དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ་བཞུགས་སོ། །(སྟོད་ཆ།)
རྩོམ་པ་པོ།:རྗེ་ཤེས་རབ་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-05-31
ཀློག་གྲངས།:
༄༅། །ན་མོ་སཾ་དྷརྨཱ་ཡ།
༈ ཐོག་མར་རྣམ་ཐར་ཆོས་འབྱུང་དེབ་ཐེར་སོགས་ཀྱི་སྐོར་ལ། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལ་དཔང་ལོའི་མཆན། སོ་སྟོན་འཇིགས་མེད་གྲགས་པའི་ནག་མཆན། ལྷ་འཇིག་རྟེན་དབང་ཕྱུག་གི་དམར་མཆན། འཁྲི་ཤིང་མེ་ཏོག་ཚིགས་བཅད་མ། འཁྲི་ཤིང་གི་གཏམ་རྒྱུད་དཔག་བསམ་འབྲས་བུ། སྣ་ནམ་གྱི་བཙུན་པ་སྐལ་བཟང་ཆོས་ཀྱི་རྒྱ་མཚོ་བསོད་ནམས་དབང་པོས་མཛད་པའི་སངས་རྒྱས་ཀྱི་རྣམ་ཐར་བདེ་བར་གཤེགས་པའི་སྤྱོད་པ་མཆོག་གི་གཏེར་ཞེས་བྱ་བ་ཆག་ལོ་རིན་ཆེན་ཆོས་རྒྱལ་གྱིས་བསྐུལ་ནས་མཛད་པ། སྟོན་པའི་རྣམ་ཐར་ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོས་མཛད་པ། བྲག་སྒོ་རབ་འབྱམས་པའི་སངས་རྒྱས་ཀྱི་རྣམ་ཐར་རྒྱས་པ། སངས་རྒྱས་ཉན་ཐོས་བཅས་ཀྱི་རྣམ་ཐར་དགེ་ཡེ་བ་ཚུལ་ཁྲིམས་སེང་གེས་མཛད་པ། བཅོམ་ལྡན་རིགས་རལ་གྱི་སྟོན་པའི་རྣམ་ཐར་རྒྱན་གྱི་མེ་ཏོག། བོད་མཁས་པ་མི་ཕམ་དགེ་ལེགས་ཀྱི་སྟོན་པའི་རྣམ་ཐར། བཀའ་བློན་མདོ་མཁར་བ་ཚེ་རིང་དབང་རྒྱལ་ཀྱིས་བསྒྲིགས་པའི་སྟོན་པའི་རྣམ་ཐར། སྟོན་པའི་མཛད་པ་བཅུ་གཉིས་ཀྱི་རྟོགས་བརྗོད་ཞྭ་དམར་གར་དབང་ཆོས་ཀྱི་དབང་ཕྱུག་གིས་མཛད་པ། ཆག་ལོའི་གནས་བཅུའི་རྟོགས་བརྗོད། སྣར་ཐང་པའི་གནས་བཅུའི་རྟོགས་བརྗོད། མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོའི་གནས་བཅུའི་རྟོགས་བརྗོད། སྡིངས་པོ་ཆེ་སྤྲུལ་སྐུ་ངག་དབང་སྙན་གྲགས་ཀྱི་གནས་བཅུའི་རྟོགས་བརྗོད། ཏཱ་ར་ནཱ་ཐའི་སྟོན་པའི་རྣམ་ཐར་ཇོ་ནང་མཛད་བརྒྱར་གྲགས་པ།
ཡར་ལུང་ཇོ་བོའི་ཆོས་འབྱུང་། ནེལ་པ་པཎྚི་ཏ་གྲགས་པ་སྨོན་ལམ་ཚུལ་ཁྲིམས་ཀྱི་ཆོས་འབྱུང་། སངས་རྒྱས་དཔོན་སྟོན་གྱི་སློབ་མ་ཞོག་མཚོ་མའི་ཆོས་འབྱུང་། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁའ་པའི་དགའ་སྟོན། འབྲུག་པ་པད་དཀར་རམ་སྤྲུལ་སྐུ་ངག་དབང་ནོར་བུའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཀམ་ཀམ་གྱི་གདན་ས་པ་དོན་གྲུབ་དཔལ་བའི་ཆོས་འབྱུང་བསྟན་པ་རིན་པོ་ཆེའི་གསལ་བྱེད། མཁས་པ་ནོར་བུ་བཟང་པོའི་ཆོས་འབྱུང་། ཞང་ཞུང་བཤེས་གཉེན་དཔལ་འབྱོར་བཟང་པོའི་ཆོས་འབྱུང་། སྟག་ལུང་ངག་དབང་རྣམ་རྒྱལ་གྱི་ཆོས་འབྱུང་ངོ་མཚར་རྒྱ་མཚོ། དགེ་བསྙེན་རྡོ་རྗེ་མགོན་པོའི་ཆོས་འབྱུང་། ལི་ཐང་མཁན་ཆེན་བློ་བཟང་ཆོས་གྲགས་ཀྱི་ཆོས་འབྱུང་། ཚལ་བ་སི་ཏུ་དགེ་བའི་བློ་གྲོས་ཀྱི་དེབ་དམར། སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོའི་བསྟན་པ་སྤྱིའི་རྣམ་གཞག། བཀའ་འགྱུར་གྱི་དཀར་ཆག་འཕང་ཐང་མ། ལྷན་དཀར་མ། སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱི་ཆོས་འབྱུང་མིག་འབྱེད་འོད་སྟོང་། འཇའ་མོ་དགེ་སློང་གི་བསྟན་པ་སྤྱིའི་ཆོས་འབྱུང་། དབུས་བ་བློ་གསལ་གྱི་ཆོས་འབྱུང་དང་། བཀའ་བསྟན་གྱི་དཀར་ཆག། བཅོམ་ལྡན་རིགས་རལ་གྱི་བཀའ་འགྱུར་དཀར་ཆག་ཉི་མའི་འོད་ཟེར། དེའི་དཀའ་བསྟན་དཀར་ཆག་བསྟན་པ་རྒྱས་པ། པཎ་ཆེན་ཡེ་ཤེས་རྩེ་མོའི་བཀའ་གདམས་ཆོས་འབྱུང་། པཎ་ཆེན་བསོད་གྲགས་པའི་བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། ལས་ཆེན་ཀུན་རྒྱལ་བའི་བཀའ་གདམས་ཆོས་འབྱུང་། བསོད་ནམས་ལྷ་དབང་གི་བཀའ་གདམས་ཆོས་འབྱུང་། སྟག་ལུང་བྲག་པའི་དགའ་ལྡན་གྱི་གདན་རབས། མཁར་ནག་ལོ་ཙཱ་བའི་དགའ་ལྡན་ཆོས་འབྱུང་། ཀྲི་མི་ཉག་རྡོ་རྗེ་བཟང་པོའི་སྤྲུལ་སྐུ་ཆོས་རྗེ་སྐུ་སྐྱེར་གྲགས་པ་ཚེ་རིང་མགོན་པོའི་དགའ་ལྡན་ཆོས་འབྱུང་བསྡུས་པ་དང་གསང་སྔགས་མཁར་གྱི་ལོ་རྒྱུས།
གུང་རུ་རྒྱལ་མཚན་བཟང་བོའི་རྟོགས་བརྗོད་འདུན་ལེགས་མའི་ཊིཀྐ། ཟང་ཟང་ནེ་རིང་བ་འཆི་མེད་རབ་རྒྱས་ཀྱི་རྗེ་ཙོང་ཁ་བའི་རྣམ་ཐར་གསེར་གྱི་མཆོད་སྡོང་དང་། དེའི་ཁ་སྐོང་གསེར་གྱི་མྱུ་གུ། མཁས་བཙུན་བཟང་གསུམ་གྱི་བསྟོད་པ། འཆད་རྩོད་རྩོམ་གསུམ་གྱི་བསྟོད་པ། ལེགས་བཟང་བ། ཇོ་གདན་བསོད་ནམས་ལྷུན་གྲུབ། གནས་རྙིང་ཀུན་དགའ་བདེ་ལེགས། ཀུ་ཅོར་རྟོགས་ལྡན། བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱལ་མཚན། མངའ་རིས་པ་ངག་དབང་འཇམ་དབྱངས་ཉི་མ་བསྟན་པའི་རྒྱལ་མཚན། ཆོས་རྒྱན་གྱི་སློབ་མ་སྨར་ཁམས་འོད་ཟེར། བླ་མ་དཀོན་མཆོག་རྒྱལ་མཚན་རྣམས་ཀྱིས་མཛད་པའི་རྗེའི་རྣམ་ཐར། རྟ་ཚག་རྗེ་དྲུང་ངག་དབང་ཆོས་ཀྱི་དབང་ཕྱུག་གི་རྗེའི་རྣམ་ཐར་ངོ་མཚར་བའི་གཏམ་བརྒྱད་དང་བརྒྱད་པ། གསེར་ཁང་ཆོས་རྗེ་གུ་ན་མ་ཏིའི་རྗེའི་རྣམ་ཐར་ལུང་རིགས་རྒྱ་མཚོ། རྗེའི་རྟོགས་བརྗོད་ཐུབ་བསྟན་རིན་པོ་ཆེའི་རྒྱན་མེ་ཏོག་ཆུན་པོ་ལེའུ་ཞེ་གཅིག་ཡོད་པར་རོད་ངག་དབང་ཆོས་གྲགས་རྒྱ་མཚོ་དཀོན་མཆོག་གྲུབ་པའི་སྡེས་མཛད་པ། ཀུན་མཁྱེན་བར་པས་ལུང་དྲངས་པར་དཔག་བསམ་འཁྲི་ཤིང་ཞེས་ཡོད། བྲག་གཡབ་བློ་བཟང་བསྟན་པའམ་ངག་དབང་དགེ་ལེགས་དཔལ་བཟང་གི་རྗེའི་རྣམ་ཐར་ལེགས་བཤད་ཉིན་མོར་བྱེད་པ་དང་། རྒྱལ་ཚབ་མཁས་གྲུབ་གཉིས་ཀྱི་རྣམ་ཐར།
ཆོས་ལྡན་རབ་འབྱོར། སེ་ར་རྗེ་བཙུན་པ། བདེ་ལེགས་ཉི་མ་རྣམས་ཀྱི་མཛད་པའི་མཁས་གྲུབ་རྗེའི་རྣམ་ཐར། བ་སོ་ཆོས་རྒྱན་གྱི་རྣམ་ཐར་འབྲོང་རྩེ་ལྷ་བཙུན་གྱིས་མཛད་པ། དྲུང་པ་རྒྱལ་ཚབ་པ་དང་། དྭགས་རམ་པ་བློ་བཟང་ཆོས་གྲགས་ཀྱི་ལམ་རིམ་བླ་བརྒྱུད་ཀྱི་རྣམ་ཐར། བློ་གྲོས་རིན་ཆེན་སེང་གེ་དང་། གཙང་སྟོན་ཀུན་དགའ་རྒྱལ་མཚན་གཉིས་ཀྱི་འཇམ་དབྱངས་ཆོས་རྗེའི་རྣམ་ཐར། བྱ་བྲལ་ལྷ་དབང་རྒྱ་མཚོའི་པཎ་ཆེན་བསོད་གྲགས་པའི་རྣམ་ཐར་ངོ་མཚར་རྨད་བྱུང་རོལ་རྩེད། ཆོས་རྗེ་སྐུ་སྐྱེ་ཚེ་རིང་མགོན་པོའི་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོའི་རྣམ་ཐར།
པཎ་ཆེན་བསོད་གྲགས་པའི་རྒྱལ་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར། སྤྲུལ་སྐུ་འཕྲང་ཁ་པ་དཔལ་ལྡན་བློ་གྲོས་ཀྱི་རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་སྐལ་ལྡན་ཤིང་རྟ་དང་། དགུང་ལོ་བཅོ་ལྔ་ཡན་གྱི་རྣམ་ཐར་ཚིགས་བཅད་མ། སྒོ་མང་གཞུ་ཁང་པ་དགེ་ལེགས་ལྷུན་གྲུབ་ཀྱི་རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དད་པའི་སྒོ་འབྱེད། དྲུང་ཡིག་འཇམ་སྲས་པའི་རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར། མཁར་ནག་ལོ་ཙཱ་བའི་རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དང་། པཎ་ཆེན་ཆོས་རྒྱན་གྱི་རྣམ་ཐར། རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་མཁར་ནག་པ་དང་གཞུ་ཁང་པས་མཛད་པ་གཉིས།
ཆག་ལོ་ཆོས་རྗེའི་རྒྱ་གར་ལམ་ཡིག། ལྷ་མཐོང་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ་གྱི་བལ་ཡུལ་གྱི་ལམ་ཡིག། མན་ལུང་གུ་རུའི་ཤམ་བྷ་ལའི་ལམ་ཡིག། ཆོས་རྗེ་འབྱོར་ལྡན་གྲགས་པའི་ཤམ་བྷ་ལའི་ལམ་ཡིག།
ལོ་ཆེན་རིན་བཟང་གི་རྣམ་ཐར་ཁྲི་ཐང་ཛྙཱ་ནས་མཛད་པ། ཀླུ་མེས་ཀྱི་རྣམ་ཐར་དེའི་དངོས་སློབ་པག་ཤི་གནས་བརྟན་གྱིས་མཛད་པ། ཁྲི་རིན་ཆེན་འོད་ཟེར་གྱི་བསྟན་རྩིས་གསལ་བའི་སྒྲོན་མེ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་གསལ་བའི་ཉིན་བྱེད། རོང་ཟོམ་ཆོས་བཟང་གི་རྣམ་ཐར་ཡོལ་སྟོན་རྡོ་རྗེ་དབང་ཕྱུག་གིས་མཛད་པ། བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་བསྟོད་འགྲེལ་གྲོ་ལུང་པས་མཛད་པ། ཕྱ་པ་ཆོས་སེང་གི་རྣམ་ཐར་དད་པའི་འོད་ཟེར་ཕྱོགས་བརྒྱར་འགྱེད་པ་གཙང་ནག་བ་བརྩོན་འགྲུས་སེང་གེས་མཛད་པ། རྭ་ལོའི་རྣམ་ཐར་དད་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བ་འུ་ཡུག་པ་བན་ཤེ་ཆོས་སྐྱོང་གིས་མཛད་པ། རྭ་ལོའི་རྣམ་ཐར་རྭ་ཡེ་ཤེས་སེང་གེས་མཛད་པ་དང་དེའི་ལྷན་ཐབས། བཀའ་བརྒྱུད་བླ་མ་རྣམས་ཀྱི་རྣམ་ཐར་ལ་སྟོད་པ་ཤེས་རབ་མགོན་པོས་མཛད་པ། ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དང་། དེའི་བསྟོད་ཆེན་ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པས་མཛད་པ། རོང་ཊིཀ་པའི་རྣམ་ཐར་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པ།
ས་སྐྱ་པཎྚི་ཏའི་རྟོགས་བརྗོད་སྐལ་བ་བཟང་པོའི་ལེགས་ལམ་ལེའུ་བཅུ་གཉིས། ས་པཎ་གྱི་རྣམ་ཐར་ཚངས་པའི་ང་རོ་ལེགས་བཤད་སྒྲ་བརྒྱ་རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་མཛད་པ། ས་པཎ་གྱི་རྣམ་ཐར་དེའི་དངོས་སློབ་ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ། ཆོས་རྒྱལ་འཕགས་པའི་ས་པཎ་གྱི་རྣམ་ཐར། ཡེ་ཤེས་རྒྱལ་མཚན་གྱི་ཆོས་རྒྱལ་འཕགས་པས་རྣམ་ཐར། གཉག་སྙིང་པོ་རྒྱལ་མཚན་གྱི་ཚོགས་སྒོམ་རིན་པོ་ཆེའི་རྣམ་ཐར། དཀར་པོ་བྲག་པ་རཏྣ་སིང་ཧའི་ཉན་ཆེན་བསོད་ནམས་བརྟན་པའི་རྣམ་ཐར། དཀར་པོ་བྲག་པའི་རྣམ་ཐར་རང་ཉིད་ཀྱིས་མཛད་པ། ཞང་དཀོན་མཆོག་དཔལ་བའི་རྣམ་ཐར་དགེ་སློང་དཔལ་ལྡན་གྱིས་མཛད་པ། ན་བཟའ་བྲག་ཕུག་པའི་རྣམ་ཐར་བློ་གྲོས་བསྟན་པས་མཛད་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། རི་ཁྲོད་པ་བློ་བརྟན་གཉིས་ཀྱི་རྣམ་ཐར་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ།
བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་ཐར་ལོ་ཆེན་བྱང་ཆུབ་རྩེ་མོས་མཛད་པ། བུངྔྷ་ཤྲཱིའི་རྣམ་ཐར་ངོར་བས་མཛད་པ། མུས་ཆེན་དཀོན་རྒྱམ་གྱི་རྣམ་ཐར་གུང་རུ་ཤེས་རབ་བཟང་པོས་མཛད་པ། བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་རྣམ་ཐར་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ་ཚར་ཆེན་གྱིས་མཛད་པ། ངོར་པ་ཀུན་བཟང་གི་རྣམ་ཐར་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡིད་བཞིན་ནོར་བུའི་འབྱུང་གནས་བྱ་བྲལ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། ངོར་པའི་རྣམ་ཐར་མུས་ཆེན་དཀོན་རྒྱམ་གྱིས་མཛད་པ། ཡང་ངོར་བ་ཀུན་བཟང་གི་རྣམ་ཐར་གུ་གེ་པཎ་ཆེན་དཔོན་པོ་ནམ་མཁའ་བློ་གསལ་ལམ་མ་ཏི་ཙི་ཏྲས་མཛད་པ། ཡང་ངོར་པ་ཀུན་བཟང་གི་རྣམ་ཐར་ཆོས་དཔལ་བཟང་པོས་མཛད་པ། རྡོ་རིང་བའི་རྣམ་ཐར་ངོ་མཚར་དད་པའི་སྤུ་ལོང་གཡོ་བ་ཚར་ཆེན་གྱིས་མཛད་པ། སྒོ་རུམ་པ་ཀུན་དགའ་ལེགས་པའི་རྣམ་ཐར་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ་མཁྱེན་བརྩེས་མཛད་པ། ཚར་ཆེན་སོ་བརྒྱད་པར་དབུས་སུ་ཕེབས་པའི་ལམ་གླུ་དཔྱིད་ཀྱི་རྒྱལ་མོའི་དགའ་སྟོན།
འཇམ་དབྱངས་མཁྱེན་བརྩེ་དགུང་ལོ་སོ་བརྒྱད་མན་གྱི་ཐུན་མོང་གི་རྣམ་ཐར་ངོ་མཚར་སྙེ་མ་དང་། ཐུན་མོང་མིན་པའི་རྣམ་ཐར་གསང་ཆེན་བདུད་རྩིའི་ཆུ་རྒྱུན་རང་ཉིད་ཀྱིས་མཛད་པ་དབང་རབ་ཀྱིས་ཁ་སྐོང་དང་བཅས་པ། མཁྱེན་བརྩེའི་ལམ་འབྲས་གདམས་པའི་བྱུང་ཚུལ་གསང་ཆེན་བསྟན་པ་རྒྱས་བྱེད། ཤེའུ་ལོ་ཙཱ་བའི་ལམ་འབྲས་ཆོས་འབྱུང་། ཀླུ་སྒྲུབ་རྒྱ་མཚོའི་ལམ་འབྲས་ཆོས་འབྱུང་། ངོར་པ་དཀོན་མཆོག་ལྷུན་གྲུབ་ཀྱི་ཆོས་འབྱུང་དང་། དེའི་ཁ་སྐོང་བྱ་བྲལ་སངས་རྒྱས་ལྷུན་གྲུབ་ཀྱིས་མཛད་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ལམ་འབྲས་ཆོས་འབྱུང་ངོ་མཚར་སྣང་བ། ཨ་མེས་ངག་དབང་ཀུན་བསོད་ཀྱི་གསུང་ངག་ཆོས་འབྱུང་ལེགས་བཤད་འདུས་པའི་རྒྱ་མཚོ། སྔགས་འཆང་ཀུན་དགའ་རིན་ཆེན་གྱི་རྣམ་ཐར་ངོ་མཚར་རྒྱ་མཚོ་ཨ་མེས་ཀུན་བསོད་ཀྱིས་མཛད་པ།
ཉེ་ལྡེ་བ་ནམ་མཁའ་བཟང་པོ། མུས་སྲད་པའམ་རྫོང་ཆུང་པ་གཙང་བ་བྱམས་པ་རྡོ་རྗེ་རྒྱལ་མཚན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སློབ་མ་ཤེས་རབ་རྡོ་རྗེ། ས་ཆེན་བསོད་རྣམས་རྩེ་མོ། དམ་པ་ཀུན་དགའ་གྲགས། སྟག་ཚང་ལོ་ཙཱ་བ་རྣམས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས། ངོར་བ་དཀོན་མཆོག་ལྷུན་གྲུབ་ཀྱི་ས་སྐྱའི་གདུངས་རབས་ཡར་བ་ཁ་རྒྱན། དུས་མཆོད་བླ་བྲང་པ་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱི་ས་སྐྱའི་གདུང་རབས་ངོ་མཚར་རིན་པོ་ཆེའི་བང་མཛོད། བྱམས་པ་གླིང་པའི་ཡར་རྒྱབ་པའི་གདུང་རབས། བློ་མཆོག་རྡོ་རྗེའི་རླངས་ཀྱི་གདུང་རབས། རླངས་ཀྱི་པོ་ཏི་བསེ་རུ། སྡེ་པ་རིན་སྤུངས་པའི་གདུང་རབས་མཁས་པ་དཀར་ཤག་བས་མཛད་པ། རེད་མདའ་པའི་རྣམ་ཐར་མངའ་རིས་པ་བསོད་ནམས་རྩེ་མོས་མཛད་པ།
ཁྲོ་བུ་བསོད་ནམས་སེངྒེའི་བུ་སྟོན་གྱི་རྟོགས་བརྗོད་ངོ་མཚར་གཏམ་གྱི་རོལ་མོ་ཉེར་གཅིག། བུ་སྟོན་གྱི་རྣམ་ཐར་རིན་ཆེན་ཕྲེང་བ་བླ་མ་མགོན་པོ་དཔལ་བས་མཛད་པ། སྙེ་མོ་སྐུ་ཞང་ཆོས་རྗེ་རིན་ཆེན་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་སྙེ་མོ་དུས་ཞབས་པ་ཤཱཀྱ་དབང་ཕྱུག་གིས་མཛད་པ། སྐུ་ཞང་བསོད་ནམས་མཆོག་གྲུབ་ཀྱི་རྣམ་ཐར་ཚོང་འདུས་ཁྲི་ཁང་ནས་གྲ་ལྔ་རྡོ་རྗེའི་མིང་ཅན་གྱི་བྲིས་པ། ཞྭ་ལུ་ཆོས་རྗེ་རིན་ཆེན་མཁྱེན་རབ་མཆོག་གྲུབ་ཀྱི་རྣམ་ཐར་མཐོང་བ་དོན་ལྡན་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པ། དེའི་ཁ་སྐོང་རྣམ་ཐར་སྐལ་བཟང་གདུལ་བྱའི་གཉེན་དང་། སྐུ་ཕྲེང་གསོལ་འདེབས་བཅས་རིན་ཆེན་འཇམ་དབྱངས་རྒྱལ་མཚན་ཆོས་ཀྱི་དབང་པོས་མཛད་པ། སྐྱོ་སྟོན་རིག་འཛིན་རྒྱལ་པོའི་རྣམ་ཐར་སྐྱོ་སྟོན་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། དེ་གཉིས་ལ་སྐྱོ་སྟོན་ཡབ་སྲས་ཟེར་རོ། །
ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་རྣམ་ཐར་པཎ་ཆེན་འབུམ་ཕྲག་གསུམ་པ་རིན་ཆེན་ཆོས་ཀྱི་དབང་པོས་མཛད་པ། ཞྭ་ལུ་ལོ་ཙཱ་བའི་རྣམ་ཐར་སྐྱོག་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པ། ཞྭ་ལུ་ལོ་ཙཱ་བའི་གསན་ཡིག། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་ཞི་བ་ལྷའི་རྣམ་ཐར་དང་བླ་མ་ཡི་དམ་ཀྱི་བསྟོད་ཚོགས་སྐོར། ཞྭ་ལུའི་ཆོས་འབྱུང་ངོ་མཚར་དད་པའི་འཇུག་ངོགས་བློ་གསལ་བསྟན་སྐྱོང་གིས་བསྒྲིགས་པ། གཡུ་ཐོག་རྙིང་མའི་རྣམ་ཐར་རིགས་དཔོན་བཀྲ་ཤིས་ལྷུན་གྲུབ་ཀྱིས་མཛད་པ། གཡུ་ཐོག་གསར་མའི་རྣམ་ཐར་དར་མོ་སྨན་རམས་པས་མཛད་པ། བླ་མ་ཞང་གི་རྣམ་ཐར་ཚལ་བ་སི་ཏུ་དགེ་བློས་མཛད་པ། གཙང་པ་རྒྱ་རས་ཀྱི་རྣམ་ཐར་དད་པའི་རླབས་ཕྲེང་འབྲུག་པ་པད་དཀར་གྱིས་མཛད་པ། ལོ་རས་ཀྱི་རྣམ་ཐར་རྒོད་ཚང་པས་མཛད་པ། སྒམ་པོ་པའི་རྣམ་ཐར་དེའི་དབོན་པོ་བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་གྱིས་མཛད་པ། ཞྭ་དམར་བ་གར་དབང་ཆོས་ཀྱི་དབང་ཕྱུག་གི་རྟོགས་བརྗོད་འདོད་འཇོའི་བ་མོ་ཞྭ་ནག་བཅུ་པ་འཇིག་རྟེན་རྣམ་པར་འདྲེན་པས་མཛད་པ། སི་ཏུ་ཆོས་ཀྱི་དབང་ཕྱུག་གི་ཀརྨའི་ཆོས་འབྱུང་རབ་འབྱམས་ནོར་བུའི་ཟླ་ཤེལ་ཟུར་མང་ཀུན་ཁྱབ་ཀྱི་ཁ་སྐོང་དང་བཅས་པ། མི་ཉག་མཁས་པ་མི་ལྡའི་རྣམ་ཐར་མི་ཉག་རི་ཁུད་བླ་མ་ཤཱཀྱ་ཀུན་དགས་མཛད་པ།
ཟུར་ཁང་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱིའི་ཁོག་དབུབ་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོ། ཞལ་སྔ་བཀའ་བརྒྱུད་ཀྱི་རྣམ་ཐར་ཕན་བདེ་ཆོས་རྗེ་ཤཱཀྱ་ལྷ་དབང་གིས་མཛད་པ། དེའི་ཁ་སྐོང་དཀོན་རྡོར་བློ་བཟང་དབང་ཕྱུག་གིས་མཛད་པ། འཕགས་པ་ལྷའི་རྣམ་ཐར་ངོ་མཚར་བྱིན་རླབས་ཀྱི་རྒྱ་མཚོ་དེའི་སློབ་མ་དཀོན་མཆོག་འབྱུང་གནས་ཀྱིས་མཛད་པ། དོལ་པོ་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཞྭ་ལུ་ལོ་ཙཱ་བས་མཛད་པ། དོལ་པོ་པའི་རྣམ་ཐར་དེའི་སློབ་མ་འགའ་རོང་པས་མཛད་པ། དཔང་ལོ་ཙཱ་བའི་རྣམ་ཐར་ཞྭ་ལུ་ལོ་ཙཱ་བས་མཛད་པ། བློ་བརྟན་གསུམ་པའི་རྣམ་ཐར་དེའི་དབོན་པོ་ལོ་ཆེན་བྱང་ཆུབ་རྩེ་མོས་མཛད་པ། ལོ་ཆེན་བྱང་རྩེའི་རྣམ་ཐར་དེའི་དབོན་པོ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་མཛད་པ། དེའི་དབོན་པོ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར་ངོ་མཚར་གྱི་དགའ་སྟོན་ཡར་འབྲོག་པ་དགེ་བསྙེན་ནམ་མཁའ་བཟང་པོའམ་འཇིགས་མེད་འབངས་ཀྱིས་མཛད་པ། བོ་དོང་ཕྱོགས་རྒྱལ་གྱི་རྣམ་ཐར་ངག་དབང་མ། ཡང་དེའི་རྣམ་ཐར་དཔོན་ཡིག་པ་དཀོན་མཆོག་རྒྱལ་མཚན་གྱི་ཟིན་བྲིས་མ། ཕྱོགས་ལས་རྣམ་པར་རྒྱལ་བ་སྐྱིད་གཤོང་པ་སངས་རྒྱས་འོད་ཟེར་གྱི་རྟོགས་བརྗོད་མཁས་པ་དགའ་བྱེད་དཔལ་གྱི་འཁྲི་ཤིང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པ། སྙེ་མདོ་ཐམས་ཅད་མཁྱེན་པ་ཀུན་དགའ་དོན་གྲུབ་ཀྱི་རྣམ་ཐར་སློབ་དཔོན་ཧཱུཾ་ཀ་རས་མཛད་པ། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་རང་གིས་མཛད་པ།
ཡང་དགོན་པའི་ཕྱིའི་རྣམ་ཐར་སྤྱན་སྔས་མཛད་པ། ནང་གི་རྣམ་ཐར་དང་གསང་བའི་རྣམ་ཐར་ཡང་དགོན་པ་རང་གིས་མཛད་པ། ཀུན་དགའ་གྲོལ་མཆོག་གི་སྐྱེ་ཕྲེང་དང་བཅས་པའི་རྣམ་ཐར་ཡལ་འདབ་བཅུ་གཉིས་པ་སྐལ་བཟང་དད་པའི་ཤིང་རྟ་འདྲེན་བྱེད་རྗེ་རང་ཉིད་ཀྱིས་མཛད་པ། གླིང་སྟོད་བློ་བཟང་རྒྱ་མཚོའི་སྤྲུལ་སྐུ་ཉི་ཐང་ངག་དབང་གཞོན་ནུ་བསྟན་པའི་ཉི་མའི་གསང་ཕུའི་གདན་རབས་དང་སྐྱེས་ཆེན་དམ་པ་འགའི་རྣམ་ཐར་གཏམ་དུ་བརྗོད་པ་པད་དཀར་ཆུན་པོ། དྲུང་ཆེན་ངག་དབང་ཤེས་རབ་ཀྱི་རྭ་བ་སྨད་ཀྱི་གདན་རབས། ཇོ་གདན་བློ་བཟང་མཁས་བཙུན་དང་དྲུང་རམས་པ་ངག་དབང་ཆོས་གྲགས་ཀྱི་དྭགས་པོ་གྲྭ་ཚང་གི་ཆོས་འབྱུང་། དྲུང་རམས་པ་ངག་དབང་ཆོས་གྲགས་ཀྱི་འཆད་ཀར་ཆོས་སྡེའི་གདན་རབས། འཕྱོང་རྒྱས་རི་བོ་བདེ་ཆེན་དང་། གསེར་མདོག་ཅན་གྱི་གདན་རབས་སྦྱར་བྱང་མི་གསལ་བ། མཁར་ནག་རྡོ་རྗེ་ཚེ་བརྟན་གྱི་འོལ་ཁའི་ཆོས་འབྱུང་རྙོག་བྲལ་ནོར་ལྡན་གྱི་རྫིང་བུ།
ཀླུ་འབུམ་ངག་དབང་བསྟན་འཛིན་གྱི་བྱ་ཁྱུང་གི་གདན་རབས། ཞབས་དྲུང་རིན་ཆེན་འབྱོར་ལྡན་གྱི་གསང་ཕུའི་གདན་རབས། དབོན་བཀྲ་ཤིས་རྒྱལ་མཚན་གྱི་ཁམས་ཡང་སྟེང་དགོན་གྱི་གདན་རབས། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་ཕ་བོང་ཁའི་དཀར་ཆག སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་དེབ་ཐེར། བཀའ་ཆེམས་ཀ་ཁོལ་མ། སྦ་གསལ་སྣང་སོགས་རྒྱལ་བློན་གྱིས་བསྒྲིགས་པའི་རྒྱལ་བཞེད། བླ་བཞེད། སྦ་བཞེད། པཎ་ཆེན་བསོད་གྲགས་པའི་རྒྱལ་རབས་འཕྲུལ་གྱི་ལྡེ་མིག་དང་། མགུར་འབུམ། འཇམ་གསར་ཤེས་རབ་འོད་ཟེར་གྱི་རྨི་ལམ་གྱི་དགའ་མས་དྲིས་ལན་སེམས་ཀུན་ཏུ་སྣང་བར་བྱེད་པའི་རྒྱན།
སྨྱུང་གནས་བླ་བརྒྱུད་ཀྱི་རྣམ་ཐར་ཆོས་ཀྱི་གྲགས་པས་མཛད་པ། སྨྱུང་གནས་ཀྱི་ལོ་རྒྱུས་ཇོ་གདན་མཁན་ཆེན་བསོད་ནམས་བཟང་པོས་མཛད་པ། གཙང་སྨྱོན་ཧེ་རུ་ཀ་སངས་རྒྱས་རྒྱལ་མཚན་གྱི་རྣམ་ཐར་ཉི་མའི་སྙིང་པོ་ཐུགས་སྲས་རྒོད་ཚང་རས་པ་སྣ་ཚོགས་རང་གྲོལ་གྱིས་མཛད་པ། དྲན་མཆོག་དོན་ཡོད་རྒྱལ་མཚན་གྱི་རྣམ་ཐར་དེ་སྲས་ཡབ་རྗེ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པ། རྗེའི་སློབ་མ་སྨྲ་ཁམས་གྲགས་པ་བཟང་པོའི་རྣམ་ཐར་སྟག་ཚང་ལོ་ཙཱ་བས་མཛད་པ། སེམས་དཔའ་ཆེན་པོ་དཔལ་ལྡན་སེང་གེའི་རྣམ་ཐར་བློ་གྲོས་རིན་ཆེན་གྱིས་མཛད་པ། གནས་རྙིང་ཀུན་དགའ་བདེ་ལེགས་ཀྱི་རྣམ་ཐར་སེ་ར་རྗེ་བཙུན་པས་མཛད་པ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གི་རྣམ་ཐར་མུས་པ་དཀོན་རྒྱམ་གྱིས་མཛད་པ། སྟོང་འཁོར་བསོད་ནམས་རྒྱ་མཚོའི་རྟོགས་བརྗོད་ཚིགས་བཅད་མ་དེའི་སློབ་མ་བྱང་ཆུབ་བཟང་པོས་མཛད་པ། རྗེ་ཤེས་རབ་སེང་གེའི་རྣམ་ཐར་ནོར་བུའི་དོ་ཤལ་ཚངས་དབྱངས་འབྲུག་གྲགས་ཀྱིས་མཛད་པ། འབྲོང་རྩེ་ལྷ་བཙུན་པའི་རྣམ་ཐར་རིན་ཆེན་ཚུལ་ཁྲིམས་ཀྱི་མཛད་པ། འབྲོམ་སེང་གེ་རྒྱལ་མཚན་གྱི་རྟོགས་བརྗོད་སྟག་ཚང་ལོ་ཙཱ་བས་མཛད་པ།
ཀུན་གཟིགས་ལྔ་བའི་འཁྲུངས་རབས་བཅོ་ལྔའི་རྣམ་ཐར་བདུད་རྩིའི་ཐིགས་པ་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པས་མཛད་པ། ལྔ་པ་ཆེན་པོའི་རྣམ་ཐར་བྱིན་རླབས་ཕན་བདེའི་སྙིང་བོ་ཅན་ཟུར་ཆོས་དབྱིངས་རང་གྲོལ་གྱིས་མཛད་པ། ལྔ་པ་ཆེན་པོའི་རྣམ་ཐར་མཐོང་བས་དོན་ལྡན་མཆོད་ཏུ་དགའ་བའི་སྒྲ་དབྱངས་སྨོན་འགྲོ་འཇམ་དབྱངས་དབང་རྒྱལ་རྡོ་རྗེས་བསྒྲིགས་པ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར་དཔོན་ཚང་དགེ་འདུན་དོན་གྲུབ་ཀྱིས་མཛད་པ།
ཚངས་དབྱངས་པའི་རྣམ་ཐར་དར་རྒྱས་ནོ་མོ་ཧན་ལྷུན་གྲུབ་དར་རྒྱས་ཀྱིས་བསྒྲིགས་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུ་ཀླུ་ལའི་ཁ་སྐོང་པོཏ་གསུམ། ཚངས་དབྱངས་པའི་རྣམ་ཐར་རབ་གསལ་གསེར་གྱི་སྙེ་མ། ༥༡༤ལྔ་པའི་སྐུ་གདུང་མཆོད་རྟེན་གྱི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིང་ཤོག་གྲངས་བདུན་བརྒྱ་དང་རེ་བདུན། གཞན་ཡང་ཚོགས་མཆོད་བཅའ་བསྒྲིགས་བྱང་ཆེན་ཉི་མའི་དཀྱིལ་འཁོར་སོགས་ཚངས་དབྱངས་པ་གདན་སར་བཀོད་དུས་རང་རྩོམ་པོཏ་བཅོ་ལྔའམ་ཉི་ཤུར་ཉེ་བ་ཕུལ་བར་བཤད་དེ་ཞར་བྱུང་ངོ་། །
འཇམ་དབྱངས་ཆོས་རྗེའི་སྐུའི་སྐྱེ་བ་རྒྱ་གར་སིང་ག་ལ་པ་ཆོས་ཀྱི་ཉིན་བྱེད་ཀྱི་ལྷ་སའི་ཇོ་བོའི་བསྟོད་པ་སྡེབ་སྦྱོར་གྱི་སྤྲས་པ། པོ་ཏོ་བའི་བསྟོད་པ་དགེ་བཤེས་ཤ་ར་བས་མཛད་པ། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་ཐུབ་པའི་མཛད་པ་བཅུ་གཉིས་ཀྱི་བསྟོད་པ། འཇམ་དབྱངས་ཀྱི་བསྟོད་པ་བརྒྱ་པ། གཞོན་ནུ་ནོར་བཟང་གི་རྟོགས་བརྗོད། ཞང་ཞུང་ཆོས་དབང་གྲགས་པའི་རྒྱལ་བུ་ཟླ་བའི་རྟོགས་བརྗོད། ལོ་ཆེན་རིན་བཟང་གི་རྟོགས་བརྗོད། ར་མ་ཎའི་རྟོགས་བརྗོད། མི་ལའི་བསྟོད་པ་སོགས་གསུངས་ཐོར་བུ་མང་། དེ་མོ་སྤྲུལ་སྐུ་དབང་རྒྱལ་དོན་གྲུབ་ཀྱི་རང་གི་སྐྱེས་རབས་དྲང་ཐིག་གསལ་བར་སྟོན་པའི་མེ་ལོང་། ཐང་སག་པ་དངོས་གྲུབ་རྒྱ་མཚོའི་རྣམ་ཐར་སྤོས་ཁང་བློ་བཟང་མཆོག་གྲུབ་ཀྱི་མཛད་པ། རོང་བོ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་ཆུ་དམར་བློ་བཟང་རྒྱ་མཚོས་མཛད་པ། འོལ་ཁ་བློ་བཟང་འཕྲིན་ལས་ཀྱི་རང་གི་རྣམ་ཐར་མཁས་པའི་དགའ་སྟོན་དང་། དགེ་རྒན་འོལ་ཁ་ཟངས་རི་རབ་འབྱམས་པ་དམ་ཆོས་རྒྱ་མཚོའི་རྣམ་ཐར་ངོ་མཚར་རོལ་མོ། གཙང་པ་དགེ་བཤེས་ཡེ་ཤེས་དཔལ་འབྱོར་གྱི་རྣམ་ཐར་མཚོ་སྣ་དགོན་རྩེ་སྤྲུལ་སྐུ་སྐལ་བཟང་རིན་ཆེན་དབང་ཕྱུག་གིས་བསྒྲིགས་པ། སེར་བྱེས་བླ་ཟུར་བྱམས་ཆེན་མཁན་པོ་བློ་བཟང་ནོར་བུའི་རྣམ་ཐར་དད་པའི་སྒོ་འབྱེད་བྱིན་རླབས་ཀྱི་རོལ་མཚོ་བློ་བཟང་བཀྲ་ཤིས་ཀྱིས་བྲིས་པ།
བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར་བདུད་རྩིའི་ཟེགས་མ་མཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོས་བྲིས་པ། སྔགས་འཆང་ཀུན་དགའ་རིན་ཆེན་གྱི་སྲས་བསོད་ནམས་དབང་པོའི་སློབ་དཔོན་པདྨའི་རྣམ་ཐར། སེར་སྨད་གྲགས་པ་མཁས་གྲུབ་ཀྱི་ཁྲི་ཡང་སྟེང་བ་ནས་སྙན་གྲགས་པའི་བར་གྱི་རྣམ་ཐར་དང་། དགའ་ལྡན་ཤར་རྩེའི་ཆོས་འབྱུང་སོགས་ཡོད་དེ་ཞར་བྱུང་ཙམ་མོ། །
༈ གཉིས་པ་ལམ་རིམ་བློ་སྦྱོང་སོགས་ཀྱི་སྐོར་ལ། གསང་ཕུ་བ་བློ་གྲོས་རྒྱལ་མཚན་གྱི་སྐྱེས་རབས་སོ་བཞི་པའི་འགྲེལ་པ། མི་ཉག་བློ་གྲོས་དར་རྒྱས་ཀྱི་སྐྱེས་རབས་སྟོད་ཆའི་ཊིཀྐ། གཙང་ནག་པའི་བསླབ་བཏུས་དང་སྤྱོད་འཇུག་གཉིས་ཀྱི་འགྲེལ་བ། ཉང་བྲན་ཆོས་ཀྱི་སེང་གེའི་བསླབ་བཏུས་དང་སྤྱོད་འཇུག་གི་འགྲེལ་བ། མཚོ་སྣ་བ་ཤེས་རབ་བཟང་པོའི་བསླབ་བཏུས་ཀྱི་སྟོང་ཐུན་ལེགས་བཤད་ཆོས་ཀྱི་རྒྱ་མཚོ་དང་སྤྱོད་འཇུག་གི་ཊིཀྐ། ས་བཟང་འཕགས་པའི་བསླབ་བཏུས་དང་སྤྱོད་འཇུག་གི་ཊིཀྐ། གཞོན་ནུ་རིན་ཆེན་གྱི་བསླབ་བཏུས་ཊིཀྐ། ཆོས་ཀྱི་ཡེ་ཤེས་ཀྱི་བསླབ་བཏུས་འགྲེལ་པ། རྗེའི་བླ་མ་སྣར་ཐང་མཁན་པོ་བཅུ་གསུམ་པ་ཀུན་དགའ་རྒྱལ་མཚན་གྱི་བསླབ་བཏུས་ཊིཀྐ། ཕྱ་པ་ཆོས་སེང་གི་སྤྱོད་འཇུག་ཊིཀྐ། རྔོག་བློ་ལྡན་ཤེས་རབ་ཀྱི་སྤྱོད་འཇུག་ཊིཀྐ། བུ་སྟོན་གྱི་འདུལ་བའི་བཀའ་བབ་ཇོ་གདན་ཚོགས་པའམ་པ་རྣམ་དགའ་བ་གདོང་གི་མཁན་པོ་ཆོས་དཔལ་བཟང་པོའི་སྤྱོད་འཇུག་གི་རྣམ་བཤད། འོན་གྱི་ཕུར་འབྲི་སྒང་དགོན་འདེབས་མཁན་ལྷ་འབྲི་སྒང་བའི་སྤྱོད་འཇུག་གི་ཊིཀྐ། རྒྱལ་སྲས་ཐོགས་མེད་པའི་སྤྱོད་འཇུག་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ། སྣར་ཐང་མཁན་པོ་བཅུ་བཞི་པ་གྲུབ་པ་ཤེས་རབ་ཀྱི་སྤྱོད་འཇུག་ཊིཀྐ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྤྱོད་འཇུག་ཊིཀྐ་ས་བཅད་དང་བཅས་པ། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་བ། སྟག་ཚང་ལོ་ཙཱ་བའི་སྤྱོད་འཇུག་འགྲེལ་བ། དབེན་དགའ་བས་མཛད་པའི་སྤྱོད་འཇུག་རྣམ་བཤད། ཕག་མགོ་བ་ཡེ་ཤེས་བརྩོན་འགྲུས་ཀྱི་སྤྱོད་འཇུག་གི་མཆན་འགྲེལ། ས་སྐྱ་པ་བསོད་ནམས་རྩེ་མོའི་སྤྱོད་འཇུག་འགྲེལ་བ།
རེད་མདའ་བའི་བཤེས་སྤྲིངས་རྣམ་བཤད་དང་ལུང་ཀུན་ལས་བཏུས་པའི་ཊིཀྐ། བྱམས་པ་གླིང་བ་བསོད་ནམས་རྣམ་རྒྱལ་གྱི་བཤེས་སྤྲིངས་འགྲེལ་ཆེན། རོང་སྟོང་ཤཱཀྱ་རྒྱལ་མཚན་གྱི་བཤེས་སྤྲིངས་འགྲེལ་བ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་བཤེས་སྤྲིངས་འགྲེལ་བ། དོན་ཡོད་གྲུབ་པའི་བཤེས་སྤྲིངས་འགྲེལ་བ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་བཤེས་སྤྲིངས་འགྲེལ་པ། ས་སྤྱོད་ཕྱོགས་ལས་རྣམ་རྒྱལ་བའི་བཤེས་སྤྲིངས་ཊིཀྐ། ཁྲི་ངག་དབང་བཀྲ་ཤིས་པའི་བཤེས་སྤྲིངས་གསུང་བཤད་ཟིན་བྲིས།
སྡོམ་པ་ཉི་ཤུ་པའི་རྣམ་བཤད་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱིས་མཛད་པ། གཙང་ཆུང་བའི་སྡོམ་པ་ཉི་ཤུ་བའི་ཊིཀྐ། སེ་སྤྱིལ་བུ་བའི་ལམ་སྒྲོན་འགྲེལ་བ། སྣར་ཐང་པ་རྡོ་སྟོན་ཤེས་རབ་གྲགས་ཀྱི་ལམ་སྒྲོན་འགྲེལ་བ། བྱང་སེམས་གཞོན་ནུ་རྒྱལ་མཆོག་བའི་ལམ་སྒྲོན་འགྲེལ་པ་པོ་ཏི་གཉིས། ལུམ་པ་ཡེ་ཤེས་བྱང་ཆུབ་ཀྱི་སློབ་མ་ཆུ་མིག་པ་ཤེས་རབ་གྲགས་ཀྱི་ལམ་སྒྲོན་འགྲེལ་བ། འགོས་ལོ་ཡིད་བཟང་རྩེ་བའི་ལམ་སྒྲོན་གྱི་རྣམ་བཤད། ཚུལ་ཁྲིམས་སེང་གེའི་ལམ་སྒྲོན་འགྲེལ་བ། གྲགས་པ་དོན་གྲུབ་ཀྱི་ལམ་སྒྲོན་རྣམ་བཤད་ཚིག་དོན་རབ་གསལ། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་ལམ་སྒྲོན་འགྲེལ་བ།
རྔོག་བློ་ལྡན་ཤེས་རབ་ཀྱི་བསྟན་རིམ། གྲོ་ལུང་པའི་བསྟན་རིམ་རྒྱས་བསྡུས་གཉིས་དང་། ཆོས་ཆུང་བརྒྱ་རྩའི་ས་བཅད། ཤ་ར་བའི་ལམ་རིམ་བེའུ་བུམ་དམར་པོའམ་སྔོན་པོར་གྲགས་པ་རྒྱས་འབྲིང་བསྡུས་གསུམ། གླང་རི་ཐང་པས་ཞང་དང་གཉན་ཤ་ཕོ་སྒང་པ་རྣམས་ལ་གསུངས་ཤིང་། དེ་དག་གིས་གདམས་པ་འདྲེས་མར་བཀོད་པ་བེའུ་བུམ་ཁྲ་བོ་ཟེར། པོ་ཏོ་བའི་སློབ་མ་གླང་བྱ་རབ་པ་ཡོན་ཏན་བློ་གྲོས་ཀྱི་པོ་ཏོ་པའི་མཛད་སྤྱོད་དང་བསླབ་གསུམ་ཉམས་སུ་བླང་བའི་གདམས་ངག་གི་བསྟན་བཅོས་ལེ་ཚན་བདུན། བེའུ་བུམ་སྔོན་པོའི་འགྲེལ་པ་ཇོ་སྟན་གུར་པས་མཛད་པ། སྣེ་ཟུར་པའི་ལམ་རིམ། བྱ་ཡུལ་བའི་ལམ་རིམ། གྲོ་སྟོན་བདུད་རྩི་གྲགས་ཀྱི་ལམ་མཆོག། དེའི་འགྲེལ་པ་མཆིམས་ཀྱིས་མཛད་པ་ལ་མཆིམས་ནམ་མཁའ་གྲགས་ཀྱི་བསྟན་རིམ་ཟེར། མཚོ་སྣ་པའི་གསུང་ལ་མོན་གྲ་བས་ཟིན་བྲིས་བྱས་པའི་ལམ་རིམ། དྭགས་པོའི་ལམ་རིམ་ཐར་རྒྱན་དང་ལམ་མཆོག་རིན་ཆེན་ཕྲེང་བ། བསྟན་བཅོས་ལུང་གི་ཉི་འོད།
གཙང་ཁ་རག་སྒོམ་ཆུང་གིས་རྦ་སྒོམ་གྱི་སྐོར་གསུམ་གྱི་གདམས་པ་དང་། དགོན་པ་བ་རྣལ་འབྱོར་པའི་གདམས་པ་བསྲེས་ནས་བྱང་ཆུབ་སེམས་སྦྱོང་ཞེས་མཚན་གསོལ་པ་ཁ་རག་སྐོར་གསུམ། པོ་ཏོ་བས་ཞུས་ལན་ངེས་དོན་སྙིང་པོ་གནད་ཀྱི་ལྡེ་མིག། འདི་ལ་ཤོག་གྲངས་ཞེ་ལྔ་ཙམ་འདུག་པའི་ནང་ཨང་ཡིག་བདུན་ཅུ་བ་ཡོད། ཁ་རག་པའི་ལས་རྣམ་འབྱེད། སྒོམ་པ་ཤེས་རབ་རིན་ཆེན་གྱིས་དགྱེར་སྒོམ་གཞོན་ནུ་གྲགས་ཀྱི་གསུང་ཟིན་བྲིས་བྱས་པའི་ལམ་རིམ། ལྷ་འཕྲང་པོ་བའི་གསུང་ལ་སློབ་མས་ཟིན་བྲིས་བྱས་པའི་ལམ་རིམ་ལྷ་འཕྲང་མ། རིན་ཆེན་སྒང་བའི་ལམ་རིམ་ཆེན་མོ། སྣེ་ཟུར་པའི་སློབ་མ་མངའ་རིས་དགེ་མཛེས་བྱང་ཆུབ་ཀྱི་གསུང་ལ་སྨོན་ལམ་གྲགས་པས་ཟིན་བྲིས་བྱས་པའི་ལམ་རིམ། མངའ་རིས་དགེ་མཛེས་བྱང་ཆུབ་ཀྱི་སློབ་མ་ཀོར་ཀྱི་ལམ་རིམ་ཆེན་མོ། དགེ་བཤེས་ཡ་གད་པའི་ལམ་རིམ། ཀ་མ་བ་ཤེས་རབ་འོད་ཀྱི་ལམ་རིམ། རྡོག་ཤེས་རབ་འོད་ཀྱི་ལམ་རིམ། འདི་སྔ་མ་དང་གཅིག་གམ་བརྟག།
འཇམ་དབྱངས་ཆོས་རྗེས་མཛད་པའི་ལམ་རིམ། ༢༠ ཤེས་རབ་སེང་གེའི་ལམ་ཁྲིད་བདུད་རྩིའི་ཆུ་རྒྱུན། རྟ་ཞལ་པ་བྱམས་པ་དཔལ་བཟང་གི་ལམ་རིམ། འདུལ་འཛིན་གྲགས་པ་དཔལ་ལྡན་གྱི་ལམ་ཁྲིད་བྱང་ཆུབ་ཏུ་བགྲོད་པའི་བདེ་ལམ་བཀྲ་ཤིས་ལྷུན་པོར་མཛད་པ། ཡང་བློ་གྲོས་སྤས་པའི་ལམ་རིམ་གསུང་བཤད་ཟིན་བྲིས་མ། དཀའ་ཆེན་ནམ་མཁའ་རྡོ་རྗེའི་ལམ་རིམ་པོད་ཆུང་གཅིག། རྟ་ཕུག་པའི་ལམ་རིམ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག། ཡོན་ཏན་གཞིར་གྱུར་མའི་འགྲེལ་བ་བློ་བཟང་མིང་ཅན་གྱིས་མཛད་པ། བྱ་བྲལ་བློ་བཟང་རིན་ཆེན་གྱི་ལམ་རིམ། རྒྱུད་ཆེན་བརྩོན་འགྲུས་འཕགས་ཀྱི་ལམ་ཁྲིད། ལམ་རིམ་ཁྲིད་ཡིག་བློ་བཟང་རྒྱལ་བའི་ཞལ་ལུང་བྱ་བྲལ་བློ་བཟང་རྡོ་རྗེས་མཛད་པ། སེར་བྱེས་བློ་བཟང་ནོར་བུའི་ལམ་ཁྲིད་སྐལ་བཟང་དགའ་སྟོན་དང་། འཇམ་དཔལ་ཞལ་ལུང་གི་དམིགས་རིམ་མདོར་བསྡུས། ལམ་རིམ་བསྡུས་དོན་གྱི་དོན་འགྲེལ། བློ་སྦྱོང་སེམས་ཀྱི་ཐིག་ཤིང་། རང་ལ་དྲན་བསྐུལ་གྱི་ཚིགས་བཅད། རང་སྤྱོད་ལ་ཡིད་སྐྱོ་བའི་མགུར། མི་རྟག་པའི་མགུར་རྣམས་དང་། ཐང་རིང་བློ་བཟང་དགེ་ལེགས་ཀྱི་ལམ་རིམ་དམར་ཁྲིད་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུངས་རྒྱུན།
ལྷ་རྩེ་བློ་བཟང་བསྟན་འཛིན་གྱི་བདེ་ལམ་ཟིན་བྲིས། དྭགས་པོ་དོན་གྲུབ་དབང་རྒྱལ་གྱི་བདེ་ལམ་ཟིན་བྲིས། འོལ་ཁའི་རི་ཁྲོད་པ་བློ་བཟང་རྣམ་རྒྱལ་གྱི་ལམ་ཁྲིད། དྲུང་རམས་པ་ངག་དབང་ཆོས་གྲགས་ཀྱི་ལམ་རིམ་ཆེན་མོའི་མཆན་གྱི་བཤད་པ། རི་རྒྱ་མངའ་རིས་སྤྲུལ་སྐུ་བློ་བཟང་རྣམ་རྒྱལ་གྱི་ལམ་རིམ་སྦྱོར་ཆོས་ཟིན་བྲིས། ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱི་ལམ་རིམ་སྦྱོར་བའི་ཆོས་དྲུག། ཆབ་མདོ་བློ་བཟང་དབང་ཕྱུག་གི་མདོ་སྔགས་ལམ་རིམ་བློ་བཟང་དགོངས་རྒྱན། རྣལ་འབྱོར་པ་ཞེ་སྡང་རྡོ་རྗེའི་མདོ་སྔགས་ལམ་རིམ་བསྟན་པའི་སྙིང་པོ། བྱམས་པ་གླིང་བ་བསོད་ནམས་རྣམ་རྒྱལ་གྱི་ལམ་རིམ། བདེ་ལམ་ཞལ་ཤེས་བློ་བཟང་དགོངས་རྒྱན་དང་། འཇམ་དཔལ་ཞལ་ལུང་གི་དམིགས་རིམ་ཟིན་བྲིས་གཉིས་བྲག་དཀར་དཀའ་བཅུ་ངག་དབང་གྲགས་པས་མཛད་པ། གུར་སྨོན་བྱམས་པ་ཡོན་ཏན་གྱི་བདེ་ལམ་ཟིན་བྲིས་དྲང་སྲོང་བླ་མའི་ཞལ་ལུང་སོགས་ཟིན་བྲིས་པོཏ་གཅིག ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་ལམ་རིམ་བདེ་ལམ་གྱི་ཟིན་བྲིས་རྟ་ཕུག་པའི་གསུང་རྒྱུན། འཇམ་དཔལ་ཞལ་ལུང་གི་ཁྲིད་ཡིག་མདོར་བསྡུས། ལམ་རིམ་བསྡུས་དོན་ཀྱི་ཁྲིད་ཡིག་བདུད་རྩིའི་ཐིགས་པ། བློ་བཟང་རྣམ་རྒྱལ་གྱི་ལམ་རིམ་སྦྱོར་བའི་ཆོས་དྲུག་དང་། ལམ་གཙོའི་ཁྲིད་ཡིག་ལྟ་སྤྱོད་གསལ་སྒྲོན། ལམ་གཙོའི་ཁྲིད་ཡིག་བློ་བཟང་ཞལ་ལུང་སྡེ་པ་བསྟན་འཛིན་བློ་བཟང་རྒྱ་མཚོས་མཛད་པ། བ་སོ་སྤྲུལ་སྐུའི་ལམ་གཙོའི་ཊིཀྐ།
༈ བློ་སྦྱོང་གི་སྐོར་ལ། མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱི་དཀར་ཆག་ལྟར་གྱི་བློ་སྦྱོང་བརྒྱ་རྩ། ཁམ་ལུང་པའི་ཐུན་བརྒྱད་མ། སྤྱན་སྔ་བསོད་ནམས་ལྷུན་གྲུབ་པའི་བློ་སྦྱོང་སྙན་བརྒྱུད་ཆེན་མོ། ལྷ་ལུང་གི་དབང་ཕྱུག་བྱང་ཆུབ་རིན་ཆེན་གྱི་བློ་སྦྱོང་ཟིན་བྲིས་རྒྱས་པ། ངག་དབང་རྣམ་རྒྱལ་གྱི་བློ་སྦྱོང་ལེགས་བཤད་སྙིང་བོ། དེའི་འགྲེལ་པ་བཀྲ་ཤིས་དཔལ་གྲུབ་ཀྱིས་མཛད་པ། སྣར་ཐང་མཁན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་བློ་སྦྱོང་གི་ཁྲིད་ཡིག་རྒྱས་པ་དང་། བློ་སྦྱོང་ཚིག་བརྒྱད་པའི་ཊིཀྐ། ཟུང་ཇུ་བློ་བཟང་ཕུན་ཚོགས་ཀྱི་བློ་སྦྱོང་ཚིག་བརྒྱད་མའི་ཁྲིད་ཡིག། གུང་ཐང་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མའི་བློ་སྦྱོང་མཚོན་ཆའི་འཁོར་ལོའི་ཊིཀྐ། ལྷ་བཙུན་བློ་བཟང་རྡོ་རྗེའི་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་བྲག་ཁ་ཐེག་ཆེན་གླིང་དུ་བློ་སྦྱོང་དོན་བདུན་མའི་ཁྲིད་གནང་བ་ལྷ་རྩེ་བློ་བཟང་བསྟན་འཛིན་གྱི་ཟིན་བྲིས།
པོ་ཏོ་བའི་གནམ་ཐིག་སྤྲིངས་ཡིག་དང་། གནས་ཐིག་སྤྲིངས་ཡིག། ལྷ་པ་ཞབས་དྲུང་བློ་བཟང་བསྟན་པ་དར་རྒྱས་ཀྱི་ལམ་རིམ་སྔོན་འགྲོའི་སྐོར་རྒྱས་པ་དང་། མགུར་སོགས་ཐོར་བུ་ལེ་ཚན་དུ་མ། འཇམ་དབྱངས་མཁྱེན་བརྩེའི་སུམ་པ་ལོ་ཙཱ་བའི་བློ་སྦྱོང་གི་ཁྲིད་ཡིག། སྣར་ཐང་པའི་ལུགས་ཀྱི་བློ་སྦྱོང་ཐུན་གཅིག་མ་སྣར་ཐང་མཁན་པོ་མཆིམས་ཆེན་པོས་མཛད་པ། བློ་སྦྱོང་ལེགས་བཤད་འཕྲུལ་གྱི་ལྡེ་མིག་གུ་ན་མ་ཏི་ལེགས་བཤད་རྒྱ་མཚོས་མཛད་པ། ༦༣ དགེ་བཤེས་ཤ་ར་བའི་ཡོན་བཤད་བེ་བུམ་འོམ་ཐང་བས་ཟིན་བྲིས་མ། ༣༥ དགེ་སློང་ཡེ་ཤེས་རིན་ཆེན་གྱི་རིན་ཆེན་སེམས་སྦྱོང་གི་མན་ངག་བཀའ་གདམས་གོང་མའི་གསུང་རྒྱུན་ལེ་ཚན་གཉིས་ལ། ༤༤༣ སྟག་གེ་དོན་ཡོད་རྒྱ་མཚོའི་ལམ་རིམ་ཟིན་བྲིས། ལྕེ་སྒོམ་ཤེས་རབ་རྡོ་རྗེའི་མན་ངག་རིན་ཆེན་སྤུངས་པ། མདོ་སྡེ་ངེས་དོན་བསྡུས་པ། ལྕེ་སྒོམ་པའི་མཆོད་གཏམ། བྱ་རོག་འཕྲིན་ཡིག།
མཁས་པ་བསོད་ནམས་རིན་ཆེན་གྱི་བསྟན་བཅོས་ལས་ཀྱི་མེ་ལོང་། འཕགས་པ་ལྷས་མདོ་རྒྱུད་མ་ལུས་པའི་གནད་བསྡུས་པ་བློ་གསལ་མགུལ་རྒྱན། ཀ་མད་ནེའུ་ལེའི་རྐྱལ་བ། བཀའ་བརྒྱུད་བླ་མ་རྣམས་ཀྱི་མགུར་ཕྱོགས་བསྡེབས། སྟོད་འབྲུག་གི་ཆོས་བརྒྱུད་འཛིན་པ་འབའ་ར་བའི་རྣམ་ཐར་མགུར་འབུམ་དང་། ཐར་གྲུ་སྐོར་གསུམ། རྟེན་འབྱུང་གི་ཆོས་ཐམས་ཅད་ཀྱི་སྙིང་པོའི་ཁྲིད་ཡིག། གཏམ་དུ་སྨྲ་བ་མཚོན་ཆའི་འཁོར་ལོ་བོད་མཁས་པས་མཛད་པ། མི་ཕམ་བློ་གྲོས་ཀྱི་རྣམ་མགུར། གླང་རི་ཐང་བའི་མགུར་ཕྱོགས་བསྡེབས། དགྱེར་གྱི་གདུང་རྒྱུད་གཞོན་ནུ་འོད་གཉིས་པའི་མགུར་འབུམ་པོད་ཆུང་གཅིག། ལྷ་བ་ཞབས་དྲུང་བློ་བཟང་འཕྲིན་ལས་ཀྱི་རྟེན་འབྲེལ་བཅུ་གཉིས་འཁོར་ཚུལ་གྱི་རྣམ་བཞག་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱིས་ཞུས་པ། ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག་ཁྲོ་ཕུ་བས་མཛད་པ། ནུབ་པ་རིག་འཛིན་གྲགས་ཀྱི་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་གདམས་པ། གོ་རམས་པ་བསོད་ནམས་སེང་གེའི་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག། ཀུན་དགའ་ལེགས་པའི་རིན་ཆེན་གྱི་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག། འབྲི་གུང་སྐྱུ་ར་རིན་ཆེན་དཔལ་གྱི་བསྟན་བཅོས་སྡོམ་གསུམ་གནད་གཅིག། དེའི་སློབ་མ་སྐྱུ་ར་དཔོན་ཤེས་འབྱུང་གི་ཁྱད་ཆོས་བརྒྱ་དང་དགུ་བཅུའམ་ཕྱིས་བརྒྱ་དང་ལྔ་བཅུར་བསྡུས་ན་ཚོམ་བདུན་དུ་བྱས་ཏེ་བཤད་པ་འབྲི་གུང་དགོངས་གཅིག།
