༄༅། །མིང་མཐའི་པ་བ་དང་བདག་སྒྲའི་པ་བ་གཉིས་ལ་མུ་བཞི་ཡོད་མེད།
རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས།
ཡོང་ཁུངས།:སྔོ་རྡེའུ་ཚང་གི་འཕྲིན་སྟེགས།
དུས་ཚོད།:2022-09-23
ཀློག་གྲངས།:
མིང་མཐའི་པ་བ་དང་བདག་སྒྲའི་པ་བ་གཉིས་ལ་མུ་བཞི་འཇོག་རྒྱུ་ཡོད་དམ་མེད་ཅེ་ན།
༡ མིང་མཐའ་ཡིན་ལ་བདག་སྒྲ་མ་ཡིན་པ་ནི། རི་བོ། ཆུ་བོ། རེ་བ། ར་བ། སྣང་བ། དགའ་བ། རྐང་བ། ལག་པ། སྤྱི་བོ། སྡོང་བོ། སློབ་པ། སྦྱིན་པ། དད་པ། དངོས་པོ། བཟང་བོ། དབང་བོ། ཚོར་བ། སྙིང་བོ། མཐོན་པོ། ཆེན་པོ། དཀོན་པོ། ཁང་བ། དཀར་བོ། ནག་པོ། སྔོན་པོ། ཟམ་པ། དང་བོ། གཉིས་པ། བཞི་བ། ལྔ་བ་ལྟ་བུ།
༢ བདག་སྒྲ་ཡིན་ལ་མིང་མཐའ་མ་ཡིན་པ་ནི། དབུས་པ། ཨ་མདོ་བ། ལ་དྭགས་པ། རྒྱལ་རོང་བ། ཕྱི་གླིང་བ། ཁ་ལོ་བ། གླུ་བ། གཞུང་ཞབས་པ། བྱེད་པ་བོ། རྣལ་འབྱོར་བ། དབུ་མ་བ། འཇིག་རྟེན་པ། ཚན་རིག་པ། ལག་རྩལ་བ། ལས་དང་བོ་བ། རྩོམ་པ་བོ། ལོ་ཙཱ་བ། རྩོམ་སྒྲིག་པ། རི་མོ་བ། ཁེ་ལས་པ། གྲྭ་བ། རྒན་པོ། རོང་བ། འབྲོག་པ། གཞས་པ། ནད་པ། མགྲོན་པོ། རྒྱལ་བོ་ལྟ་བུ་སྟེ།
༣ མིང་མཐའ་དང་བདག་སྒྲ་གཉིས་ཀ་ཡིན་པ་ནི། ཀ་བ། ཁ་བ། ཉ་བ། རི་བ། ཆུ་བ། འགོ་བ།༼རི་ལ་འགོ་བ་དང་ལས་ཀའི་འགོ་བ།༽ ལྷ་བ།༼སྲོག་ཆགས་ཀྱི་རུས་པའི་ནང་དུ་ཡོད་པའི་ལུས་ཟུངས་ལྷ་བ་དང་ལྷ་བ་མོ་བ་གཉིས་ཀྱི་ནང་གི་ལྷ་བ།༽ སོ་བ།༼འབྲུ་རིགས་སོ་བ་དང་ལྟ་སྲུང་བྱེད་མཁན་གྱི་སོ་བ།༽ དམ་པ།༼ལྷོད་པའི་ལྡོག་ཟླ་དང་སྐྱེས་བུ་དམ་པ།༽ སྟོན་པ།༼འཆད་པའམ་མཐོང་བར་བྱེད་པ་དང་ཆོས་སྟོན་པ་བོ།༽ འདྲེན་པ།༼དྲངས་པའི་ད་ལྟ་བ་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་འདྲེན་པར་མཛད་པ་བོ།༽ རྔོན་པ།༼རི་དྭགས་རྔོན་པ་དང་རྔོན་མཁན།༽བཟོ་བ། ༼བཟོ་སྐྲུན་བྱེད་པ་དང་བཟོ་ལས་བྱེད་མཁན།༽ ཚོང་བ།༼བཙོང་ནས་ཚོང་བ་དང་ཉོ་ཚོང་བྱེད་མཁན།༽ ཤར་བ།༼ཉི་ཟླ་སྐར་གསུམ་ཤར་བ་དང་ཤར་ཕྱོགས་སུ་འཚོ་ཞིང་གཞེས་པའི་མི།༽ བྱ་བ།༼ལས་ཀ་དང་བྱ་རྙི་འཛུགས་མཁན།༽ རྩིས་པ།༼གཟའ་སྐར་སྤར་སྨེ་འཁོར་ཚུལ་སོགས་རྩིས་པ་དང་རྩིས་བྱེད་མཁན།༽ སྨན་པ།༼ཕན་པ་དང་གསོ་དཔྱད་མཁན།༽ གཉེར་བ།༼བྱ་བ་གང་ཞིག་དོན་དུ་གཉེར་བ་དང་བདག་གཉེར་བྱེད་མཁན།༽ གཞོན་པ།༼གོ་ས་གཞོན་པ་དང་ལོ་ན་གཞོན་པའི་གང་ཟག།༽ བོད་པ།༼རྣམ་དབྱེ་བརྒྱད་པ་དང་བོད་མི།༽ལྟ་བུ་སྟེ། ཀ་བ་དང་ཁ་བ་ཞེས་པ་ལྟ་བུ་ལ་གོ་དོན་མི་འདྲ་གཉིས་རེ་ཡོད་དེ། དཔེར་ན་ཁང་བའི་ཀ་བའམ་པོད་རྟགས་ཀ་བ་ཞེས་བརྗོད་པའི་ཚེ་ན་བ་ཡིག་མིང་མཐའ་ཡིན་ཞིང་། ཆིངས་ཡིག་འཇོག་མཁན་དོ་བདག་ཀ་བ་དང་ཁ་བ་ཞེས་པའི་བ་ཡིག་བདག་སྒྲ་ཡིན། དེ་བཞིན་དུ་ཉ་བ་ཞེས་པ་ཟླ་བ་ཉ་གང་བ་ལ་ཟླ་བ་ཉ་བ་ཟེར་བ་དང་། པོད་རྟགས་ཉ་བ་དང་། གསལ་བྱེད་ཀྱི་གོ་རིམ་ལྟར་བསྒྲིགས་པའི་ཨང་རིམ་བརྒྱད་པ་ལ་ཉ་བ་ཞེས་པའི་ཚེ་བ་ཡིག་མིང་མཐའ་ཡིན་ཞིང་། ཉ་འཛིན་མཁན་གྱི་གང་ཟག་མི་ལ་གོ་བའི་ཚེ་ཉ་བ་ཞེས་པའི་བ་ཡིག་བདག་སྒྲ་ཡིན། རིན་གོང་ཟིན་ཚད་ལ་རི་བ་ཞེས་པའི་བ་མིང་མཐའ་དང་། རི་ལ་གནས་བཅས་པའི་མིའམ་བྱེས་སུ་སོང་བ་ལ་རི་བ་ཞེས་པའི་ཚེ་བ་ཡིག་བདག་སྒྲ་ཡིན། ཆུ་བ་ཞེས་པ་ཡལ་གའི་རྩ་བའམ་ཡུ་བ་རྒྱུས་པ་སོགས་ལ་གོ་བའི་སྐབས་ཀྱི་བ་ཡིག་མིང་མཐའ་དང་། ཆུ་རྩལ་ཅན་ལ་ཆུ་བ་ཞེས་པའི་བ་ཡིག་བདག་སྒྲ་ཡིན་པ་གཞན་ལའང་རིགས་བསྒྲེ་ཆོག
༤ གཉིས་ཀ་མ་ཡིན་པ་ནི། ཀ་དམ་པ། ཀ་ལཱ་པ། ཨུ་པ། རཱུ་པ། ཛཱི་བ། བྷཱ་བ། ཨ་པ་ཡ་བ་ལྟ་བུའོ།།
འདིར་བཀོད་པའི་མུ་བཞིའི་དཔེ་སྔ་མ་གསུམ་ནི་མིང་མཐའ་དང་བདག་སྒྲ་གང་ཡིན་ཁྱད་མེད་པར། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ(༡༠༥༩-༡༡༠༩)ཀྱིས་མཛད་པའི༼དག་ཡིག་ཉེར་མཁོ་བསྡུས་པ༽སོགས་ལས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །ཞེས་པའི་ཐོབ་ཐང་ལྟར་སྦྱར་བ་སྟེ། ལུང་ངམ་གོམས་སྲོལ་ཙམ་མམ་དགེ་མིང་ཙམ་འཛིན་པ་བདག་འདྲ་བ་དག་གི་ངག་སྒྲོས་ཉི་ཚེ་བ་ཙམ་ལ་སྐྱབས་སུ་འགྲོ་བའི་བརྡ་སྤྲོད་གསར་སློབ་པ་དག་ལ་རྟོག་དཔྱོད་ཀྱི་ས་བོན་ཙམ་དུ་ཕུལ་བའོ། །

འབྲེལ་ཡོད་འོས་སྦྱོར།