བདུད་རྩི་ཐུན་མཚམས་བརྩི་ཚུལ་གྱི་ཟིན་བྲིས།
རྩོམ་པ་པོ།:པདྨ་རྡོ་རྗེ།
ཡོང་ཁུངས།:མཚོ་ལྷོ་ཁུལ་བོད་རིག་ཞིབ་འཇུག་ཚོགས་པ།
དུས་ཚོད།:2022-10-28
ཀློག་གྲངས།:
དང་པོ་དུས་སྦྱོར་ཕྱེད་བདག་གཟའི་བརྩི་ཚུལ་ནི་པེ་ཅིང་དུས་ཚོད་དེ་འབྱུང་རྩིས་དུས་ཚོད་བཅུ་གཉིས་ལ་བགོས་པའི་བཤད་ཚུལ་དུས་ཚོད་སྐབས་ཀྱི་རྒྱུན་རིང་ཐུང་དེའི་ཚད་སྔ་ཕྱིའི་མཚམས་དུས་ཚོད་ཁག་ལ་བགོས་ནས་འབྱུང་རྩིས་དུས་བཅུ་གཉིས་བསྟན་ཚུལ་ནི། རྗེ་ལྷ་མོ་ཚུལ་ཁྲིམས་མཆོག་གི་རྩིས་གཞུང«ནག་རྩིས་རྡེལ་འགྲེམ»ལས། དེ་ནས་དུས་ཚོད་ནམ་ལངས་ཡོས། །ཉི་ཤར་འབྲུག་ལ་ཉི་དྲོས་སྦྲུལ། །ཉིན་ཕྱེད་རྟ་ལ་ཕྱེད་ཡོལ་ལུག །མྱུར་ཁ་སྤྲེའུ་ཉི་ནུབ་བྱ། །ས་སྲོས་ཁྱི་ལ་སྲོད་འཁོར་ཕག །ནམ་ཕྱེད་བྱི་བ་ཕྱེད་ཡོལ་གླང་། །ཐོ་རངས་སྟག་གི་དུས་སུ་བརྩི། །ཞེས་གསུང་ཚིག་ལས་འབྱུང་རྩིས་ཀྱི་ལོ་རྟགས་བཅུ་གཉིས་དུས་ཚོད་ལ་པེ་ཅིང་དུས་ཚོད་ཉེར་བཞི་བགོ་སྟངས་ནི་ནམ་ལངས་ཡོས་ཀྱི་དུས་ཚོད་ལ་པེ་ཅིང་དུས་ཚོད༦-༧གཉིས་རེ་བགོས་ནས་གཞན་ཉི་ཤར་འབྲུག་ལའང་དེ་བཞིན་སྦྱར་ནས་སྨན་སོགས་ལེགས་བྱས་གང་ཡིན་རུང་ཕུར་བུ་བདུད་རྩི་ཐུན་མཚམས་དུས་ཚོད་ངེས་པའི་ཕན་ཆ་དང་དུས་ཚོད་གང་ལའང་འཛེམ་པ་སྤེན་པ་རིགས་ལྡན་གྱི་དུས་ཚོད་དེ་ངེས་པར་བྱ། གཉིས་པ་ཕུར་བུ་བདུད་རྩི་ཐུན་མཚམས་དང་སྤེན་པ་རིགས་ལྡན་གཉིས་ཀ་རེས་གཟའ་བདུན་པོ་ཅི་ལྟར་འཆར་བ་ནི། ཐོག་མར་རེས་གཟའ་བདུན་གྱི་གོ་རིམ་བཞིན་དུ་བློ་ལ་ཡང་དག་པར་ངེས་དགོས་ཏེ། དེ་ཡང་འཇམ་མགོན་བླ་མ་མི་ཕམ་པས་མཛད་པས«རྩིས་གཞུང་རབ་གསལ་མེ་ལོང»ལས།ཉི་མ་ཟླ་བ་མིག་དམར་དང་། །ལྷག་པ་ཕུར་བུ་པ་ཝ་སངས། །སྤེན་པ་བདུན་པོ་རེས་ཀྱི་གཟའ། །ཞེས་གསུངས་པས་གོ་རིམ་ཇི་བཞིན་ངེས་པར་བྱས་ནས་ཕུར་བུ་བདུད་རྩི་ཐུན་མཚམས་དང་སྤེན་པ་རིགས་ལྡན་གྱི་གཟའི་གོ་རིམ་ལ་འཇུག་པ་ཡིན།
