བོད་སོག་གེ་སར་སྒྲུང་གི་འབྲེལ་བའི་སྐོར་བཤད་པ།
རྩོམ་པ་པོ།:གཅོད་པ་དོན་གྲུབ།
ཡོང་ཁུངས།:རླུང་ནག་འཚུབ་མ་འཕྲིན་སྟེགས།
དུས་ཚོད།:2022-11-24
ཀློག་གྲངས།:
དུས་རབས་བཅུ་དགུའི་མཇུག་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གེ་སར་སྒྲུང་དང་སོག་པོའི་དམངས་ཁྲོད་དུ་ཁྱབ་བཞིན་པའི་གེ་སར་སྒྲུང་གི་འབྲེལ་བའི་སྐོར་ལ་དཔྱད་གཏམ་འདྲ་མིན་སྣ་ཚོགས་བརྗོད་ཡོད། དེ་ཡང་ཁ་ཅིག་གིས་སོག་པོའི་གེ་སར་སྒྲུང་ནི་བོད་ཀྱི་གེ་སར་སྒྲུང་ལས་ཡིག་སྒྱུར་བྱས་ཏེ་གྲུབ་པ་ཡིན་ཟེར། ཡང་ཁ་ཅིག་གིས་སོག་པོའི་གེ་སར་སྒྲུང་གི་འབྱུང་ཁུངས་བོད་ཀྱི་གེ་སར་སྒྲུང་ཡིན་ཡང་ཡོད་ཚད་བོད་ཀྱི་གེ་སར་སྒྲུང་དང་ཁྱད་པར་མེད་ཅེས་བརྗོད་ན་ཆ་མི་ཚང་། སོག་པོའི་གེ་སར་སྒྲུང་ལ་ཡང་ཐུན་མོང་མ་ཡིན་པའི་སོག་པོའི་དམངས་ཁྲོད་ཀྱི་ལོ་རྒྱུས་སྙན་རྩོམ་གྱི་ཁྱད་ཆོས་ལྡན་སྐད། ཡང་ཁ་ཅིག་གིས་སོག་པོའི་གེ་སར་སྒྲུང་ནི་སོག་རིགས་མི་དམངས་རང་གིས་གསར་རྩོམ་བྱས་པས། བོད་ཀྱི་གེ་སར་སྒྲུང་དང་འབྲེལ་བ་སྤུ་ཙམ་ཡང་མེད། འབྱུང་ཁུངས་དང་ཁྱབ་ཡུལ་ཐམས་ཅད་སོ་སོ་ཡིན་ཟེར། ཡང་ཁ་ཅིག་གིས་བོད་ཀྱི་གེ་སར་སྒྲུང་གི་འབྱུང་ཁུངས་སོག་པོའི་གེ་སར་སྒྲུང་ཡིན་སྐད། ད་དུང་ཕྱི་རྒྱལ་གྱི་མཁས་རློམ་ཅན་ལ་ལས་གེ་སར་སྒྲུང་འདི་གང་ལ་གཏོགས་ཡུལ་ཐག་ཆོད་མེད་ཟེར་བ་མ་ཟད། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་འབྱུང་ཁུངས་ཕྱི་རྒྱལ་ཡིན་ཞེས་དཀར་ནག་གོ་ལྡོག་ནས་སྨྱོ་བཤད་དང་ཉོག་བཤད་ལོང་བཤད་བྱས་པའང་མང་པོ་མཐོང་འདུག