བྱམས་པ་གླིང་བའི་སྐྱབས་འགྲོའི་རྣམ་བཤད་ཆེན་མོ། འཁོན་སྟོན་གྱི་སྐྱབས་འགྲོའི་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན། སྒོ་མང་བླ་མ་ཅུན་གར་བློ་བཟང་ཕུན་ཚོགས་ཀྱི་སྐྱབས་འགྲོའི་ཁྲིད་ཡིག། ཡི་ངོགས་བསམ་གཏན་རྒྱ་མཚོའི་བླ་མཆོད་ཊིཀྐ་དང་མགུར་འབུམ། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་བླ་མཆོད་ཁྲིད་ཡིག། ལྷ་བཙུན་བློ་བཟང་རྡོ་རྗེའི་བླ་མཆོད་ཁྲི་ཡིག། འཁོན་སྟོན་གྱི་རྒྱལ་བ་དགེ་འདུན་རྒྱ་མཚོའི་བླ་མཆོད་ཊིཀྐ་ཕན་བདེ་ཀུན་གྱི་འབྱུང་གནས། གྲུབ་དབང་བློ་བཟང་ཡར་འཕེལ་གྱི་བླ་མཆོད་ཁྲིད་ཡིག། པཎ་ཆེན་ཆོས་རྒྱན་གྱི་སློབ་མ་ཀྲེ་བ་ཆོས་རྗེ་དགེ་ལེགས་རྒྱ་མཚོའི་ཕྱག་ཆེན་ཁྲི་ཡིག། ལྷ་བཙུན་བློ་བཟང་རྡོ་རྗེའི་ཕྱག་ཆེན་ཁྲིད་ཡིག་དང་ཕྱག་ཆེན་ཡང་གསལ་སྒྲོན་མེའི་དཀའ་འགྲེལ། ཤེར་ཕྱིན་སྔོན་འགྲོའི་ཁྲིད་ཡིག། རྡེའུ་བཅུད་ལེན། གཅོད་ཀྱི་སྨོན་ལམ་སོགས་དང་། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱི་བསྟོད་ཚོགས།
འབྲུག་པ་པདྨ་དཀར་པོའི་ཕྱག་ཆེན་བཤད་སྦྱར་རྒྱལ་བའི་གན་མཛོད། དེའི་ནང་གི་སྡོམ་གསུམ་རབ་དབྱེའི་དགག་ལན་ཀླུ་སྒྲུབ་རྒྱ་མཚོས་མཛད་པ། མི་ཉག་ཤེས་རབ་བཟང་པོའི་ཕྱག་ཆེན་ཁྲིད་ཡིག། སྒམ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྒོམ་རིམ་གསལ་བར་བྱེད་པའི་ལེགས་བཤད་ཟླ་བའི་འོད་ཟེར། ཕྱག་ཆེན་གའུ་མའི་འགྲེལ་པ་དཀོན་མཆོག་འབངས་ཀྱིས་མཛད་པ། ཕྱག་ཆེན་གའུ་མའི་ཁྲིད་ཡིག་རྡོ་རྗེའི་ཚིག་གི་མདུད་འགྲོལ་སངས་རྒྱས་དཔལ་གྱིས་མཛད་པ། ཕྱག་རྒྱ་བའི་ཀ་དཔེ་སྔ་ཕྱི། སྤྱན་སྔ་ལྷ་གཟིགས་རས་པའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་མ་རིག་མུན་སེལ། རིག་འཛིན་ཀུན་དགའ་ཚེ་མཆོག་གི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་སངས་རྒྱས་སྦར་འདེབས། གྲུབ་ཆེན་ཡུ་མོའི་འོད་གསལ་སྒྲོན་མེ། ཕྱག་ཆེན་གསལ་སྒྲོན། ཟུང་འཇུག་གསལ་སྒྲོན་གསུམ། ཀུན་དགའ་གྲོལ་མཆོག་གི་ཁྲིད་བརྒྱ་ཆ་ལག་དང་བཅས་པ། ཀུ་ཅོར་རྟོགས་ལྡན་གྱི་ཁྲིད་བརྒྱ་སོགས་དེའི་གསུང་སྐོང། ཁྲོ་ཕུ་བརྒྱ་རྩའི་སྐོར།
ལྷ་རིས་པ་དབུས་མཛད་ཆོས་དབྱིངས་རྒྱ་མཚོའི་པཎ་ཆེན་ཆོས་རྒྱན་གྱི་སྐུ་ཕྲེང་ཞལ་ཐང་ལྗགས་བཀོད་མའི་ཁ་བྱང་། ལྷ་ལྡན་གཞལ་མེད་ཁང་གི་སྦྱར་བྱང་སྐལ་བཟང་སྣང་བ་སོགས་ཤོག་གྲངས་དགུ་བཅུ་ཙམ་མཐོང་། དཀོན་མཆོག་ཆོས་གྲགས་ཀྱི་ཀུན་གཟིགས་ལྔ་བའི་རྗེའི་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་དབྱར་སྐྱེས་རྔ་གསང་། སྐུ་འབུམ་པ་ཆོས་ཤུལ་ལྷ་བཟོ་བློ་བཟང་བཤེས་གཉེན་གྱི་དེའི་འགྲེལ་པ་བདུད་རྩི་ཟ་བའི་འཕང་འགྲོའི་སྒྲ་དབྱངས་སྐལ་མཉམ་རྣམ་སད་གཞོན་ནུའི་དགའ་སྐྱེད་མི་ཤེས་གཉིད་སློང་དྭངས་པའི་དཔལ་སྟེར། དགེ་བཤེས་ཡངས་པ་ཅན་ཞེས་གྲགས་པ་པུཎྱེའི་མིང་ཅན་གྱི་གཞོན་ནུའི་དུས་ནས་མའི་འགྲེལ་བ། ཁྲིམས་ཁང་ལོ་ཙཱ་བའི་མདོ་ཏིང་ངེ་འཛིན། དཀོན་བརྩེགས། ཕལ་ཆེན་རྣམས་ཀྱི་ཟིན་བྲིས། ཀོའུ་བ་ཆོས་རྒྱ་མཚོའི་རང་གི་ལོ་རྒྱུས་རིན་ཆེན་ཕྲེང་བ། བསྟན་བཅོས་གཟི་མ་ར་མགོ། ཐར་མདོའི་སྨོན་ལམ་སོགས་དང་། ཁྲི་དགེ་འདུན་ཕུན་ཚོགས་ཀྱི་རྗེའི་གསུང་འབུམ་གྱི་དཀར་ཆག་ཆེན་མོ། ས་བཟང་པཎ་ཆེན་གྱི་ཆོས་སྤྱོད་རབ་གསལ། ཆག་ལོའི་ཆོས་སྤྱོད་རབ་གསལ།
༈ ལྟ་ཁྲིད་སྐོར་ལ། ཐོག་མར་རྟེན་འབྲེལ་བསྟོད་པའི་ཊིཀྐ་རྒྱལ་བ་དགེ་འདུན་རྒྱ་མཚོ། ཁྲི་རྗེ་དཔོན་བློ་བཟང་ཉི་མ། སྟོབས་ལྡན་འོད་ཟེར། གུང་རུ་རྒྱན་བཟང་བ། མདོ་ཁམས་སྨད་པ་གྲགས་པ་འོད་ཟེར། མཁས་གྲུབ་ནོར་བཟང་རྒྱ་མཚོ། ར་རོང་དག་དབང་ཆོས་གྲགས། ལྕེ་སྟོན་ཀུན་དགའ་བཟང་པོ། ངག་དབང་བྱམས་པ། ལྕང་སྐྱ་རོལ་བའི་རྡོ་རྗེ། པཎ་ཆེན་མཆོག་ལྷ་འོད་ཟེར། ཕག་མགོ་བ་ཡེ་ཤེས་བརྩོན་འགྲུས། ཀློང་རྡོལ་དྲུང་ཡིག་དམ་ཆོས་ཡར་འཕེལ། བདེ་ཆེན་སྐུ་སྐྱེས་ངག་དབང་འཇམ་དབྱངས་དཔལ་ལྡན། དྭགས་པོ་ངག་དབང་གྲགས་པ། ཁྲི་ངག་དབང་བཀྲ་ཤིས། སྒོ་མང་བླ་མ་བློ་བཟང་དམ་ཆོས་པ་རྣམས་ཀྱིས་མཛད་པ་དང་། ལས་ཆེན་ཀུན་རྒྱལ་བའི་རྟེན་འབྲེལ་བསྟོད་པའི་མཆོད་བརྗོད་ཀྱི་རྣམ་བཤད། རྟེན་འབྲེལ་བསྟོད་པའི་བསྡུས་དོན་བློ་གྲོས་རིན་ཆེན་སེང་གེ་དང་། ཞང་ཞུང་པ་ཆོས་དབང་གྲགས་པས་མཛད་པ་གཉིས་ཡོད་དོ། །
བ་སོ་ཆོས་རྒྱན་ཀྱི་ལྟ་ཁྲིད་རྒྱས་འབྲིང་བསྡུས་གསུམ། དགའ་བློའི་ལྟ་ཁྲིད་རྒྱས་འབྲིང་བསྡུས་གསུམ། རིན་ཆེན་ཤཱཀྱའི་ལྟ་ཁྲིད། ཤེས་རབ་དར་གྱི་ལྟ་ཁྲིད། ཉང་པོ་ཆོས་གྲགས་པའི་ལྟ་ཁྲིད། རྟ་ཞལ་བའི་ལྟ་ཁྲིད། པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་གསུང་རྒྱུན་ལྟ་ཁྲིད། མཁས་གྲུབ་ཡོན་ཏན་རྒྱ་མཚོའི་ལྟ་ཁྲིད། གཙང་སྙོན་ཀུན་དགའ་རྒྱལ་མཚན་གྱི་ལྟ་ཁྲིད། དོན་ཡོད་དཔལ་གྱི་ལྟ་ཁྲིད། ལྟ་ཁྲིད་བརྗེད་བྱང་བུདྡྷ་རཏྣས་མཛད་པ། དབུ་མའི་མན་ངག་གསལ་སྒྲོན་ནམ་མཁའ་གྲགས་ཀྱིས་མཛད་པ། ཆོས་ལྡན་རབ་འབྱོར་གྱི་ལྟ་ཁྲིད། རྒྱལ་མཚན་བཟང་པོའི་ལྟ་ཁྲིད། རྗེ་དགེ་འདུན་གྲུབ་ཀྱི་གསུང་རྒྱུན་ལྟ་ཁྲིད། ལྟ་བའི་ཡིག་ཆུང་སྣར་ཐང་རབ་མཆོག་གིས་མཛད་པ། ཤར་བའི་དབུ་མའི་དྲིས་ལན་པ་ཚབ་ཀྱིས་མཛད་པ། པྲ་ཛྙཱའི་མཚན་ཅན་གྱི་ལྟ་བའི་ཟིན་བྲིས། ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པ་སྟོང་ཉིད་སེང་གེའི་ང་རོ་ལུང་རིགས་སྨྲ་བ་ཤེས་རབ་རྡོ་རྗེས་མཛད་པ། རྭ་བ་སྟོད་པ་མཆོག་ལྷ་འོད་ཟེར་གྱི་ལྟ་ཁྲིད། འཇམ་དབྱངས་ཆོས་རྗེའི་ལྟ་ཁྲིད། ཤར་ལུང་བའི་ལྟ་ཁྲིད། རྗེ་ཤེས་རབ་སེང་གེའི་ལྟ་ཁྲིད། རྗེ་སྨོན་ལམ་དབལ་བའི་ལྟ་ཁྲིད། བྱ་བྲལ་བ་སངས་རྒྱས་བཤེས་གཉེན་གྱི་ལྟ་ཁྲིད། རྒྱལ་ལྷ་ཁང་པ་རིན་ཆེན་བསམ་གྲུབ་ཀྱི་ལྟ་ཁྲིད། གཉལ་པ་ཆོས་གྲགས་ཀྱི་ལྟ་ཁྲིད། མཆིམས་ནམ་མཁའ་གྲགས་ཀྱི་དབུ་མའི་ལྟ་ཁྲིད་སོགས་མང་ངོ་། །
འདུལ་འཛིན་བློ་གྲོས་སྦས་པ། བློ་གྲོས་སེང་གེ། འཇམ་དབྱངས་དགའ་བློ། རོང་ཊིཀ་པ། གུང་རུ་རྒྱན་བཟང་སོགས་ཀྱི་ཤེར་སྙིང་ཊིཀྐ་ཡང་མང་།
༈ གསུམ་པ་དབུ་མའི་སྐོར་ལ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་རྩ་ཤེའི་ཊིཀྐ། རྒྱུད་བླ་མའི་ཊིཀ་ཆུང་། ཕྱ་པ་ཆོས་སེང་གེ་དབུ་མ་བདེན་གཉིས་དང་། དབུ་མ་སྣང་བ་། དབུ་མ་རྒྱན་གསུམ་གྱི་ཊིཀྐ། རྒྱུད་བླ་མའི་ཊིཀྐ། དབུ་མའི་བསྡུས་པ་ཆེ་ཆུང་གཉིས། རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱི་རྩ་ཤེའི་ཊིཀྐ། ཚིག་གསལ་སྟོང་ཐུན་གྱི་ཊིཀྐ། དབུ་མའི་སྟོང་ཐུན། དབུ་མའི་བསྡུས་པ། རྟོག་གེ་ཐོ་བའི་ཊིཀྐ། འཇུག་འགྲེལ་གྱི་བསྡུས་དོན་དང་མཆན་བུ། གཙང་ནག་པ་བརྩོན་འགྲུས་སེང་གེའི་དབུ་མའི་རྣམ་བཤད་དང་། དབུ་མའི་བསྡུས་པ་རྒྱས་བསྡུས་གཉིས། རྒྱུད་བླ་མའི་ཊིཀྐ། གྲོ་ལུང་བ། ཞང་ཚེ་སྤོང་བ་ཆོས་ཀྱི་བླ་མ། དེའི་སློབ་མ་ཉང་བྲན་པ་ཆོས་ཀྱི་ཡེ་ཤེས། དན་འབག་སྨྲ་བའི་སེང་གེ། བློ་གྲོས་མཚུངས་མེད། ཀརྨ་དཀོན་མཆོག་གཞོན་ནུ་རྣམས་ཀྱིས་མཛད་པའི་རྒྱུད་བླ་མའི་ཊིཀྐ། པནྚི་ཏ་སཛྫ་ནའི་གསུང་ལ་ལོ་ཙཱ་བ་གཟུ་དགའ་རྡོར་གྱིས་ཟིན་བྲིས་བྱས་པའི་རྒྱུད་བླ་མའི་རྣམ་བཤད། རྒྱུད་བླ་མའི་བཙན་ལུགས་ཀྱི་ཊིཀ་ཆེན་མཛད་བྱང་མི་གསལ་བ།
རེད་མདའ་བས་དང་པོར་རྒྱུད་བླའི་འགྲེལ་པ་དགོངས་ཟབ་སྣང་པ་སེམས་ཙམ་ལུགས་སུ་མཛད་དེ་ཕྱིས་དབུ་མའི་དོན་དང་མཐུན་པའི་མགུར་མཛད་པ་དང་བཅས་པ། འགོས་ལོ་གཞོན་ནུ་དཔལ་གྱི་རྒྱུད་བླའི་འགྲེལ་བཤད་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་མེ་ལོང་། ༤༦༡ རྣམ་གླིང་དཀོན་མཆོག་ཆོས་གྲགས་ཀྱི་རྒྱུད་བླའི་ཟིན་བྲིས། ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་ཀྱི་བཞི་བརྒྱ་པ། དབུ་མ་འཇུག་པ། རིན་ཆེན་ཕྲེང་བ། རིགས་པ་དྲུག་ཅུ་རྣམས་ཀྱི་རྣམ་བཤད། སྟོང་ལུང་གད་ས་རྒྱ་དམར་པ་བྱང་ཆུབ་གྲགས་པའི་དབུ་མ་བདེན་གཉིས་ཀྱི་ཊིཀྐ། པར་ཕུ་བའི་དབུ་མའི་རྩ་ཊིཀ། རེད་མདའ་བས། འཛམ་གླིང་མཛེས་པའི་རྒྱན་མཆོག་དཀའ་ཆེན་བཞི། །རྩ་འཇུག་བཞི་གསུམ་ཐེག་ཆེན་རྒྱུད་བླ་མ། །ཆོས་མངོན་མཛོད་དང་དཔལ་ལྡན་འདུས་པ་སྟེ། །རྣམ་བཤད་མཛད་པའི་གཞུང་ལུགས་བཅུ་ཕྲག་གཅིག །གསུངས་པ་ལྟར་རྩ་འཇུག་བཞི་གསུམ། རྒྱུད་བླ། ཚིགས་གསལ་སྟོང་ཐུན་རྣམས་ཀྱི་ཊིཀྐ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་ཟློག། ཞིབ་མོ་རྣམ་འཐག་རྣམས་ཀྱི་ཊིཀྐ་ས་བཅད་དང་བཅས་པ། རོང་ཊིཀ་པའི་དབུ་མ་འཇུག་པ། དབུ་མ་རྒྱན། དབུ་མ་བདེན་གཉིས་རྣམས་ཀྱི་རྣམ་བཤད། འབུམ་ཊིཀ་ཆེན་མོ།