༡ ཕུར་བུ་བདུད་རྩི་ཐུན་མཚམས་ཀྱི་ཕན་ནུས་ནི། རྩིས་སྐར་ནག་གཉིས་ན་གཟའ་སྐར་སོགས་ལ་ལྟ་བའི་སྐབས་སུ་སྔ་མ་སྟོབས་ཆེ་ཞིང་ཕྱི་མ་རིམ་བཞིན་དུ་ནུས་པ་ཆུང་བ་སོགས་གསུང་བ་དེ་དག་ཀུན་གྱི་ནང་ནས་ཀྱང་དུས་ཚོད་ནང་དུ་འདུས་པ་ཡིན་ཏེ། འཇམ་མགོན་བླ་མ་མི་ཕམ་མཆོག་གིས་མཛད་པས«ཀུན་གཟིགས་དབྱངས་འཆར་ཆེན་མོ»ལས། སྤྱིར་ན་ཞི་གཟའ་དགེ་བ་དང་། །ཁྱད་པར་ཕྱེད་བདག་ཕུར་བུའི་དུས། །བདུད་རྩི་ཐུན་མཚམས་འཆར་བ་ཡིན། །འབྲས་བུ་དྲག་ལས་མ་གཏོགས་པའི། །ལས་རྣམས་ཐམས་ཅད་འགྲུབ་པ་དང་། །སྨན་སོགས་བདུད་རྩི་འགྱུར་བས་བཟང་། ། «རྩིས་གཞུང»ལས། དེ་དག་ཀུན་གྱི་ནུས་པ་ཡང་། །ཏཏྐཱལ་དུས་སྦྱོར་དེ་ལ་ཚང་། །མཐུན་འཕྲོད་གཙོ་བའི་རྒྱུ་མཚན་ནི། །གང་ཚེས་མི་གཉིས་གྲོས་མཐུན་འདྲ། །དམིགས་བསལ་གཙོ་བོའི་རྒྱུ་མཚན་ཡང་། །དཔེར་ན་བཟོ་བའི་ལག་ཆ་འདྲ། །དུས་སྦྱོར་གཙོ་བོ་རྒྱུ་མཚན་དག །གཟའ་སྐར་བྱེད་སྦྱོར་བཞི་ཡི་ལས། །དུས་སྦྱོར་དེ་ཡི་ཁྱིམ་ལ་ཚང་། །ཀུན་ནས་ཏཏྐཱལ་དུས་སྦྱོར་ཡིན། །དེ་ཕྱིར་དུས་སྦྱོར་གཙོ་བོར་བཟུང་། །བདུད་རྩི་ཐུན་མཚམས་ནི་དུས་གྱི་སྦྱོར་བ་ལས་ཁྱད་པར་བ་ཡིན་ཏེ། «རྩིས་གཞུང»དག་ནའང་། ཚེས་གྲངས་ཡོན་ཏན་བྱེ་བ་གཅིག་ཡིན་ཏེ། །གཟའ་ལ་བཞི་འགྱུར་སྐར་མ་བརྒྱད། །དུས་སྦྱོར་ཡོན་ཏན་བྱེ་བ་ཞེས། །ཁ་ཆེ་པཎ་ཆེན་སོགས་ཀྱིས་བཞེད། །ཅེས་གསུངས་པ་དང་། «རྩིས་ཕྲན་ཐོར་བུ་ཉེར་མཁོ་ཟ་མ་ཏོག»ལས། ཁྱད་པར་སྨན་སྦྱོར་དགེ་ལས་སོགས། །བྱ་བ་ལེགས་བྱས་ཐམས་ཅད་ལ། །བདུད་རྩི་ཐུན་མཚམས་ཤིན་ཏུ་གཅེས། །ཞེས་གསུངས་པ་དང་། ལྷོ་ནུས་ལྡན་རྡོ་རྗེ་མཆོག་གིས་མཛད་པས«གཙུག་ལག་སྐར་ནག་རྒྱུད་ཀྱི་དགོངས་དོན་ལེགས་ཉེས་བརྟག་དཔྱད་ངོ་མཚར་འཕྲུལ་གྱི་སྒོ་འབྱེད»ལས། བདུད་རྩི་ཐུན་མཚམས་འཆར་སྐབས་ཟས་ཟོས་སྨན། །སྨན་ཟོས་བདུད་རྩིར་འགྱུར་ཞེས་ཤིན་ཏུ་དགེ། །ཞེས་གསུངས་པ་དང་། དགེ་སློང་ནམ་སྙིང་གིས་མཛད་པའི«སྐར་ཡིག་བློ་གསལ་དགའ་བསྐྱེད་བླང་དོར་གསལ་བའི་མེ་ལོང»ལས། བདུད་རྩི་ཐུན་མཚམས་ལང་ཚོ་རྣམས་ལ་བཟང་བ་བཻ་དཀར་ལས་གསུངས། ཞེས་པ་དང་། «སྐར་མཛོད»ལས། ཁྱད་པར་བདུད་རྩི་ཐུན་མཚམས་ལ། །བཅུད་ལེན་ས་བོན་གདབ་པ་དང་། །སྨན་སྦྱོར་སྨན་བརྟེན་ལ་སོགས་དགེ། །དེང་སང་ཡོངས་གྲགས་ཕུར་བུ་ལ། །བདུད་རྩི་ཐུན་མཚམས་འཛིན་ན་ཡང་། །གསར་འགྱུར་རཏྣ་མཱ་ལཱ་ལས། །ཟླ་བའི་བདུད་རྩི་ཐུན་མཚམས་བཞེད། །ཅེས་པ་དང་། ཡང་ན་བོད་མཁས་པའི«རྩིས་གཞུང»ལས། དུས་ཚོད་མཚོན་ཆ་ཡིན་པས་རྣོ། །ཞེས་གསུངས་པས་ཕན་འབྲས་བླ་མེད་ཅིག་གནང་ཡོད་པས། དེའི་རྐྱེན་ལས་ཞི་རྒྱས་དབང་གི་ལས་སྤྱི་དང་ཁྱད་པར་སྨན་དཔྱད་མཁར་ལས་ཞིང་རྨོ་དགེ་ཆོས་རིམ་གྲོ་ལྷ་གསོལ། ཆོས་སྤྱོད། གང་ཡིན་ན་ཕན་བྱེད་སྤྱི་དང་བསྟན་བཅོས་རྩོམ་པ་ལ་མཆོག་ཏུ་བསྔགས་པ་བདུད་རྩི་ཐུན་མཚམས་དགེ་བར་གྱུར་ཏེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་གིས། བདུད་རྩི་ཐུན་མཚམས་ཐུན་ཕྱེད་འཆར་བའི་ཚེ། །ལས་ཀུན་ཕུན་སུམ་ཚོགས་པར་བྱེད། །ཁྱད་པར་ཟས་ཟོས་སྨན་དང་མཚུངས། །སྨན་སྦྱོར་བདུད་རྩི་ཉིད་ཟིལ་གནོན། །ཞེས་གསུངས་པའི་བདུད་རྩི་ཐུན་མཚམས་དང་བསྟུན་ནས་ལུས་ཁྲུས་ཞུགས་པ། སྨན་ལུམས་སུ་ཞུགས་པ། སྨན་ཆུ་འཐུང་བ་སོགས་ནུས་པ་ལྷག་པར་ཐོན་པས་བྱ་བ་ལེགས་བྱས་ཐམས་ཅད་ལ་བརྟེན་པར་གནད་འགག་ཞིག་ཏུ་གསུངས།
༢ འཛེམ་པའི་ཕྱོགས་ནི་སྤེན་པ་རིགས་ལྡན་ཉིད་ཀྱི་ཉེས་སྐྱོན་ནི། སྤེན་པ་རིགས་ལྡན་ནི་བོད་སྔ་རབས་པའི་མཁས་པ་རྣམས་ཀྱིས་འདི་གཙིགས་སུ་བཟུང་བའི་ཕྱག་སྲོལ་མང་པོ་གསུང་པ་དང་དེའི་ཉེས་སྐྱོན་མ་ཤེས་ན་གཏར་བསྲེག་གཤག་བཅོས་གང་ལ་འང་ནད་པ་ལག་ཉེས་ཤོར་བ་སོགས་ཕལ་ཆེར་རིགས་ལྡན་རཱ་ཧུ་དང་བིཥྚི་བླ་གནས་སོགས་འགྲོ་བའི་ཚེ་སྲོག་གི་གནད་འགག་ལ་སླེབས་པའི་གཟའ་དང་རྒྱུ་སྐར་ས་བདག་རྒྱུ་ཐེབས་ཀྱི་གནད་མ་ཤེས་པས་འབྲས་བུ་ངན་པ་སོགས་དེས་དབང་གིས་ཡིན་པས་སྤེན་པ་རིགས་ལྡན་གྱི་དུས་ལ་དྲག་ལས་མ་གཏོགས་ལས་གཞན་དུ་བརྟག་ཀྱང་འཛེམ་པར་བྱ། འཇམ་མགོན་བླ་མ་མི་ཕམ་མཆོག་གིས་མཛད་པས་«ཀུན་གཟིགས་དབྱངས་འཆར་ཆེན་མོ»ལས། དྲག་གཟའ་མི་དགེ་ཁྱད་པར་དུ། །ཕྱེད་བདག་སྤེན་པ་འཆར་བའི་ཚེ། །རིགས་ལྡན་གཞན་དུས་འཆར་བ་ཡིན། །དེ་སྤངས་སྤེན་པའི་ཐོག་དབུས་མཐའི། །ཞེས་གསུངས་པ་དང་། སྡེ་སྲིད་མཆོག་གིས་མཛད་པས་བསྟན་བཅོས«བཻ་དཀར»ལས། གདུག་ཅན་རིགས་ལྡན་ཞེས་གྲགས་པ། །ཀུན་ལ་གཅེས་ཀྱང་ཁྱད་པར་དུ། །སྨན་དཔྱད་ལ་ནི་གཙོ་བོ་སྟེ། །རིགས་ལྡན་འཆར་བའི་དུས་མཚམས་དེར། །ཅི་ལ་བབས་ཀྱང་འཛེམ་པ་གནང་། །ཞེས་གསུངས་པ་དང་། «སྐར་མཛོད»ལས། སྒྲ་གཅན་རིགས་ལྡན་ལྷན་ཅིག་འཆར། །དུས་དེར་དགེ་ལས་སྤྱི་དང་ནི། །ཁྱད་པར་སྨན་སྦྱོར་སྨན་བརྟེན་དང་། །ཟས་གསར་གཟའ་སོགས་དུག་ལྟར་སྤང་། །དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་གིས། གདུག་པ་རིགས་ལྡན་རཱ་ཧུ་སྟེ། །ཐུན་ཕྱེད་ལ་འཆར་མ་ཤེས་ན། །ཟས་ཞིམ་ཟོས་ཀྱང་ནད་འབྱུང་ཞིང་། །ནད་པས་སྨན་འཐུང་དུག་ཏུ་འགྱུར། །སྨན་སྦྱོར་ཚེ་སྒྲུབ་ཀྱང་དེ་བཞིན། །དེ་ཕྱིར་སྤང་བླང་བྱ་ཕྱིར་བརྩི། །ཞེས་གསུངས་པས་ཀླུ་སྤེན་པ་རིགས་ལྡན་གྱི་དུས་སུ་ལེགས་པའི་བྱ་བ་ཀུན་ལ་བྱོལ་དགོས་ཞེས་རྩིས་ཡིག་དག་ལས་གསལ་བས་འཛེམ་པ་ཡང་གལ་ཆེ་བར་གསུངས།
བདུད་རྩི་ཐུན་མཚམས་ཀྱི་དངོས་གཞི་ལ། དང་པོ་མཛུབ་ལྔའི་སྒོ་ནས་བརྩི་ཚུལ་དང་། གཉིས་པ་ཉིན་དྲུག་མཚན་ལྔ་ལས་བརྩི་ཚུལ་དང་། གསུམ་པ་ལི་ཐོ་དག་ལས་བཀོད་པའི་རེའུ་མིག་གི་ཕུར་བུ་བདུད་རྩི་ཐུན་མཚམས་དང་སྤེན་པ་རིགས་གཉིས་བཤད་ཚུལ་དང་། བཞི་བ་དུས་ཚོད་ཀྱི་རེའུ་མིག་ལས་རྟོགས་ཚུལ་དང་བཞི་ལས། དང་པོ་མཛུབ་ལྔའི་སྒོ་ནས་བརྩི་ཚུལ་ནི་ནམ་ལངས་ཡོས་ནས་རིམ་བཞིན་དུ་མྱུར་ཁ་སྤྲེལ་གྱི་བར་དུ་འབྱུང་རྩིས་དུས་ཚོད་བཅུ་གཉིས་པོ་ཉིན་དྲུག་ཏུ་བགོས་པས་ཉིན་གྱི་བདུད་རྩི་ཐུན་མཚམས་མཛུབ་ལྔའི་སྒོ་ནས་བརྩི་ལུགས་ནི་རྩིས་པ་རྣམས་ཀྱི་ངག་གི་གསུང་སྒྲོས་ཏེ། ༼ཉི་སངས་ལྷག་ཟླ་རིགས་བདུད་མིག༽ཅེས་པ་དེའི་གསུང་སྒྲོས་དེ་ཡིད་ལ་འཇགས་ནས་ལག་པའི་མཛུབ་ལྔའི་སྟེང་ནས་བགྲང་བ་ན་ཉིན་གང་ཡིན་དེའི་ཕུར་བུ་བདུད་རྩི་ཐུན་མཚམས་དང་སྤེན་པ་རིགས་ལྡན་གྱི་འཆར་ཚུལ་ཤེས། དཔེར་མཚོན་ལ་ནི་ཉིན་དེའི་རེས་གཟའ་བདུན་གྱི་གང་ཡིན་པ་ཐོག་མར་འབྱུང་རྩིས་ཀྱི་དུས་ཚོད་དང་པོ་ནམ་ལངས་ཡོས་སོགས་ངོས་ཟིན་ནས་གཟོད་མཛུབ་ལྔའི་སྟེང་དུ་བགྲང་ཚུལ་ནི་རེས་ཀྱི་གཟའ་ལྷག་པ་དེའི་ཕུར་བུ་བདུད་རྩི་ཐུན་མཚམས་བརྩི་ན་ཐོག་མར་གོང་དུ་བཤད་ཟིན་པའི་མཛུབ་མོ་ལྔ་ལ་གཡས་གཡོན་དུ་ཕྱེས་ནས་དང་པོ་མཐེ་བོང་གི་གཡས་ངོས་སུ་ནམ་ལངས་ཡོས་ཀྱི་དུས་ཚོད་སྔ་ཆ་ནི་ཉིན་དེའི་རེས་གཟའ་ལྷག་པ་དང་མཐེ་བོང་གི་གཡོན་ངོས་སུ་ནམ་ལངས་ཕྱི་ཆ་རེས་གཟའ་ཟླ་བ་དང་། མཛུབ་མོ་གཡས་ངོས་སུ་ཉི་ཤར་འབྲུག་གི་སྔ་ཆ་རིགས་སམ་སྤེན་པ་དང་མཛུབ་མོ་གཡོན་ངོས་སུ་ཉི་ཤར་འབྲུག་གི་ཕྱི་ཆ་ཕུར་བུ་བདུད་རྩི་ཐུན་མཚམས་འཆར་ལྟར་གཞན་དག་ལའང་རིགས་བསྒྲེས་སོ། །མཚན་མོ་ཡིན་ན་ཉི་ནུབ་བྱ་ནས་རིམ་བཞིན་དུ་ཐོ་རངས་སྟག་གི་བར་དུ་བརྩིས་པ་ལ་མཚན་དྲུག་ཏུ་བགོས་པས་མཚན་གྱི་ཕུར་བུ་བདུད་རྩི་ཐུན་མཚམས་དང་སྤེན་པ་རིགས་ལྡན་བརྩིས་པས་རྩིས་པ་རྣམས་ཀྱི་ངག་གི་གསུང་སྒྲོས་ཏེ། ༼ཉི་བདུད་ཟླ་སངས་མིག་རིགས་ལྷག༽ཅེས་པའི་མཚན་མོའང་གསུང་ཚིག་དེ་བློ་ལ་འཇགས་ནས་ལག་པའི་མཛུབ་ལྔའི་སྟེང་ནས་བགྲང་ན་ཉིན་གང་ཡིན་ན་སྔར་བཞིན་དུ་མཚན་གྱི་ཕུར་བུ་བདུད་རྩི་ཐུན་མཚམས་དང་སྤེན་པ་རིགས་ལྡན་འཆར་བ་ལ་དེའི་