འོ་ན་ཁྱོད་ལ་བོད་སོག་གེ་སར་སྒྲུང་གི་འབྲེལ་བའི་སྐོར་ལ་ལྟ་བ་ཅི་ཡོད་དམ་ཞེ་ན་འདི་ལྟ་སྟེ། བོད་སོག་གེ་སར་སྒྲུང་གི་འབྲེལ་བ་ནི་མ་བུའི་འབྲེལ་བ་ཡིན་ལ། བོད་ཀྱི་གེ་སར་སྒྲུང་ནི་མ་སྒྲུང་དང་སོག་པོའི་གེ་སར་སྒྲུང་ནི་བུ་སྒྲུང་ཡིན། སྤྱིར་མ་སྒྲུང་དང་བུ་སྒྲུང་གཉིས་ལ་འབྲལ་ཐབས་མེད་པའི་འབྲེལ་བ་ཡོད་ཀྱང་མ་སྒྲུང་དང་བུ་སྒྲུང་གང་ལྟར་ཀྱང་སོ་སོ་ཡིན་པས་ཁྱད་པར་ཅི་ཡང་མེད་ཅེས་བརྗོད་ནའང་མི་ཆོག ངེད་ཅག་གིས་སོག་པོའི་གེ་སར་སྒྲུང་གི་འབྱུང་ཁུངས་བོད་ཀྱི་གེ་སར་སྒྲུང་ཡིན་པ་ཐག་གཅོད་ཐུབ་ཀྱང་སོག་པོའི་གེ་སར་སྒྲུང་ལ་རང་མི་རིགས་ཀྱི་རྩོམ་རིག་གི་ཁྱད་ཆོས་ལྡན་པ་ཡང་ཁས་ལེན་དགོས།
དང་པོ། སོག་པོའི་གེ་སར་སྒྲུང་གི་འབྱུང་ཁུངས་ནི་བོད་ཡུལ་ཡིན།
སོག་པོའི་གེ་སར་སྒྲུང་ནི་བོད་ཀྱི་གེ་སར་སྒྲུང་ལས་མཆེད་པ་ཡིན་ཞིང་། དེ་ཡང་མ་སྒྲུང་དང་བུ་སྒྲུང་གི་འབྲེལ་བ་ཡིན་ཞེས་བརྗོད་དོན་ཅི་ཡིན་ནམ་ཞེ་ན། བོད་སོག་དམངས་ཁྲོད་སྒྱུ་རྩལ་པའི་ངག་ཐོག་གི་འགྲོ་ལམ་ལ་བརྟེན་ནས་སོག་ཡུལ་དུ་གེ་སར་སྒྲུང་དར་ཁྱབ་ཏུ་སོང་བ། དེ་ཡང་མི་རིགས་གང་དང་གང་ཡིན་རུང་འདྲེས་སྡོད་ཡོད་པའི་ས་མཚམས་སུ་སྐད་རིགས་དང་རིག་གནས་གོམས་སྲོལ་བཅས་པ་ཕན་ཚུན་ལ་འབྲེལ་འདྲིས་ཆེ་བ་ནི་ཚང་མས་ཤེས་གསལ་ལྟར་རེད། བོད་རིགས་དང་སོག་རིགས་འདི་གཉིས་ལ་མཚོན་ན། གཅིག་ནི་ལོ་རྒྱུས་སྟེང་ནས་འབྲེལ་བ་ཤིན་ཏུ་དམ། ཁྱད་པར་དུ་ཡོན་རྒྱལ་རབས་ནས་བཟུང་ས་སྐྱ་གོང་མ་མཁས་དབང་ཀུན་དགའ་རྒྱལ་མཚན་དང་ཆོས་རྒྱལ་འགྲོ་མགོན་འཕགས་པ་རྣམ་གཉིས་སྔ་གཞུག་ཏུ་གོ་དན་རྒྱལ་བོའམ་སེ་ཆེན་རྒྱལ་བོའི་དབུ་བླར་གདན་འདྲེན་ཞུས་ཤིང་། ད་དུང་འགྲོ་མགོན་འཕགས་པ་མཆོག་གིས་སོག་ཡིག་གསར་བཟོ་མཛད་པ་མ་ཟད་ཁོང་རྣམ་པས་བོད་བརྒྱུད་ནང་བསྟན་པའི་ཆོས་ལུགས་ཀྱང་སོག་ཡུལ་དུ་རྒྱ་ཆེར་སྤེལ་ཏེ་བོད་སོག་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་གྱུར། སྐབས་དེ་ནས་བཟུང་བོད་སོག་གཉིས་ཀྱི་བར་ཆབ་སྲིད་དང་དཔལ་འབྱོར། རིག་གནས་ཆོས་ལུགས་སོགས་ཐད་ལ་འབྲེལ་བ་ཡང་ལེགས་པོ་བྱུང་བས། བོད་སོག་གེ་སར་སྒྲུང་གི་དམངས་ཁྲོད་སྒྱུ་རྩལ་པ་རྣམས་ཕན་ཚུན་འགྲོ་འོང་གི་སྒོ་འཕར་སྔར་ལས་ཡངས་པོར་ཕྱེ།
གཅིག་སྟེ། གླིང་སྒྲུང་འདི་ངག་ཐོག་བརྒྱུད་ནས་དར་ཁྱབ་ཏུ་སོང་། དཔེར་ན་མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་དང་མཚོ་ལྷོ། རྨ་ལྷོ། མཚོ་བྱང་བཅས་བོད་རིགས་ས་ཁུལ་ཁག་ཅིག་ཏུ་ལོ་འཁོར་བརྒྱ་ཕྲག་དུ་མའི་རིང་ལ་བོད་སོག་མི་རིགས་གཉིས་འདྲེས་སྡོད་བྱས་ཡོད་པར་བརྟེན། མི་རིགས་ཕན་ཚུན་གྱི་སྐད་རིགས་དང་རིག་གནས་སྒྱུ་རྩལ། ཟས་རིགས་གྱོན་ཆས་ཀྱི་གོམས་སྲོལ་སོགས་འབྲེལ་འདྲིས་དམ་པོ་ཆགས་ཡོད། དཔེར་ན་ད་ལྟའི་མཚོ་ནུབ་ཀྱི་ཚྭ་ཁ་དང་པཎ་ཆེན་ཤིང་སྡེ་ས་ཁུལ་དུ་འདྲེས་སྡོད་བྱས་ཡོད་པའི་བོད་སོག་མང་ཚོགས་ལ་ཆ་མཚོན་ན། སོག་པོས་བོད་སྐད་དང་བོད་ཀྱི་གོམས་སྲོལ་དག་བྱང་བར་ཤེས་པ་མ་ཟད། བོད་ཀྱི་དམངས་གླུ་དང་གེ་སར་སྒྲུང་ལེན་པ་དང་བཤད་པ་ཚང་མ་བོད་རིགས་དང་ཁྱད་པར་མ་མཆིས། ཐ་ན་ད་ལྟའི་སོག་པོའི་མིའི་མིང་ཆེ་བ་ཡང་བོད་མིང་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད། ཡུལ་དེའི་བོད་རིགས་ཀྱིས་ཀྱང་སོག་སྐད་དང་སོག་གླུ། སོག་པོའི་གཏམ་རྒྱུད་སོགས་བཤད་པ་དང་ལེན་པར་ཐོགས་པ་མེད། ད་དུང་དམངས་ཁྲོད་སྒྱུ་རྩལ་པ་རྣམས་ནམ་རྒྱུན་ཕན་ཚུན་འགྲོ་འོང་བྱས་ཏེ། གེ་སར་སྒྲུང་སོགས་བཤད་པ་ནི་གོམས་སྲོལ་ཞིག་ཏུ་ཆགས་ཡོད། ས་དེའི་སོག་པོས་བཤད་པའི་སྒྲུང་ཡང་བོད་སོག་སྒྲུང་གཉིས་ཕལ་ཆེར་འདྲེས་མ་ཞིག་ཏུ་གྱུར་འདུག ད་དུང་ཁོ་ཚོས་སྒྲུང་བཤད་པའི་སྐབས་སུ་སྔོན་ལ་བོད་སྐད་ཀྱིས་བཤད་རྗེས་སོག་སྐད་ཀྱིས་འགྲེལ་བཤད་གཏོང་བཞིན་ཡོད། གང་ལྟར་ཀྱང་གེ་སར་སྒྲུང་འདི་བོད་སོག་འདྲེས་སྡོད་ས་ཁུལ་གྱི་དམངས་ཁྲོད་སྒྱུ་རྩལ་པ་བརྒྱུད་ནས་དར་ཁྱབ་ཏུ་སོང་བར་བསྙོན་དུ་མེད་དོ༎