ཇོ་ནང་དོལ་པོ་པས། ལྷུན་པོ་བཞེངས་པའི་རྒྱ་མཚོ་རྡོལ་བ་སྙམ། །ཞེས་སྐུ་འབུམ་ཆེན་མོ་བཞེངས་ནས་རྟོགས་པ་གསར་པ་འཁྲུངས་པ་ཟེར་ནས་མཛད་པ་ངེས་དོན་རྒྱ་མཚོ། བསྡུས་དོན། ས་བཅད། ངེས་དོན་གསལ་བྱེད། རྒྱུད་བླ་མའི་རྣམ་བཤད། འབུམ་ཊིཀ། བསྟན་པ་སྤྱི་འགྲེལ། བཀའ་བསྡུ་བཞི་པ་སོགས་མང་།
ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་གི་རིགས་པ་དྲུག་ཅུ་བ་དང་། རྒྱུད་བླའི་རྣམ་བཤད། ས་བཟང་འཕགས་པའི་རྒྱུད་བླའི་འགྲེལ་པ་ཡོད་ཟེར་ཏེ། བློ་གྲོས་རྒྱལ་མཚན་གྱིས་མཛད་ཅེས་པའི་མཆན་བུ་ཞིག་མཐོང་དེ་ཡིན་ནམ་སྙམ། ཀརྨ་པཀྴིའི་སྤྲུལ་སྐུ་རང་བྱུང་རྡོ་རྗེའི་ཟབ་མོ་ནང་དོན་གྱི་བསྟན་བཅོས་དང་། ཆོས་དབྱིངས་བསྟོད་པའི་རྣམ་བཤད། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་དབུ་མའི་རྒྱན་དང་། དབུ་མ་འཇུག་པ། དབུ་མ་བདེན་གཉིས་རྣམས་ཀྱི་རྣམ་བཤད། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་དབུ་མའི་རྣམ་བཤད། རོང་པ་རྒ་ལོའི་དབུ་མའི་བསྡུས་པ། ཕུ་དང་བཀའ་གདམས་པའི་བདེན་གཉིས། ཡིད་བཟང་རྩེ་བའི་བདེན་གཉིས་དང་། དབུ་མའི་མན་ངག་གི་རྣམ་བཤད། ཞྭ་ལུ་པ་བཙུན་གནས་དབོན་པོ་ཚུལ་ཁྲིམས་རྒྱལ་མཚན་གྱི་དབུ་མ་རིགས་ཚོགས་ཀྱི་ཊིཀྐ། ཁམས་བཙུན་སློབ་དཔོན་ཤེར་རྒྱལ་བའི་དབུ་མའི་སྟོང་ཐུན། པཎ་ཆེན་ཤཱཀ་མཆོག་པའི་དབུ་མའི་ཆོས་འབྱུང་།
གོ་རམས་པ་བསོད་ནམས་སེང་གེ། རྩེ་ཐང་སངས་ལྷུན། དངོས་གྲུབ་རྣམས་ཀྱིས་གཞན་སྟོང་དགག་པ། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་ཀྱི་དབུ་མ་འཇུག་པའི་ཊིཀྐ། སྟག་ཚང་ལོ་ཙཱ་བའི་འཇུག་པ་དང་། བཞི་བརྒྱ་བའི་འགྲེལ་པ་ཚིགས་གསལ་གྱི་བསྡུས་དོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་མཛད་པ་རྣམས་སོ། །
༈ ད་ནི་རྗེའི་རང་ལུགས་འཛིན་པ་རྣམས་ཀྱི་དབུ་མའི་གཞུང་དཔེ་དཀོན་པ་ཕྱོགས་ཙམ་ནི། འདུལ་འཛིན་བློ་གྲོས་སྦས་པའི་དབུ་མ་ལེགས་པར་བཤད་པའི་རྒྱ་མཚོ་དང་། ཟབ་མོ་དབུ་མའི་ལམ་གསལ་བར་བྱེད་པའི་བསྟན་བཅོས་སྐལ་བཟང་མིག་འབྱེད་ཀྱི་སྙིང་པོ། གུང་རུ་རྒྱན་བཟང་བའི་དབུ་མའི་སྤྱི་དོན་བློ་གསལ་དགའ་བྱེད། རྩ་ཤེའི་ཊིཀྐ། འཇུག་པའི་རྣམ་བཤད་རྟེན་འབྱུང་གི་དེ་ཉིད་གསལ་བྱེད། དབུ་མའི་སྟོང་ཐུན། རྩོད་ཟློག་གི་ཊིཀྐ་ལེགས་བཤད་སྣང་བ། བདག་མེད་པའི་དོན་སྒོམ་ཚུལ་གྱི་རིམ་དོགས་གཅོད་དང་བཅས་པ། རིགས་པ་དྲུག་ཅུ་པའི་ཊིཀྐ། གསང་ཕུ་བ་དཔལ་ལྡན་སེང་གེའི་དབུ་མ་རྩ་བའི་ཚིག་དོན་རྣམ་པར་ཕྱེ་བ། མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེའི་རྣམ་བཤད་དགོངས་པ་རབ་གསལ་གྱི་དེ་ཉིད་གསལ་བྱེད། གུང་རུ་ཆོས་འབྱུང་གི་དབུ་མའི་མཐའ་དཔྱོད། འཇམ་དབྱངས་དགའ་བློའི་རྩ་ཤེ་དང་འཇུག་པའི་གཞུང་འགྲེལ། དབུ་མ་མཁས་པའི་རྣ་རྒྱན། དབུ་མའི་བརྒྱད་ལན་ཐེག་ཆེན་ལྷུན་པོ།
རྩིས་ཐང་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་དབུ་མའི་དྲིས་ལན། རྩིས་ཐང་པཎ་ཆེན་བསོད་ནམས་གྲགས་པའི་དབུ་མའི་སྤྱི་དོན་དང་མཐའ་དཔྱོད། དགའ་ལྡན་བྱང་རྩེའི་ཡིག་ཆ་ཁྱུང་ཕྲུག་པའི་དབུ་མའི་སྟོད་ཆ་དང་། དབུ་མའི་ཊིཀ་ཆུང་། བཀྲས་ལྷུན་ཐོས་བསམ་གླིང་པ་བློ་བཟང་བཤེས་གཉེན་གྱི་དབུ་མ་ཐར་འདོད་དེད་དཔོན་སྙིང་པོ། རིགས་ཚོགས་དྲུག་གི་མཐའ་དཔྱོད་བློ་གསལ་ཡིད་ཀྱི་མུན་སེལ། ཐོས་གླིང་བསོད་ནམས་རྒྱལ་མཚན་གྱི་དབུ་མའི་སྤྱི་དོན་དང་མཐའ་དཔྱོད། ཐོས་གླིང་བྱང་སྟོན་སྨྲ་བའི་སེང་གེ་བརྩོན་འགྲུས་རྒྱལ་མཚན་གྱི་དབུ་མའི་རྣམ་བཤད། དཀྱིལ་ཁང་ཤཱནྟི་པ་བློ་གྲོས་རྒྱལ་མཚན་གྱི་དབུ་མའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་རྒྱན་དང་། དབུ་མའི་མཐའ་དཔྱོད་ལེགས་བཤད་སྣང་བྱེད། ཤཱནྟི་པའི་གསུང་ཟིན་བྲིས་ཀྱི་དབུ་མ་རྗེ་བསྟན་པ་དར་བཟང་གིས་བཀོད་པ། ཤར་རྩེ་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་དབུ་མའི་རྣམ་བཤད་དང་། དབུ་མའི་མཐའ་དཔྱོད་ལེགས་བཤད་གཏེར་མཛོད། མངའ་རིས་པ་ལེགས་དོན་གྱི་དབུ་མའི་མཐའ་དཔྱོད་ཀླུ་སྒྲུབ་དགོངས་རྒྱན། གྲ་ཆུང་ཡོན་ཏན་རྒྱ་མཚོའི་དངོས་སློབ་གྲགས་པ་དབང་རྒྱལ་གྱི་དབུ་མ་བཀླག་པས་དོན་གྲུབ། དྭགས་པོ་མཁས་གྲུབ་བྱམས་པ་བརྟན་པའི་དབུ་མ་ལུང་རིགས་འདོད་འཇོ།
སེར་བྱེས་རྗེ་བཙུན་པའི་དབུ་མ་སྐལ་བཟང་མགུལ་རྒྱན། རྗེ་དྲུང་ཤེས་རབ་དབང་པོའི་དབུ་མའི་སྤྱི་དོན་དགོངས་པ་ཡང་གསལ། སྒོམ་སྡེའི་ཐལ་ཟློག། སྒོམ་སྡེའི་དབུ་མ་སྐལ་ལྡན་མགུལ་རྒྱན་ཐར་འདོད་འཇུག་ངོགས། འཇུག་པའི་ཊིཀ་ཆུང་ཐར་འདོད་འཇུག་ངོགས། ཞི་ལྷག་གི་བཤད་པ། བྱང་ཆུབ་སེམས་འགྲེལ་གྱི་རྣམ་བཤད་འབྲུག་པ་པད་དཀར་གྱི་དགག་ལན་དང་བཅས་པ། སེར་སྨད་མཁས་གྲུབ་བསྟན་དར་བའི་དབུ་མའི་རྣམ་བཤད་བློ་གསལ་སྒྲོན་མེ། སེ་ར་རྗེ་བཙུན་པའི་ཤཱཀ་ལན་ཡོངས་རྫོགས། གོ་ལན་རྩོམ་འཕྲོ། ཀར་ལན་ཀླུ་སྒྲུབ་དགོངས་རྒྱན། འཇུག་ཊིཀ་གཉིས། ཁྱད་པར་འཕགས་བསྟོད་ཀྱི་ས་བཅད། འཇུག་པའི་དཀའ་གནད་དོགས་གཅོད་ཉུང་བསྡུས། བཟང་སྤྱོད་ཀྱི་ས་བཅད། བསོད་གྲགས་པའི་ཀརྨ་མི་བསྐྱོད་རྡོ་རྗེའི་གསུངས་ལན་ལེ་ཚན་གཉིས། ལྟ་ཁྲིད། བདེ་ལེགས་ཉི་མའི་ཀར་ལན་གྱི་ཡང་ལན། ཨེ་པ་དཀའ་ཆེན་ཤེས་རབ་རྒྱལ་བོའི་དབུ་མ། ཡེ་ཤེས་བཟང་པོའི་དབུ་མའི་སྤྱི་དོན། གངས་ཅན་པ་ཆོས་སྐུ་དཔལ་འབྱོར་གྱི་དབུ་མའི་སྤྱི་དོན་དང་། དབུ་མའི་མཐའ་དཔྱོད་ལེགས་བཤད་སྣང་བྱེད་དཀྱིལ་འཁོར།
ཀུན་མཁྱེན་འཇམ་དབྱངས་བཞད་པའི་དངོས་སློབ་ཐང་རིང་བློ་བཟང་དགེ་ལེགས་ཀྱི་དབུ་མའི་མཐའ་དཔྱད། ཐང་རིང་ན་ཟན་ཀྱཱ་ལེ་ཡེའི་དབུ་མ་ཟེར། བྱང་སེམས་གཞོན་ནུ་རྒྱལ་མཆོག་གི་རྩ་ཤེའི་ཊིཀ་ཆེན། སྟོབས་ལྡན་འོད་ཟེར་གྱི་དབུ་མ། རྩིས་ཐང་པ་ཚུལ་ཁྲིམས་བློ་གྲོས་ཀྱི་དབུ་མ་བློ་གསལ་ཡིད་ཀྱི་མུན་སེལ། བསོད་ནམས་བཟང་པོའི་རྩ་ཤེའི་ཊིཀྐ་ཐབས་ཀྱི་གྲུ་རྫིང་། གྲ་ཆུང་པ་ཡོན་ཏན་རྒྱ་མཚོའི་དབུ་མ་བཀླག་པས་དོན་གྲུབ། ཆོས་གྲགས་འོད་ཟེར་གྱི་དབུ་མའི་མཐའ་དཔྱོད་དགོངས་པ་གསལ་བྱེད་རིན་པོ་ཆེའི་མཛོད་དང་། དབུ་མའི་མཐའ་དཔྱོད་ནོར་བུའི་ཕྲེང་བ། རྗེའི་སློབ་མ་རྒྱལ་བ་དཀའ་བཞི་པའི་དབུ་མའི་རྣམ་བཤད། ཡར་ལུང་པ་དངོས་གྲུབ་རྒྱ་མཚོའི་ཐལ་ཟློག། སྟག་ལུང་བྲག་པའི་དབུ་མའི་མཐའ་དཔྱོད། བསམ་སྒང་པའི་དབུ་མའི་རྣམ་བཤད། ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱི་ལྷག་མཐོང་ཆོས་སྐོར། རྒྱལ་རོང་ནམ་མཁའ་ལྷུན་གྲུབ་དང་། ལི་ཐང་མཁན་ཆེན་བློ་བཟང་ཆོས་གྲགས་གཉིས་ཀྱི་སྟག་ཚང་བའི་དགག་ལན། བློ་གྲོས་སེང་གེའི་རྩ་ཤེའི་ཊིཀྐ། ཉན་པོ་ཤཱཀྱ་རྒྱལ་མཚན་གྱི་ཆོས་དབྱིངས་བསྟོད་པའི་འགྲེལ་པ་ལྟ་ངན་མུན་སེལ།
ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་དབུ་མ་འཇུག་པའི་རྣམ་བཤད་ངེས་དོན་རྒྱ་མཚོ། ལྕང་སྐྱ་རོལ་བའི་རྡོ་རྗེས་དབུ་མའི་སེམས་བསྐྱེད་དང་པོ་དང་། རྩ་ཤེའི་རབ་བྱེད་དང་པོའི་རྣམ་བཤད། ཐོར་གོད་དགེ་བཤེས་བློ་བཟང་སྙན་གྲགས་ཀྱི་དབུ་མའི་སྙིང་རྗེའི་བར་གྱི་མཐའ་དཔྱོད་ཤེས་རབ་སྒྲོན་མེ། དཀའ་ཆེན་སྟག་ལུང་བསོད་ནམས་གྲགས་པའི་ལྟ་བའི་དོགས་གཅོད་ལེ་ཚན་གཉིས། དྲི་བ་བཅུའི་ལན། དཔོན་སློབ་འཇམ་ཆོས་པའི་དྲིས་ལན། དྲིས་ལན་ཐར་བའི་ལན་སྟོན། དབུ་མའི་ལྟ་ཁྲིད་རྒྱལ་ལེགས་བཤད་སྒྲོགས་པའི་ཆོས་གྲ་གནོད་སྦྱིན་དབང་ལྡན་ཆེན་པོའི་ཕོ་བྲང་དུ་སྒོམ་ཆེན་གཞན་ཕན་བཟང་པོས་སྦྱར་ཞེས་ཡོད་པའི་འདི་འཁོན་སྟོན་གྱིས་མཛད་པ་ཡིན་ཟེར། འཁོན་སྟོན་གྱི་ལྟ་བ་སྤྱི་ཁྱབ་ཏུ་ངོ་སྤྲོད་པ་ཡིད་བཞིན་ནོར་བུ། ནོར་བཟང་པའི་རྟེན་འབྱུང་གསལ་བྱེད་སྒྲོན་མེ་ཆེ་འབྲིང་ཆུང་གསུམ། ལས་ཆེན་ཀུན་རྒྱལ་བའི་དྲིས་ལན་དང་ཡང་ལན། ཁྲི་ངག་དབང་བཀྲ་ཤིས་པའི་དབུ་མའི་གསུང་བཤད་ཟིན་བྲིས་ནོར་བུའི་ཕྲེང་མཛེས་ཆོས་སྐྱོང་རྒྱ་མཚོས་བཀོད་པ།
༈ བཞི་པ་ཕར་ཕྱིན་སྐོར་ལ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་ཕར་ཕྱིན་ཊིཀ་ཆེན། དེའི་ཕར་ཕྱིན་ཊིཀ་ཆུང་འདི་བོད་ཀྱི་ཕར་ཊིཀ་གི་ཐོག་མ་ཡིན་པར་ཀུན་མཁྱེན་བར་པས་གསུངས། བྱམས་ཆོས་གཞན་བཞིའི་རྣམ་བཤད། ཕྱ་པ་ཆོས་སེང་གི་ཕར་ཊིཀ། བྱམས་ཆོས་ཕྱི་མ་བཞིའི་འགྲེལ་བ། རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་ཕར་ཕྱིན་ཊིཀྐ། བྱམས་ཆོས་ལྷག་མ་བཞིའི་རྣམ་བཤད། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་བྱམས་ཆོས་སྡེ་ལྔའི་རྣམ་བཤད། མངོན་རྟོགས་རྒྱན་གྱི་ཊིཀ་ཆུང་། དེའི་ལྷན་ཐབས་མདོ་དང་སྦྱར་བ། ཞྭ་ལུ་པ་ཚུལ་ཁྲིམས་རྒྱལ་མཚན་གྱི་བྱམས་ཆོས་ཕྱི་མ་བཞིའི་འགྲེལ་བ། ས་བཟང་འཕགས་པ་བློ་གྲོས་རྒྱལ་མཚན་གྱི་མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ། མངོན་པ་ཀུན་བཏུས་ཀྱི་ཊིཀྐ་ཤེས་བྱ་རབ་གསལ། བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎྚིཏ་སཛྫ་ནའི་གསུང་ལ་ལོ་ཙཱ་བ་པདྨ་སེང་གེས་ཟིན་བྲིས་བྱས་པའི་མདོ་སྡེ་རྒྱན་གྱི་ཊིཀ་ཆེན། འཕྱོས་ཀྱི་མདོ་སྡེ་སྡུག་པ་དར་མ་བརྩོན་འགྲུས་ཀྱི་མདོ་སྡེ་རྒྱན་གྱི་ཊིཀ་ཆེན། རྒྱལ་སྲས་ཐོགས་མེད་བཟང་པོའི་མདོ་སྡེ་རྒྱན་གྱི་རྣམ་བཤད། དགའ་ལྡན་ཁྲི་པ་དྭགས་པོ་བློ་གྲོས་བརྟན་པའི་བྱམས་ཆོས་ཕྱི་མ་བཞིའི་འགྲེལ་བ་དང་། དོན་བདུན་ཅུ། འཇམ་དབྱངས་དགའ་བློའི་ས་རྒྱན་སྦྱར་བའི་འགྲེལ་པ་ཀུན་བཟང་མཆོད་སྤྲིན། མཁས་གྲུབ་རིན་པོ་ཆེའི་གསུང་བཤད་མདོ་སྡེ་རྒྱན་གྱི་ཟིན་བྲིས།