རེས་གཟའ་ངོས་ཟིན་ནས་མཛུབ་ལྔའི་ཐོག་མ་མཐེ་བོང་གི་གཡས་ངོས་སུ་ཉི་ནུབ་བྱ་སྔ་ཆ་རེས་གཟའ་ལྷག་པ་ལ་མཐེ་བོང་གི་གཡོན་ངོས་སུ་ཉི་ནུབ་བྱའི་ཕྱི་ཆ་རེས་གཟའ་ཉི་མ་དང་། མཛུབ་མོ་གཡས་ངོས་སུ་ས་སྲོས་ཁྱི་ལ་སྔ་ཆ་རེས་གཟའ་ཕུར་བུ་བདུད་རྩི་ཐུན་མཚམས་འཆར་བ་བཞིན་དུ་མཚན་གཞན་ལའང་རིགས་བསྒྲེས་སོ། །

གཉིས་པ་ཉིན་དྲུག་མཚན་ལྔ་ལས་སྐོར་བའི་བརྩི་ཚུལ་ནི་དང་པོ་ཉིན་སྐོར་དྲུག་གི་དེ་རིང་ཉིན་གྱི་རེས་གཟའ་པ་སངས་ཡིན་པས་ནམ་ལངས་ཡོས་ཀྱི་ཐོག་མ་ཉིན་དེའི་རེས་ཀྱི་གཟའ་སྔ་ཆ་པ་སངས་དང་། དེ་རང་ནས་བརྩིས་ཕྱི་ཆ་ནི་དེའི་དྲུག་པ་རེས་གཟའ་ལྷག་པ་དང་། ཉི་ཤར་འབྲུག་གི་སྔ་ཆ་རེས་ཀྱི་གཟའ་ལྷག་པ་རང་ནས་རིམ་བཞིན་དུ་བརྩིས་པས་དྲུག་པ་ཟླ་བ་དང་། དེ་རང་ནས་བརྩིས་པས་ཕྱི་ཆ་ནི་དེའི་དྲུག་པ་རེས་གཟའ་སྤེན་པ་རིགས་ལྡན་དང་། ཉི་དྲོས་སྦྲུལ་གྱི་སྔ་ཆ་རེས་ཀྱི་གཟའ་སྤེན་པ་རང་ནས་རིམ་བཞིན་བརྩིས་དྲུག་པ་ཕུར་བུ་བདུད་རྩི་ཐུན་མཚམས་དང་། དེ་རང་ནས་བརྩིས་པས་ཕྱི་ཆ་ནི་དེའི་དྲུག་པ་རེས་གཟའ་མིག་དམར་དང་། ཉི་ཕྱེད་རྟའི་སྔ་ཆ་རེས་ཀྱི་གཟའ་མིག་དམར་རང་ནས་རིམ་བཞིན་བརྩིས་པས་དྲུག་པ་རེས་གཟའ་ཉི་མ་དང་། དེ་རང་ནས་བརྩིས་པས་ཕྱི་ཆ་ནི་རེས་གཟའ་དེའི་དྲུག་པ་རེས་གཟའ་པ་སངས་དང་། ཕྱེད་ཡོལ་ལུག་གི་སྔ་ཆ་རེས་ཀྱི་གཟའ་པ་སངས་རང་ནས་རིམ་བཞིན་བརྩིས་པས་དྲུག་པ་རེས་གཟའ་ལྷག་པ་དང་། དེ་རང་ནས་བརྩིས་ཕྱི་ཆ་ནི་རེས་གཟའ་དེའི་དྲུག་པ་རེས་གཟའ་ཟླ་བ་ཡིན་པ་བཞིན་དུ་གཞན་པ་དག་ལའང་རིགས་བསྒྲེས་སྦྱར་རོ། །མཚན་ལྔའི་སྐོར་བའི་ཚུལ་ནི་ཉིན་གྱི་རེས་གཟའ་གང་ཡིན་ན་མཚན་མོ་ལ་དུས་ཚོད་ཐོག་མ་ཉི་ནུབ་བྱ་ནས་སྔ་ཆ་ནི་དེ་རིང་གི་རེས་ཀྱི་གཟའ་པ་སངས་དང་དེ་ནས་རིམ་བཞིན་དུ་བརྩིས་པའི་ལྔ་པ་ཕྱི་ཆ་མིག་དམར་དང་། ས་སྲོས་ཁྱིའི་སྔ་ཆ་རེས་ཀྱི་གཟའ་མིག་དམར