གཉིས་ཏེ། ཡིག་ཐོག་གི་འགྲོ་ལམ་ལ་བརྟེན་ནས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་སོག་པོའི་ཡུལ་དུ་དར་ཁྱབ་ཏུ་སོང་བ། འདི་ཕྱོགས་སུ་ཕྱི་སོག་གི་མཁས་པ་ཆེན་པོ་ཚེ་ཐ་མཱི་ཏིན་སོ་རིན་གྱིས1950ལོར་བྲིས་པའི«གེ་སར་སྒྲུང་གི་ལོ་རྒྱུས་འབྱུང་ཁུངས»ཞེས་པའི་དཔྱད་རྩོམ་ནང་གསལ་པོར་བསྟན་དོན། སོག་པོའི«གེ་སར་རྒྱལ་པོའི་སྒྲུང»ཞེས་པ་དེ་ནི1885ལོར་ཨུ་རུ་སུའི་སོག་པོའི་མཁས་པ་ཐ་ཉིན་ཟེར་བས་བོད་ལྗོངས་ཨ་མདོ་རྫོང་དུ་འཚོལ་སྡུད་བྱས་པའི་བོད་ཡིག་ལས་བྲིས་པའི་གེ་སར་སྒྲུང་ལག་བྲིས་མ་གཞིར་བཟུང་ནས་བསྒྱུར་བ་ཡིན་གསུངས། ཡང་སོག་པོའི་མཁས་པ་པོ་ཡུན་ཏེ་ལེ་ཀུན་ཟེར་བས«སོག་ཡིག་གེ་སར་སྒྲུང་གི་གཏམ་རྒྱུད་ལ་དཔྱད་པ»ཞེས་པ་ལས་བསྟན་དོན། ལོ་འཁོར་བརྒྱ་ཕྲག་ལྷག་གི་སྔོན་ལ་བོད་ལྗོངས་ཨ་མདོ་ས་ཁུལ་ནས་བསྡུས་པའི་བོད་ཀྱི་གེ་སར་སྒྲུང་གི་གཏམ་རྒྱུད་དེ་སོག་ཡུལ་ལ་བརྒྱུད་དེ་དར་ཁྱབ་ཏུ་སོང་བ་དང་ཆབས་ཅིག་སོག་པོའི་གེ་སར་སྒྲུང་གྲུབ་པ་ཡིན་སྐད། ཡང་ཀྲའོ་པིན་ལེས«བོད་སོག་གེ་སར་སྒྲུང་གི་འབྲེལ་བ་བརྗོད་པ»ཞེས་པའི་ནང་དུ། ཡོན་རྒྱལ་རབས་བཙུགས་རྗེས་ལོ་འཁོར་བརྒྱ་ཕྲག་དུ་མའི་ནང་བོད་ལྗོངས་ཀྱི་མཁས་པ་གྲགས་ཅན་མང་པོ་སོག་ཡུལ་དུ་གདན་འདྲེན་ཞུས་ཏེ་སློབ་ཁྲིད་མཛད། ཁོང་རྣམ་པས་བོད་ཀྱི་མཁས་པའི་ལྗགས་རྩོམ་གལ་ཆེན་དང་གེ་སར་སྒྲུང་འདུས་པའི་དམངས་ཁྲོད་ཀྱི་རྩོམ་རིག་སྒྲོག་སྤེལ་གནང་བ་མ་ཟད། དུས་རབས་བཅུ་བདུན་ནས་བཟུང་བོད་ཡིག་ལ་བྱང་ཆུབ་པའི་སོག་པོའི་མཁས་པ་ཉིས་བརྒྱ་ལྷག་བོད་ཀྱི་ཚད་མ་དང་སྙན་ངག