ཏཱ་ར་ནཱ་ཐས་མདོ་སྡེ་རྒྱན་གྱི་བཤད་པ་བྱས་སྐབས་སྨད་ཆ་ལ་བླ་ཆེན་ཡེ་ཤེས་དྲུང་གིས་ཟིན་བྲིས་བྱས་པ། ཇོ་བོས་དབུས་ནས་འབྲོམ་སོགས་ལ་བརྒྱད་སྟོང་བ་དང་རྒྱན་གྱི་བཤད་པ་མཛད་པ་ལ་ཁམས་པ་ཕྱག་དར་སྟོན་པས་ཟིན་བྲིས་བྱས་པ་ཕར་ཕྱིན་ཁམས་ལུགས་སུ་གྲགས་པ། གྲོ་ལུང་པའི་ཉི་ཁྲིའི་འགྲེལ་བ། མདོ་སྡེ་རྒྱན་གྱི་འགྲེལ་བ། བྱང་སའི་འགྲེལ་བ། ཕར་ཕྱིན་གྱི་ཊིཀྐ། གཙང་ནག་པའི་མངོན་རྟོགས་རྒྱན་གྱི་རྣམ་བཤད་དང་། ཤེར་ཕྱིན་གྱི་མདོ་སྦྱོར། འབྲེ་ཤེས་རབ་འབར་གྱི་ཉི་ཁྲིའི་འགྲེལ་པ། ཕར་ཊིཀ། སྡུད་པའི་འགྲེལ་བ། འབྲེའི་སློབ་མ་ཁུ་ཤེས་རབ་བརྩོན་འགྲུས་ཀྱི་མངོན་རྟོགས་རྒྱན་གྱི་ཊིཀྐ་རྒྱས་འབྲིང་བསྡུས་གསུམ། ཨར་བྱང་ཆུབ་ཡེ་ཤེས་ཀྱི་ཕར་ཕྱིན། མདོ་སྡུད་པ་དང་། ཤེར་སྙིང་གི་ཊིཀྐ། ཞང་ཡེ་བ་སྨོན་ལམ་ཚུལ་ཁྲིམས་ཀྱི་འགྲེལ་བ་དོན་གསལ་གྱི་འགྲེལ་བཤད། དེའི་སློབ་མ་དབང་ཕྱུག་རྒྱལ་པོའི་ཕར་ཕྱིན་ཊིཀ་ཆེན། དཀར་ཆུང་རིང་མོ་གཞོན་ནུ་ཚུལ་ཁྲིམས་ཀྱི་རྒྱན་རྩ་འགྲེལ་གྱི་རྣམ་བཤད་དང་། མདོ་སྡུད་པའི་འགྲེལ་བ། ཞང་ཚེ་སྤོང་བ་ཆོས་ཀྱི་བླ་མའི་ཕར་ཊིཀ་སོགས་གཞུང་མང་།
ཡར་རྒྱལ་བའི་ཤེས་རབ་ཀྱི་ཀུན་བཏུས་ཊིཀ་ཆེན། འཇམ་གསར་གྱི་ཕར་ཊིཀ། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་ཕར་ཕྱིན་དཀའ་འགྲེལ་ཆེན་མོ། ཕར་ཕྱིན་བསྡུས་པ། མངོན་པ་ཀུན་བཏུས་ཀྱི་ཊིཀྐ། དོལ་པོ་བའི་མངོན་རྟོགས་རྒྱན་གྱི་རྣམ་བཤད། ཉ་དཔོན་ཀུན་དགའ་དཔལ་བའི་ཕར་ཊིཀ་ཡིད་ཀྱི་མུན་སེལ། མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཐེག་པ་ཆེན་པོ་ལ་འཇུག་པ་ཡུལ་དབུས་ཀྱི་སློབ་དཔོན་ཆེན་པོ་འཇམ་པའི་རྡོ་རྗེས་སྦྱར་བ་ཤོག་གྲངས་ལྔ་བརྒྱར་ཉེ་བ་ཞིག་མཐོང་བ་གཉལ་ཞིག་འཇམ་དཔལ་རྡོ་རྗེའི་ཕར་ཊིཀ་ཡིན་ནམ་ཞེས་བདག་གི་བླ་མ་དབལ་མང་རྡོ་རྗེ་འཆང་གིས་གསུངས།
གཡག་ཕྲུག་སངས་རྒྱས་དཔལ་བའི་ཕར་ཕྱིན་རིན་པོ་ཆེའི་བང་མཛོད་དགོས་འདོད་སྩོལ་བ། ཕར་ཕྱིན་དཀའ་འགྲེལ། ཕར་ཕྱིན་བསྡུས་དོན། རེད་མདའ་བའི་ཕར་ཕྱིན་གྱི་ཊིཀྐ་ཉི་མའི་འོད་ཟེར། མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ལེགས་བཤད་རྒྱ་མཚོ། བུ་སྟོན་གྱི་བླ་མ་འཇམ་སྐྱ་ནམ་མཁའ་དཔལ་ལྡན་གྱི་ཕར་ཊིཀ། བུ་སྟོན་སེང་གེ་འོད་ཀྱི་ཕར་ཕྱིན་ཊིཀ་ཆུང་། བུའི་སློབ་མ་མཁན་ཆེན་ཆོས་དཔལ་བཟང་པོའི་མངོན་རྟོགས་རྒྱན་དང་། མངོན་པ་ཀུན་བཏུས་ཀྱི་རྣམ་བཤད། རོང་ཊིཀ་པའི་གཞན་ལ་འདོམས་པའི་གཞུང་རེ་བཞི། རྣམ་བཤད་མཛད་པའི་གཞུང་ལུགས་བཞི་བཅུ་ཟེར་ཏེ་ཇི་ལྟར་ཡང་ཕར་ཕྱིན་གྱི་རྣམ་བཤད། མདོ་སྡུད་པའི་ཊིཀྐ། ཕར་ཕྱིན་ལམ་བསྒྲིགས་སམ་ཤེར་ཕྱིན་བཀའ་བབས་དྲུག་གི་ཁྲིད་ཡིག། སྒོམ་རིམ་ཐོག་མཐར་བར་གསུམ་གྱི་ཊིཀྐ། བརྒྱད་སྟོང་དོན་བསྡུས་ཀྱི་འགྲེལ་བ། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་མངོན་རྟོགས་རྒྱན་གྱི་ཊིཀྐ། ཞྭ་ལུ་བ་རིན་ཆེན་བསོད་ནམས་འཕེལ་གྱི་ཕར་ཕྱིན་སྦྱོར་ཊིཀ་མཁས་པ་དགའ་བྱེད། དོན་བདུན་ཅུའི་ས་མཚམས། ཕར་ཕྱིན་ཐལ་ཕྲེང་ཉུང་དུ་ཞེ་ཚན། སྐྱོན་སྟོན་རིག་འཛིན་རྒྱལ་པོའི་ཕར་ཕྱིན་རྣམ་བཤད་ཉི་མའི་འོད་ཟེར། འགོས་ལོ་གཞོན་ནུ་དཔལ་གྱི་ཕར་ཕྱིན་རྣམ་བཤད་ཆེ་ཆུང་གཉིས། སྟག་ལོའི་ཕར་ཊིཀ། མདོ་སྡུད་པའི་ཊིཀྐ། མདོ་སྡེ་ཀུན་ཤེས། ཀརྨ་མི་བསྐྱོད་རྡོ་རྗེའི་ཕར་ཕྱིན་ཊིཀ་ཆེན། ཟི་ལུང་ཤཱཀྱ་མཆོག་ལྡན་གྱི་ཕར་ཕྱིན་སྤྱི་དོན་ལུང་ཆོས་རྒྱ་མཚོ། མདོ་སྡེ་རྣམ་མང་ལས་གསུངས་པའི་བདེ་གཤེགས་སྙིང་པོའི་བཤད་པ་རེད་མདའ་པས་མཛད་པ།
བྱང་བ་རྣམ་རྒྱལ་གྲགས་པའི་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་གསལ་བར་བྱེད་པའི་བསྟན་བཅོམ་ཡིད་ཀྱི་མུན་སེལ། ཡར་འབྲོག་པ་རིན་ཆེན་ཏོག་གི་དབང་པོ་རྡོ་རྗེ་དང་ཐོག་ཏོག། སྒྲ་ཚད་པའི་བདེ་གཤེགས་སྙིང་པོའི་མཛེས་རྒྱན། སྐྱེད་ཚལ་མཁན་པོ་འཇམ་དབྱངས་ཆོས་བཟང་གི་ཕར་ཕྱིན་ལུང་རིགས་རྒྱ་མཚོ། གོ་རམས་པ་བསོད་ནམས་སེང་གེའི་ཕར་ཕྱིན་སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད། མུས་རམས་པ་བྱམས་པ་ཐུགས་རྗེའི་ཕར་ཕྱིན་མི་ཕམ་དགོངས་རྒྱན། ངག་དབང་ཆོས་གྲགས་ཀྱི་ཕར་ཕྱིན་སྤྱི་དོན་ཀུན་མཁྱེན་དགོངས་གསལ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱི་ཤེར་སྙིང་འགྲེལ་པ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་ཕར་ཊིཀ། བྱང་སེམས་གཞོན་ནུ་རྒྱལ་མཆོག་གི་ཕར་ཕྱིན་སྤྱི་དོན་ཆེན་མོ་འདི་ངམ་རིང་དུ་དར། སྨྲ་ཁམས་པ་གྲགས་པ་བཟང་པོའི་ཕར་ཕྱིན་ཡུམ་དོན་ནོར་བུའི་དགོངས་རྒྱན། དྭགས་པོ་འོད་ཟེར་སེང་གེའི་ཕར་ཕྱིན། འོད་ཟེར་མགོན་པོའི་ཕར་ཕྱིན། བཅོམ་ལྡན་རིགས་རལ་གྱི་ཕར་ཕྱིན། བཀྲས་ལྷུན་ཐོས་བསམ་གླིང་པ་ཆོས་འབྱོར་དཔལ་བཟང་གི་ཕར་ཕྱིན་སྤྱི་དོན་བསམ་འཕེལ་དབང་རྒྱལ། དཀྱིལ་ཁང་ལེགས་པ་དོན་གྲུབ་ཀྱི་ཕར་ཕྱིན་སྤྱི་དོན་གཉིས། འདུལ་འཛིན་བློ་གྲོས་སྦས་བའི་ཕར་ཕྱིན་སྤྱི་དོན་བཀའ་གནད་གསལ་བྱེད་དང་སྦྱོར་ཊིཀ། དཀྱིལ་ཁང་ཤཱནྟི་པ་བློ་གྲོས་རྒྱལ་མཚན་གྱི་རྒྱན་འགྲེལ་པ་དང་བཅས་པའི་མཐའ་དཔྱོད་ཤེར་ཕྱིན་གྱི་དོན་གསལ། དགེ་འདུན་ཉི་ཤུ། རྟེན་འབྲེལ། བསམ་གཟུགས་རྣམས་ཀྱི་མཐའ་དཔྱོད།
ཤར་རྩེའི་གདན་ས་དང་པོ་ཤངས་སྟོན་དྲི་མེད་བཤེས་གཉེན་གྱི་ཕར་ཕྱིན་མཐའ་དཔྱོད་ཡིད་བཞིན་ནོར་བུ། ཤར་རྩེ་སྟོབས་ལྡན་འོད་ཟེར་གྱི་ཕར་ཕྱིན་སྣང་བྱེད་དཀྱིལ་འཁོར་དང་། མཐའ་དཔྱོད་གཞན་ཕན་ཉི་མ། ཤར་རྩེ་དྲུག་པ་བྱང་སྟོན་བློ་གྲོས་རྒྱ་མཚོའི་ཕར་ཕྱིན་སྙིང་པོ་གསལ་བྱེད། སྤྱི་དོན་མཐོང་བས་ཡིད་འཕྲོག། མཐའ་དཔྱོད་ལེགས་བཤད་ཉིན་བྱེད་དབང་པོ། ཤར་རྩེ་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་ཕར་ཕྱིན་རྣམ་བཤད་སྙིང་བོ་རྒྱན་གྱི་སྣང་བ། ར་བ་སྟོད་མཆོག་ལྷ་འོད་ཟེར་གྱི་ཕར་ཕྱིན། གྲ་ཆུང་ཡོན་ཏན་རྒྱ་མཚོའི་ཕར་ཕྱིན། དེའི་སློབ་མ་མཚེམ་གྲགས་བ་དབང་རྒྱལ་གྱི་རྒྱན་གྱི་ཡན་ལག་རྒྱས་བཤད་ནོར་བུའི་ཕྲེང་བ། དཀའ་གནས་ཀྱི་མཐའ་དཔྱོད་རིགས་པའི་རྒྱ་མཚོ། སྒོ་མང་གུང་རུ་ཆོས་འབྱུང་གི་ཕར་ཕྱིན་སྐབས་དང་པོ། ༢༠༩ གཉིས་པར། ༣༩ གསུམ་པར། ༡༧ བཞི་བར། ༨༨ ལྔ་པར། ༡༨ དྲུག་པ་བདུན་པ་གཉིས་ལ། ༣ བརྒྱད་པར། ༤༠ གུང་རུའི་ཕར་ཕྱིན་བསྡུས་པ། དགེ་འདུན་ཉི་ཤུ། ༤༦ རྟེན་འབྲེལ། ༣༢ དྲང་ངེས་རྣམ་འབྱེད། ༩༩ བསམ་གཟུགས། ༢༧
བློ་གླིང་འཇམ་དབྱངས་དགའ་བློའི་ཕར་ཕྱིན་གཞུང་འགྲེལ་རྒྱན་གྱི་སྣང་བ། ཕར་ཕྱིན་ལུང་རིགས་རྒྱ་མཚོ། སྤྱི་དོན་མཁས་པ་ལ་གཏམ་དུ་བྱ་བ་འཁོར་ལོ་གསུམ་གྱི་གསལ་བྱེད་སྙིང་གི་མེ་ལོང་། བདེན་བཞིའི་མཐའ་དཔྱོད་བློ་གྲོས་མིག་འབྱེད། ས་ལམ་རྣམ་གཞག། དགེ་འདུན་ཉི་ཤུའི་མཐའ་དཔྱོད་རིགས་པའི་མགུལ་རྒྱན། རྟེན་འབྲེལ་གྱི་མཐའ་དཔྱོད། ལེགས་བཤད་སྙིང་པོའི་མཐའ་དཔྱོད་སྐལ་བཟང་རྣ་རྒྱན། བསམ་གཟུགས་མཐའ་དཔྱོད་མཁས་པའི་ཡིད་འཕྲོག། བསོད་གྲགས་པའི་སྤྱི་དོན་དང་མཐའ་དཔྱོད། དྲང་ངེས་རྣམ་འབྱེད་ཨུཏྤལ་ལའི་ཕྲེང་བ། སེར་བྱེས་རྗེ་བཙུན་པའི་སྤྱི་དོན་དང་མཐའ་དཔྱོད། ཟུར་བཀོད་བཞི། དོན་བདུན་ཅུ། ས་ལམ་རྣམ་གཞག། སེ་ར་ཤར་པ་འཕྲིན་ལས་བསམ་གྲུབ་ཀྱི་ཕར་ཕྱིན་སྐབས་དང་པོའི་ཊིཀྐ་མཁས་པའི་ཡིད་འཕྲོག། སྒོམ་སྡེའི་ཕར་ཕྱིན་སྤྱི་དོན་མཐོང་བ་དོན་ལྡན་དང་། དྲང་ངེས་རྣམ་འབྱེད། སེར་སྨད་དགའ་ལྡན་ཁྲི་ཉེར་གཉིས་པ་དགེ་འདུན་བསྟན་པ་དར་རྒྱས་ཀྱི་ཕར་ཕྱིན་སྐབས་བརྒྱད་ཀྱི་མཐའ་དཔྱོད་པད་དཀར་ཕྲེང་བ། ཕར་ཕྱིན་སྤྱི་དོན། རྒྱན་གྱི་རྩ་ཊིཀ། ཟུར་བཀོད་བཞི། བྱང་རྩེ་ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་ཀྱི་ཕར་ཕྱིན་སྐབས་བརྒྱད་ཀྱི་མཐའ་དཔྱོད། སྐབས་བརྒྱད་པའི་སྤྱི་དོན། ཟུར་བཀོལ་བཞི།
