོག་ནས་ཐེངས་འགར་འཕྲད་མྱོང་།”ཞེས་པ་ལྟར། འབྲོག་པའི་ལག་ཏུ་སྐད་འཕྲིན་ཤོར་བ་ནི་སྨྱོན་པའི་ལག་ཏུ་རལ་གྲི་ཤོར་བ་དང་ཀུན་ནས་མཚུངས་པས། བཟའ་འཐོར་དང་སྟོང་འཇལ་བ་སོགས་ནམ་ཡང་རྫོགས་མཐའ་མེད་པའི་གྱོད་སྣ་ཁ་མཆུ་དང་། འབྲོག་པའི་འཆར་གཞི་མེད་པ་དང་ཕུགས་མི་རིང་བའི་བཅའ་སྲོལ་ལས་སྲོལ་དེ་ཡིད་ལ་དྲན་པ་དང་མཉམ་དུ་བདེ་སྐྱིད་སྡེ་གསར་གྱི་མཚོ་མོ་དང་ཀླུ་བྷ་སོགས་འབྲོག་པ་མང་པོ་ཞིག་གི་མ་འོངས་པའི་འཚོ་བའང་མིག་བཙུམས་ཀྱང་དྲན་པའི་རྩིག་ལྡེབས་སུ་གསལ་ལེར་མངོན་ཐུབ།
ཀློག་པ་པོས་མཚོ་མོས་ནམ་གང་བོར་བཤད་པའི་སྐྱོ་སྡུག་གི་གཏམ་རྒྱུད་ལ་ཉན་ཏེ་བཀྲ་ཤིས་དང་མཚོ་གཉིས་ཀྱིས་སོ་སོར་བདེ་མོ་འཇོག་རན་དུས། ཆུང་མས“དྲོས་ཇ་འཐུང”ཟེར་བའི་སྐད་ཆ་དེ་ཡིས་ང་རང་ཧད་སེ་བཏང་སོང་བའང་རྩོམ་པ་པོའི་ནུས་མཐུ་ཞིག་ཡིན་པ་འདྲ། དེ་ལྟར་ཀློག་པ་པོས། མཚོ་མོ། སྐྱིད་ལ་མ་སྨོན། སྡུག་ལ་མ་འཆལ། སྐྱིད་དུས་མགོ་འཕངས་མ་མཐོ། སྡུག་དུས་སེམས་དཔངས་མ་སྨད། སྤྱིར་ན་མི་རྙིང་པ་སྲལ། གོས་གསར་པ་སྲལ་ཟེར་མོད། མཚོ་མོ་ཁྱོད་ལ་དངོས་གནས་ཁག་མི་འདུག རང་ལ་མེད་ན་གཞན་མེད་ཟེར་བ་རེད། མ་འོངས་པ་ན་ཁྱོད་དང་ཁྱོད་ལྟ་བུའི་མཚོ་མོ་མང་པོ་ཞིག་གི་འཚོ་བར་བདེ་སྐྱིད་ལྡན་པར་སྨོན་ཟེར་བའི་གོ་རིམ་མེད་པའི་སྐད་ཆ་མང་པོ་ཞིག་ཡིད་ལ་དྲན་བཞིན། བཀྲ་ཤིས་བཞིན་ལྗིད་ཏིག་ཏིག་གི་གོམ་ཁ་ཟས་ཀྱི་ཕྱོགས་སུ་སྒྱུར་དུས་འཁྲེང་ཞེན་གྱི་རླུང་བུ་བཙན་པོས་ཡང་བསྐྱར“ས་ཡོམ”བཞིན་ཡོམ་ཡོམ་དུ་བསྒུལ་བྱུང་། བཀྲ་ཤིས་ཀྱིས་ཀྱང་རང་དབང་མེད་པར་ཁ་ཕྱིར་འཁོར་ནས“མཚོ་མོར”ཕྱིར་ལྟ་ཞིག་བྱེད་དུས། ཁ་གཡང་དང་སྨོན་ལམ་ཙམ་གྱི་མིང་སྙན་མོ་ཞིག་ཁུར་བའི་ཕྱི་མཛེས་ནང་སྟོང་གི“བདེ་སྐྱིད་སྡེ་གསར”ཡང་“ས་ཡོམ”གྱིས་ཡོམ་ཡོམ་བསྒུལ་བྱུང་བས། གློ་བུར་དུ་ཝུན་ཁྲོན་ས་འགུལ་དང་ཡུལ་ཤུལ་ས་འགུལ་གྱི་གདུག་རྩུབ་མི་དྲན་རང་དབང་ཅི།
མདོར་ན། རྩོམ་པ་པོ་ཁྲི་སེམས་དཔར་བཀའ་དྲིན་ཆེ། «མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»བཀླགས་པའི་གོ་རིམ་གྱི་ཁྲོད་ནས་དགའ་སྐྱོ་འདྲེས་མའི་ཚོར་བ་ཙམ་རྙེད་པ་མ་ཡིན་པར། དོན་དང་མཐུན་པའི་གནས་ལུགས་མང་པོ་ཞིག་གི་མཐོང་སྣེ་བསྟན་ཡོད་མ་ཟད། ཏག་ཏག་ཐེར་འདོན་བྱེད་དགོས་སར་རྣག་ཐོག་ཁབ་གཙག་བྱས་ཡོད་པས། ཀློག་པ་པོ་དག་གིས་ངེས་པར་ཀློག་དགོས་ཤིང་ཀློག་རིན་ཡོད་པའི་དེབ་ཅིག་རེད་སྙམ་བྱུང་། དེ་བས«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»ཡིས“མཚོ་མོ”དང་སྒྲོལ་མ། ལྷ་མོ་སོགས་གངས་ཅན་པའི་བུ་མོ་མང་པོ་ཞིག་གི་ཕམ་ཁ་དང་སྐྱོ་སྡུག་གི་མཚན་མོ་འོད་གསལ་བར་བྱས་ཏེ་གནས་ཡུལ་དང་རང་ཡུལ་གང་ནས་བསྡད་ཀྱང་བདེ་སྐྱིད་ལྡན་པའི་ཐར་བའི་གོ་འཕང་དེ་ཐོབ་ཐུབ་པར་སྨོན།
༢༠༢༢.༤.༨ཉིན་བྲག་དཀར་རྫོང་ནས་བྲིས།
ལོ་བ་ཆོས་འཕེལ། དངོས་མིང་ལ་མདོ་སྔགས་ཆོས་འཕེལ་དུ་འབོད། 1982ལོར་མཚོ་ལྷོ་བྲག་དཀར་རྫོང་ལོ་བ་སྡེ་བར་སྐྱེས། 2007ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་དངོས་གཞི་སློབ་མཐར་ཕྱིན། 2017ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་རམས་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། སྔ་ཕྱིར་དཔྱད་རྩོམ«མདོ་སྨད་ཀྱི་དགེ་ལུགས་པའི་དགོན་སྡེ་སྔ་ཤོས་ཧང་ངེ་བྱ་མདོ་དགོན་ཆེན་གྱི་ལོ་རྒྱུས་དང་གནས་བབ་ལ་ཐོག་མར་དཔྱད་པ།» «སྔགས་ས་དགེ་བཤེས་ཀྱི་མགུར་མར་དཔྱད་པ།» «རྒྱ་བོད་ལོ་ཙཱ་དང་འབྲེལ་བའི་སྐོར་རགས་ཙམ་གླེང་བ།» «བོད་ཀྱི་དམངས་སྲོལ་ལས་བྱུང་བའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ཀྱི་བསམ་བློའི་འདུ་ཤེས་ལ་དཔྱད་པ།» «སྙན་ངག་གསར་བ་དང་འབྲེལ་བའི་དཔྱད་བརྗོད།»སོགས«ཀྲུང་གོའི་བོད་རིག་པ»གཙོ་བྱས་པའི་རིག་གཞུང་དུས་དེབ་ཁག་ཏུ་སྤེལ།
གཞན་སྙན་ངག ལྷུག་རྩོམ། བརྩམས་སྒྲུང་། བསྒྱུར་རྩོམ་སོགས་བརྩམས་ཆོས་བརྒྱ་ལྷག«སྦྲང་ཆར»དང«མི་རིགས་ཀྱི་རྩོམ་རིག» «གངས་ལྗོངས་རིག་གནས།» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།» «གངས་རྒྱན་མེ་ཏོག» «མཚོ་སྔོན་བོད་ཡིག་གསར་འགྱུར»སོགས་དུས་དེབ་དང་ཚགས་པར་ཏུ་སྤེལ། དེ་དག་ལས་བརྩམས་ཆོས་རེ་གཉིས་ལ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་མྱོང་། ད་ལྟ་བྲག་དཀར་རྫོང་བོད་སྐད་ཡིག་བྱ་བའི་ལྟེ་གནས་སུ་རྒྱ་བོད་ལོ་ཙཱ་དང་ས་གནས་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མུས་ཡོད།
འབྲེལ་ཡོད་འོས་སྦྱོར།