གཏན་ཚིགས་རིག་པ། སྨན་རྩིས། རྩོམ་རིག་སྒྱུ་རྩལ་བཅས་པ་ཡིག་སྒྱུར་དང་ཞིབ་འཇུག་གནང་སྟེ། བོད་སོག་རིག་གནས་བརྗེ་རེས་དང་གོང་འཕེལ་ཐད་ལ་ཕྱག་རྗེས་བླ་མེད་བཞག་ཡོད་ཅེས་བྲིས་འདུག ཡང་ཁོ་བོས་དཔྱད་གཞིའི་ཡིག་ཆ་ཁུངས་བཙུན་པ་འགའ་ཞིག་ལས་མཐོང་བ་ལྟར་ན། གེ་སར་སྒྲུང་འདི་ཕལ་ཆེར་དུས་རབས་བཅུ་གསུམ་པའི་རྗེས་སུ། བོད་རིགས་དང་འདྲེས་སྡོད་བྱས་ཡོད་པའི་མཚོ་སྔོན་གྱི་ཨུ་ལོ་ཐེ་སོག་པོའི་དམངས་ཁྲོད་དུ་དར་ཁྱབ་ཏུ་སོང་བ་དང་བསྟུན་ནས་སོག་རིགས་འདུས་སྡོད་ཀྱི་ས་ཁུལ་ཡོངས་སུ་དར་བར་གྱུར། ད་ལྟ་ང་ཚོས་མཐོང་བའི1716ལོའི་པེ་ཅིན་ཤིང་དཔར་གྱི«གེ་སར་ཁེ་ཧན་གྱི་སྒྲུང»ཟེར་བ་ཡང་སྤྱི་ལོ1630ལོར་མཚོ་སྔོན་གྱི་ཨུ་ལོ་ཐེ་སོག་པོ་ལྔས་མཚོ་སྔོན་བོད་རིགས་ཀྱི་སྒྲུང་པའི་བཤད་པ་ལས་ཟིན་བྲིས་བཀོད་ཅིང་ལེགས་སྒྲིག་བྱས་ཏེ་གྲུབ་པ་ལགས་ཞེས་བཀོད་འདུག འདིའི་སྐོར་ལ་རྒྱ་བོད་སོག་གསུམ་གྱི་མཁས་པ་མང་པོས་གཏམ་གླེང་མང་པོ་བརྗོད་ཡོད་མོད། ཡིན་ནའང་གོང་གསལ་གྱི་མཁས་པ་རྣམས་ཀྱི་ལྟ་བའི་སྙིང་པོ་དེས་གླིང་གེ་སར་རྒྱལ་པོའི་སྒྲུང་འདི་ཡིག་ཐོག་བརྒྱུད་ནས་སོག་ཡུལ་དུ་དར་སྤེལ་བྱུང་བ་ཡིན་པ་ར་སྤྲོད་གསལ་པོ་མཛད་ཡོད། གཞན་ཡང་ད་ལྟ་ང་ཚོས་མཐོང་བའི་སོག་པོའི་ཚད་ལྡན་གྱི་སྒྲུང་དཔེ་ཡིན་ཟེར་བ«འཛམ་གླིང་གེ་སར་རྒྱལ་པོའི་རྣམ་ཐར»ཞེས་པའི་རྒྱ་འགྱུར་མ་དང«གླིང་གེ་སར་རྒྱལ་པོ»ཞེས་པའི་རྒྱ་འགྱུར་མ་གཉིས་ལ་ཆ་མཚོན་ན། ཐོག་མར་སྒྲུང་མིང་འདི་གཉིས་ཡིག་སྒྱུར་སྐབས་སུ་ཡིག་འབྲུ་རེ་ཟུང་སྣོན་ཕྲི་བྱས་པ་ལས་སྒྲ་ཐམས་ཅད་བོད་སྐད་ཀྱི་སྒྲ་ཇི་མ་ཇི་བཞིན་དུ་