་རང་ནས་རིམ་བཞིན་བརྩིས་པས་ལྔ་པ་སྤེན་པ་རིགས་ལྡན་དང་། དེ་རང་ནས་བརྩིས་པས་ཕྱི་ཆ་ནི་དེའི་ལྔ་པ་རེས་གཟའ་ལྷག་པ་དང་། སྲོད་འཁོར་ཕག་གི་སྔ་ཆ་རེས་ཀྱི་གཟའ་ལྷག་པ་རང་ནས་རིམ་བཞིན་བརྩིས་པས་ལྔ་པ་རེས་གཟའ་ཕུར་བུ་བདུད་རྩི་ཐུན་མཚམས་དང་། ནམ་ཕྱེད་བྱི་བའི་སྔ་ཆ་རེས་ཀྱི་གཟའ་ཕུར་བུ་རང་ནས་རིམ་བཞིན་བརྩིས་པས་ལྔ་པ་རེས་གཟའ་ཟླ་བ་དང་། དེ་རང་ནས་བརྩིས་པས་ཕྱི་ཆ་ནི་དེའི་ལྔ་པ་་རེས་གཟའ་པ་སངས་དང་། ཕྱེད་ཡོལ་གླང་གི་སྔ་ཆ་ནི་རེས་ཀྱི་གཟའ་པ་སངས་རང་ནས་རིམ་བཞིན་བརྩིས་པས་ལྔ་པ་རེས་གཟའ་མིག་དམར་དང་། དེ་རང་ནས་བརྩིས་པས་ཕྱི་ཆ་ནི་དེའི་ལྔ་པ་རེས་གཟའ་སྤེན་པ་རིགས་ལྡན་འཆར་བ་སོགས་གཞན་དག་ལའང་རིགས་འགྲེས་སྦྱར་རོ། །ཞེས་སོགས་སུ་འདིའི་སྐབས་སུ་འཆད་ཁྲིད་དག་ནའང་དམིགས་བསལ་གྱི་གོ་དགོས་པ་ནི་ཉིན་མོའི་དབང་དུ་བྱས་ན་ཕྱི་ཆའི་གཟའ་རྣམས་ངོས་འཛིན་པའི་སྐབས་སུ་ཉིན་མོ་སྔ་ཆའི་དུས་གཟའ་དྲུག་པ་དང་ཉིན་མོའི་ཕྱི་ཆ་གཟའ་ཡིན་པ་དང་མཚན་མོ་སྔ་ཆ་དེ་ནས་བརྩིས་པས་ལྔ་པ་ཕྱི་ཆ་དེ་རང་བརྩིས་པས་ལྔ་པ་ཕྱི་ཆའི་གཟའ་ཡིན་དེ་ཁྱད་པར་ཡིན་པར་གསུངས་སོ། །
གསུམ་པ་ལི་ཐོ་དག་ལས་བཀོད་པའི་རེའུ་མིག་གི་ཕུར་བུ་བདུད་རྩི་ཐུན་མཚམས་དང་སྤེན་པ་རིགས་གཉིས་བཤད་ཚུལ་ནི། རེའུ་མིག་གི་དང་པོ་གཟའ་ཉི་མའི་ཉིན་གྱི་དུས་ཚོད་དྲུག་ལ་མཚོན་ན་ནམ་ལངས་ཡོས་སྔ་ཆའི་གཤམ་དུ་ཨང་ཀི༡ཡོད་པ་གཟའ་ཉི་མ། ཕྱི་ཆའི་གཤམ་ན་ཨང་ཀི༦ཡོད་པ་པ་སངས། ཉི་ཤར་སྔ་ཆའི་གཤམ་དུ་༤ཡོད་པ་ལྷག་པ། ཕྱི་ཆའི་གཤམ་ན༢ཡོད་པ་ཟླ་བ། ཉི་དྲོས་སྔ་ཆའི་གཤམ་ན་རིགས་ཞེས་པ་སྤེན་རིགས་ལྡན་འཆར་བའི་མཚོན་བྱེད་དེའི་དུས་ཚོད་འདིར་བྱ་བ་ཀུན་ལ་ངན་པས་འཛེམ། ཕྱི་ཆ་ལ་བདུད་ཅེས་པ་ནི་ཕུར་བུ་བདུད་རྩི་ཐུན་མཚམས་འཆར་བས་མཚོན་བྱེད་དེའི་དུས་ཚོད་འདིར་བྱ་བ་ཀུན་དང་སྨན་སྦྱོར་ལ་ཤིས་པས་དུས་འདིར་འགོ་བརྩམ་ན་ལེགས་པར་སྔོན་བྱུང་མཁས་པས་མགྲིན་གཅིག་ཏུ་གསུང་། དེ་བཞིན་དུ་ཉི་ཕྱེད་སྔ་ཆའི་གཤམ་ན་༣ཡོད་པ་མིག་དམར། ཕྱི་ཆའི་གཤམ་ན༡ཡོད་ཉི་མ། ཕྱེད་ཡོལ་ལུག་གི་སྔ་ཆའི་གཤམ་ན་༦ཡོད་པ་པ་སངས། ཕྱི་ཆའི་གཤམ་ན་༤ཡོད་པ་ལྷག་པ། ཉི་མྱུར་སྤྲེལ་གྱི་སྔ་ཆའི་གཤམ་ན༢ཡོད་པ་ཟླ་བ། ཕྱི་ཆ་གཤམ་ན་རིགས་ཞེས་སྤེན་པ། མཚན་གྱི་དུས་ཚོད་དྲུག་དང་པོ་ནས་ཀྱང་རིམ་བཞིན་དུ་ཉི་ནུབ་བྱའི་སྔ་ཆའི་གཤམ་ན༡ཡོད་པ་ཉི་མ། ཕྱི་ཆ་ལ་བདུད་ཅེས་ཕུར་བུ་བདུད་རྩི་ཐུན་མཚམས། ས་སྲོས་ཁྱིའི་སྔ་ཆའི་གཤམ་ན་༢་ཡོད་པ་ཟླ་བ། ཕྱི་ཆ་ལ༦ཡོད་པ་པ་སངས། སྲོད་འཁོར་ཕག་གི་སྔ་ཆའི་གཤམ་ན་༣ཡོད་པ་མིག་དམར། ཕྱི་ཆའི་གཤམ་ན་རིགས་ཞེས་སྤེན་པ། མ་ཕྱེད་བྱི་བའི་སྔ་ཆའི་གཤམ་ན་༤ཡོད་པ་ལྷག་པ། ཕྱི་ཆའི་གཤམ་ན༡ཡོད་པ་ཉི་མ། ཕྱེད་ཡོལ་གླང་གི་སྔ་ཆའི་གཤམ་ན་བདུད་ཅེས་ཕུར་བུ་བདུད་རྩི་ཐུན་མཚམས། ཕྱི་ཆའི་གཤམ་ན༢ཡོད་པ་ཟླ་བ། ཐོ་རངས་སྟག་གི་སྔ་ཆའི་གཤམ་ན༦ཡོད་པ་སངས། ཕྱི་ཆའི་གཤམ་ན༣ཡོད་པ་མིག་དམར་བཅས་རེས་ཀྱི་གཟའ་གཞན་ལའང་རིགས་བསྒྲེས་སྦྱར་ན་རྟོགས་པར་འགྱུར་རོ། །
བཞི་པ་དུས་ཚོད་ཀྱི་རེའུ་མིག་ལས་རྟོག་ཚུལ་ནི་འདིའི་པེ་ཅིང་དུས་ཚོད་འཁོར་ལོ་དང་སྦྱར་ནས་ནམ་ལངས་ཡོས་སྔ་ཆ་པེ་ཅིང་དུས་ཚོད་དྲུག་པ་དང་བདུན་པའི་བར་དང་། ཕྱི་ཆ་པེ་ཅིང་དུས་ཚོད་བདུན་ནས་བརྒྱད་པའི་བར་ཡིན་པ་དེ་བཞིན་དུ་གཞན་ལའང་རིགས་འགྲེ་སྦྱར་ནས་སྔ་ཕྱིའི་ཡུན་རེ་པེ་ཅིང་དུས་ཚོད་རེ་སྦྲགས་ནས་དུས་ཚོད་ལས་ངེས་འཛིན་གྱི་རེའུ་མིག་ནི།
ཞེས་པ་འདི་སྟོན་པའི་འདས་ལོ༢༩༠༢ལོ་བོད་ཟླ་བརྒྱད་པ་མཆིམས་སོགས་འདུལ་འཛིན་སྔོན་མས་ལོ་འགོ་འཛིན་པའི་ཁྲུམས་སྟོད་ཟླ་བའི་བོད་ཚེས༢༨ལེགས་པ་བརྒྱད་འཛོམས་དུས་སུ་སྐར་རྩིས་འཛིན་གྲྭའི་པདྨ་རྡོ་རྗེ་ནས་བྲིས་པའོ། །
འབྲེལ་ཡོད་འོས་སྦྱོར།