གུང་རུ་རིན་ཆེན་བྱང་ཆུབ་པའི་ཕར་ཕྱིན་སྤྱི་དོན། གུང་རུ་རྒྱན་བཟང་པའི་ཕར་ཕྱིན་བྱམས་པའི་དགོངས་རྒྱན། བྱམས་ཆོས་ཕྱི་མ་བཞིའི་ཊིཀྐ། མཁས་པ་དཔལ་ལྡན་བློ་གྲོས་ཀྱི་ཕར་ཕྱིན་སྤྱི་དོན། བློ་གྲོས་རྒྱ་མཚོའི་འགྲེལ་པ་དོན་གསལ་དང་དབུས་མཐའི་ཊིཀྐ། གཙང་བྱམས་པ་བཀྲ་ཤིས་ཀྱི་ཕར་ཕྱིན། རྗེའི་སྐུ་ཚ་དགའ་ལྡན་ཁྲི་པ་བློ་བཟང་ཉི་མའི་དྲང་ངེས་རྣམ་འབྱེད། དམ་ཆོས་དཔལ་པའི་ལེགས་བཤད་སྙིང་པོའི་འགྲེལ་པ་བློ་གསལ་དགའ་སྐྱེད། དམ་ཆོས་དཔལ་པའི་གསུང་རྒྱུན་དྲང་ངེས་རྣམ་འབྱེད་འདྲ་མིན་གཉིས། ཨེ་པ་དཀའ་ཆེན་ཤེས་རབ་རྒྱལ་པོའི་དྲང་ངེས་རྣམ་འབྱེད། པྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱི་དྲང་ངེས་རྣམ་འབྱེད། པྲ་སྟི་དགེ་བཤེས་ཆུང་བ་བློ་བཟང་དགེ་ལེགས་ཀྱི་དྲང་ངེས་རྣམ་འབྱེད། མཆོག་ལྷ་འོད་ཟེར་གྱི་དགེ་འདུན་ཉི་ཤུ། ཤག་སྐོར་ཞལ་སྔ་ནས་མོ་མའི་དགེ་འདུན་ཉི་ཤུ། རྟེན་འབྲེལ། བསམ་གཟུགས། རཏྣ་མ་ཏིའི་བསམ་གཟུགས་སྤྱི་དོན་ལུང་དོན་གསལ་བར་བྱེད་པའི་ལྡེ་མིག་བློ་གསལ་མགུལ་རྒྱན། སྒོ་མང་བླ་མ་ཅུན་གར་བློ་བཟང་ཆོས་གྲགས་དང་། དཔའ་རིས་པ་བློ་བཟང་དམ་ཆོས་གཉིས་ཀྱི་རྟེན་འབྲེལ་མཐའ་དཔྱོད། རྗེའི་སློབ་མ་གཉལ་ཆེན་ཤེས་རབ་རྒྱལ་མཚན་གྱི་ཕར་ཕྱིན་སྐབས་གསུམ་པའི་བར་གྱི་ཊིཀྐ། འདིས་རྒྱལ་ཚབ་རིན་པོ་ཆེས་རྣམ་བཤད་རྩོམ་པ་གསན་ནས་འཕྲོ་བཞག་ཟེར།
དྲགས་པོ་གྲ་ཚང་པ་སྐལ་བཟང་རྒྱ་མཚོའི་ཕར་ཕྱིན་སྐབས་དང་པོའི་སྤྱི་དོན་ལེགས་བཤད་སྙིང་པོའི་མཐོང་བ་དོན་ལྡན། དྲགས་ཉག་རིགས་པའི་རལ་གྲི་བློ་གྲོས་འཕེལ་གྱི་ཕར་ཕྱིན་སྤྱི་དོན་དང་། མཐའ་དཔྱོད་སྐལ་བཟང་མགུལ་རྒྱན། དྭགས་པོ་དགོན་གྱི་བླ་རབས་བཅུ་དྲུག་པ་ཆོས་རྗེ་བྱམས་པ་བརྟན་པའི་ཕར་ཕྱིན་ཊིཀྐ་ལུང་རིགས་བང་མཛོད་དང་། བསམ་གཟུགས་མཐའ་དཔྱོད། ཆོས་སེང་གེའི་ཕར་ཕྱིན་འགྲེལ་བ། དཔལ་འབྱོར་ལྷུན་གྲུབ་ཀྱི་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་སྐབས་དང་པོའི་དོན་གསལ་བར་བྱེད་པ་དང་། རྟེན་འབྲེལ་གྱི་མཐའ་དཔྱོད། དྭགས་པོ་དགེ་ལེགས་བཤེས་གཉེན་གྱི་ཕར་ཕྱིན་སྐབས་དང་པོའི་སྤྱི་དོན། འོལ་ཁ་སྤྲུལ་སྐུ་བློ་བཟང་འཕྲིན་ལས་ཀྱི་དྲང་ངེས་རྣམ་འབྱེད་ལེགས་བཤད་བློ་བཟང་དགོངས་གསལ། སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་ངག་དབང་འཕྲིན་ལས་ལྷུན་གྲུབ་འཕྲིན་ལས་ཀྱི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ལེགས་བཤད་བང་མཛོད་དང་། དོན་བདུན་ཅུ། བསམ་སྒང་པ་ངག་དབང་བློ་བཟང་གི་དོན་བདུན་ཅུ། ཤེས་རབ་འོད་ཟེར་གྱི་ཕར་ཕྱིན། ར་ཚག་བློ་བཟང་ཨེ་ཝཾ་གྱི་ཕར་ཕྱིན་མཐའ་དཔྱོད། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་དགེ་འདུན་ཉི་ཤུ།
རྗེ་དགེ་འདུན་གྲུབ་ཀྱི་ཕར་ཕྱིན་སྤྱི་དོན་ཆེན་མོ་ཡོད་ཅེས་བཻ་སེར་ལས་བཤད། གངས་ཅན་པ་ཆོས་སྐུ་དཔལ་འབྱོར་གྱི་ཕར་ཕྱིན། འདུལ་འཛིན་དཔལ་ལྡན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་མཐའ་དཔྱོད། རྩིས་ཐང་པ་ཚུལ་ཁྲིམས་བློ་གྲོས་ཀྱི་ཕར་ཕྱིན་མཐའ་དཔྱོད་ལུང་གི་འདོད་འཇོ། སྨོན་ལམ་དཔལ་བའི་ཕར་ཕྱིན་ལེགས་བཤད་རིན་པོ་ཆེའི་མཛོད། བྱ་བྲལ་བློ་བཟང་དགེ་ལེགས་ཀྱི་གཅིག་དུ་བྲལ། མི་རྟག་སོགས་བཅུ་དྲུག་གསར་རྟོགས་ཀྱི་གོ་རིམ་ངོས་འཛིན། སེམས་དྲུག་གི་རྣམ་གཞག། ཐོད་གོད་དགེ་བཤེས་བློ་བཟང་སྙན་གྲགས་ཀྱི་ཤིང་རྟའི་སྲོལ་འབྱེད་རྒྱས་འབྲིང་བསྡུས་གསུམ། སྐྱེས་བུ་ཆུང་འབྲིང་། བྱམས་གཞུང་། ཉན་ཐོས་ཞི་ཚོ་ལམ། གཅིག་དུ་བྲལ་རྣམས་ཀྱི་མཐའ་དཔྱོད། ས་ལམ་རྣམ་གཞག། ཆོས་རྗེ་དཀའ་བཅུ་པ་བསོད་ནམས་རྒྱ་མཚོའི་ཕར་ཕྱིན་གྱི་ཡན་ལག་རྒྱས་བཤད། བསོད་གྲགས་པའི་དོན་བདུན་ཅུ་སྐལ་བཟང་ཐེམ་སྐས་རྒྱལ་དབང་བསོད་ནམས་རྒྱ་མཚོར་ཕུལ་བ། དེའི་མངོན་པ་ཀུན་བཏུས་ཀྱི་ཊིཀྐ། འབྲུག་པ་པད་དཀར་བའི་མངོན་པ་ཀུན་བཏུས་ཚིགས་བཅད་དུ་བསྡེབས་པ།
༈ ལྔ་པ་མཛོད་ཀྱི་སྐོར་ལ། བསྟན་པ་ཕྱི་དར་ལ་སྨྲྀ་ཏིས་ཁམས་ཀློང་ཐང་དུ་མཛོད་ཀྱི་བཤད་པ་མཛད་པའི་རྒྱུན་ལ་མཆིམས་བརྩོན་སེང་གེས་ནག་འབྱམས་སུ་གྲགས་པའི་ཊིཀྐ་མཛད་པ་མཛོད་ཀྱི་བོད་ཊིཀྐ་གི་ཐོག་མ་ཡིན་པར་བཤད། ཁྲ་ཕུ་འོད་འབྱུང་གི་མཛོད་འགྲེལ། མོན་གྲ་པ་ཚུལ་ཁྲིམས་བཀྲ་ཤིས་ཀྱི་མཛོད་འགྲེལ་འདི་ལྕང་སྐྱ་རོལ་བའི་རྡོ་རྗེའི་ཕྱག་དཔེའི་ཁྲོད་དུ་བཞུགས་པར་རྣམ་ཐར་ལས་བཤད། མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འགྲེལ། བཅོམ་ལྡན་རིགས་རལ་གྱི་མཛོད་ཊིཀ། མཛོད་ཀྱི་ཀར་ཊིཀ་ཆེན་མོ་ཀརྨ་མི་བསྐྱོད་རྡོ་རྗེས་མཛད་པ། ནེལ་པའི་མཛོད་ཊིཀ། རེད་མདའ་བའི་མཛོད་ཀྱི་བསྡུས་དོན་དང་ཊིཀྐ། རོང་སྟོན་གྱི་མཛོད་ཊིཀ་ཤེས་བྱ་རབ་གསལ། གོ་བོ་བསོད་ནམས་སེང་གེའི་མཛོད་ངོ་མཚར་གསུམ་ལྡན་ཇི་སྙེད་ཤེས་བྱའི་སྒོ་འབྱེད། མང་ཐོག་ཀླུ་སྒྲུབ་རྒྱ་མཚོའི་མཛོད་ཀྱི་སྤྱི་དོན་ཤེས་བྱ་རྣམ་གསལ། མུས་པ་རབ་འབྱམས་པ་བྱམས་པ་ཐུགས་རྗེའི་མཛོད་ཊིཀ་ཆེན་མོ། སྐྱེད་ཚལ་པ་ཤེས་རབ་འོད་ཟེར་གྱི་མཛོད་ཀྱི་སྤྱི་དོན་རིན་པོ་ཆེའི་འབྱུང་གནས། ངག་དབང་ཆོས་གྲགས་ཀྱི་མཛོད་ཀྱི་སྤྱི་དོན་ཇི་སྙེད་ཤེས་བྱའི་གསལ་བྱེད་ངག་གི་སྒྲོན་མེ།
ཞྭ་ལུ་སྐྱོ་སྟོན་རིག་འཛིན་རྒྱལ་པོའི་མཛོད་ཀྱི་སྤྱི་དོན། ཞྭ་ལུ་རིན་ཆེན་བསོད་ནམས་འཕེལ་གྱི་མཛོད་ཀྱི་རྣམ་བཤད་སྡེ་བདུན་གསལ་བའི་སྒྲོན་མེ། མཛོད་ཀྱི་སྦྱོར་ཊིཀ་མཁས་པའི་ཡིད་འཕྲོག། མཛོད་ཀྱི་དཀའ་འགྲེལ་མཁས་པའི་ཡིད་འཕྲོག། ཞྭ་ལུ་པ་བཙུན་གནས་དབོན་པོ་ཚུལ་ཁྲིམས་རྒྱལ་མཚན་གྱི་མཛད་ཊིཀ། གུང་རུ་རྒྱལ་མཚན་བཟང་པོའི་མཛོད་འགྲེལ། བཀྲས་ལྷུན་ཐོས་གླིང་གདན་རབས་གསུམ་པ་བློ་བཟང་བཤེས་གཉེན་གྱི་མཛོད་ཀྱི་སྤྱི་དོན་ལེགས་བཤད་ཉི་མའི་སྙིང་བོ་དགོས་འདོད་ཀུན་འབྱུང་བསམ་འཕེལ་དབང་རྒྱལ། དཀྱིལ་ཁང་ཤནྟི་པ་བློ་གྲོས་རྒྱལ་མཚན་གྱི་མཛོད་ལུང་རིགས་གཏེར་མཛོད། དཀྱིལ་ཁང་སངས་རྒྱས་རྒྱ་མཚོའི་མཛོད་ལུང་རིགས་གཏེར་མཛོད། ཤར་རྩེ་བློ་གྲོས་ལེགས་བཟང་གི་མཛོད་མཁས་པའི་ཡིད་འཕྲོག། ཤར་རྩེ་སྟོབས་ལྡན་འོད་ཟེར་གྱི་མཛོད། གླིང་སྨད་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱི་མཛོད་རང་འགྲེལ་དང་མཐུན་པ། དྭགས་པོའི་གདན་རབས་བཅུ་དགུ་པ་བྱམས་གླིང་རབ་འབྱམས་པ་བྱམས་པ་ཆོས་མཆོག་གི་མཛོད་ཊིཀ་ཆེན་མོ་མཐོང་བ་དོན་ལྡན། སེར་བྱེས་ཡིག་ཆ་དྲུང་ཆེན་དངོས་གྲུབ་པའི་མཛོད་གནས་བརྒྱད་ཀྱི་མཐའ་དཔྱོད་བློ་གསལ་བློ་ཡི་པདྨོ་ཁ་འབྱེད།
རྩིས་ཐང་ལས་ཆེན་དངོས་གྲུབ་རྒྱ་མཚོའི་མཛོད་ཀྱི་སྤྱི་དོན་བློ་གྲོས་པདྨོ་ཁ་འབྱེད། གཞུང་ལུགས་བརྒྱ་བ་པཎ་ཆེན་དངོས་གྲུབ་དཔལ་འབར་གྱི་མཛོད་ཊིཀ། སེ་ར་རྗེ་བཙུན་པའི་མཛོད་ཀྱི་མཐའ་དཔྱོད། བསོད་གྲགས་པའི་མཛོད་ཀྱི་མཐའ་དཔྱོད་ཤེས་བྱ་རབ་གསལ། བསམ་བཟང་གི་མཛོད་ཊིཀ། བདེ་ལེགས་ཉི་མའི་མཛོད་ཀྱི་སྤྱི་དོན། སེར་བྱེས་བྱ་བྲལ་དགེ་བཤེས་སྐལ་བཟང་རྣམ་རྒྱལ་གྱི་མཛོད་ཀྱི་སྡོམ་ཚིག།
ཆོས་ཀྱི་རྒྱལ་པོ་ཐུབ་པ་བཅོམ་ལྡན་འདས། །
ཆོས་ཀྱི་སྲོལ་འཛིན་རྒྱ་བོད་མཁས་གྲུབ་ཚོགས། །
ཆོས་སྤྱན་མངའ་བ་རྣམས་ལ་གུས་བཏུད་ནས། །
ཆོས་ཀྱི་རྣམ་གྲངས་གསལ་བའི་ཐོ་ཡིག་འགོད། །
འདིར་རང་གིས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བའི་དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་འགོད་པར་བྱ་སྟེ། རྒྱུ་མཚན་བླ་མ་འཇམ་པའི་དབྱངས་ཀྱི་ཕྱག་དཔེའི་དཀར་ཆག་གསུང་རབ་འབུམ་སྡེའི་སྣང་བརྙན་རྣམ་པར་བཀྲ་བ་དྲི་བྲལ་ནོར་བུའི་མེ་ལོང་ལས། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་དངོས་ནི་སྙིང་རྗེའི་སྙིང་པོ་ཅན་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ན་ཡང་། དེ་ཉིས་ཆོས་སྤྱོད་ཀྱི་བྱ་བ་ལ་རག་ལས། སོ་སྐྱེ་རྣམས་ལུང་ལ་བརྟེན་དགོས་པས་མི་བརྗེད་པའི་གཟུངས་མ་ཐོབ་པ་ཚུན་ལུང་གི་ཚིག་ཀྱང་མི་འཆོལ་བ་དང་། དྲན་པ་གསོ་བའི་ཆེད་དུ་བསྟན་བཅོས་ཡི་གེར་བཀོད་པ་མེད་དུ་མི་རུང་བས། སྟོན་པ་ཞལ་བཞུགས་པའི་དུས་ནས་སྲོལ་དར་བ་ལྟར་བསྟན་པའི་རྨང་གཞིར་གལ་ཆེ། དེ་ཡང་ཟང་ཟིང་གིས་མཆོད་པ་ཡང་བསྙེན་བཀུར་བ་ཡིན་མོད། བསྙེན་བཀུར་གྱི་གཙོ་བོ་ཀློག་པ་ཐོས་བསམ་དང་། ཐོས་དོན་སྒྲུབ་པས་ཉམས་སུ་ལོན་པ་ཉིད་ཡིན་ལ། དེ་ཡང་རྩ་བའི་སེམས་ཀྱིས་མིང་གི་སྒོ་ནས་འཛིན་པ་སྔོན་དུ་འགྲོ་དགོས་པས་མཚན་བྱང་གལ་ཆེ། གསུངས་པས་རང་ཉིད་ཚེ་རབས་ཀུན་ཏུ་གསུང་རབ་རབ་འབྱམས་ལ་ཐོས་བསམ་སྒོམ་གསུམ་གྱིས་སྤྱོད་པའི་སྨོན་ལམ་གྱི་རྟེན་དང་། དོན་དུ་གཉེར་བ་རྣམས་ལ་དཔེ་རྒྱུན་བཙལ་བར་བསྐུལ་བའི་ཕྱིར་བཀོད་པ་ལས།ཆོས་ཀྱི་སྲོལ་འཛིན་རྒྱ་བོད་མཁས་གྲུབ་ཚོགས། །

མུ་འགོད།
འབྲེལ་ཡོད་འོས་སྦྱོར།