རྟོགས་ཐུབ། ད་དུང་སོག་པོའི་སྒྲུང་དཔེ་འདི་གཉིས་ནང་དུ་གླིང་གི་དཔའ་རྟུལ་སུམ་ཅུའི་མཚན་དང་སྨན་མཆོག་འགོག་བཟའ་དང་འབྲུག་མོ། མེ་བཟའ། ནེའུ་ཆུང་སོགས་ཀྱི་མཚན་ཡང་འཁྲུལ་བ་མེད་པར་བཀོད་ཡོད་པ་ཁོ་བོས་དངོས་སུ་མཐོང་མྱོང་། དེ་མིན་གེ་སར་རྒྱལ་པོ་འདུག་སྡོད་བྱེད་སའི་ཡུལ་ཡང་རྨ་ཆུ་འབྲི་ཆུ་རྫ་ཆུའི་འབྱུང་ཡུལ་ཡིན་པ་གསལ་བོ་བཀོད་ཡོད། གལ་སྲིད་གེ་སར་སྒྲུང་འདི་ཡིག་ཐོག་ལས་སོག་ཡུལ་དུ་ཁྱབ་པ་མིན་ན་སྒྲུང་མིང་དང་མི་མིང་ཡུལ་མིང་སོགས་འགྱུར་བ་ཆེན་པོ་མེད་པར་དེ་འདྲའི་གསལ་ཞིང་དག་པར་ཁྱབ་ཐབས་ཡོད་པ་མ་རེད། ཡིན་ནའང་སོག་པོའི་གེ་སར་སྒྲུང་འདི་ཡིག་ཐོག་ཁོ་ནར་བརྟེན་ནས་དར་ཁྱབ་ཏུ་སོང་བ་མིན་པ་ཡང་ཤེས་པར་གྱིས།
གསུམ་སྟེ། དེ་ཡང་སོག་པོའི་གེ་སར་སྒྲུང་གི་གཏམ་རྒྱུད་ཀྱི་ནང་དོན་དང་བོད་ཀྱི་གེ་སར་སྒྲུང་གི་གཏམ་རྒྱུད་ཀྱི་ནང་དོན་ཆ་ནས་ཁྱད་པར་ཆེན་པོ་མེད། ད་ལྟ་ང་ཚོས་རྒྱུན་དུ་མཐོང་ཐུབ་པའི་སོག་པོའི«གླིང་གེ་སར་སྒྲུང»ཞེས་པའི་སྒྲུང་དཔེའི་གཏམ་རྒྱུད་དང་བོད་ཀྱི་གེ་སར་སྒྲུང་གི་གཏམ་རྒྱུད་ལ་ཞིབ་པར་བརྟགས་ན། སོག་པོའི་སྒྲུང་དཔེ་དེའི་ལེའུ་དང་པོ་དང་བོད་ཀྱི་སྒྲུང་དཔེ་ལས«ལྷ་གླིང་གབ་རྩེ་དགུ་སྐོར»དང«འཁྲུངས་གླིང་མེ་ཏོག་ར་བ»བསྡུས་པ་དང་ཐོད་ཐུག་ཡོད། སོག་པོའི་སྒྲུང་དཔེ་དེའི་ལེའུ་གཉིས་པ་དང་ལེའུ་ཉེར་བཞིའི་ནང་གི་གཏམ་རྒྱུད་དང་མཚོ་སྔོན་ནས་བསྒྱུར་བའི«ཧོར་གླིང་གཡུལ་འགྱེད»ནང་གི་ལེའུ་དང་པོ་ནས་ལེའུ་ཉེར་ལྔ་བར་ཐོད་ཐུག་འདུག སོག་པོའི་སྒྲུང་དཔེ་དེའི་ལེའུ་ཉེར་དགུ་དེ་ཡང་བོད་ཀྱི་སྒྲུང་དཔེ«ཁམས་གསུམ་བདེ་བཀོད»དང་ཁྱད་པར་མ་མཆིས། ད་དུང་བོད་སོག་སྒྲུང་དཔེ་གཉིས་ཀྱི་གཏམ་རྒྱུད་ཀྱི་གོ་རིམ་དང་མི་སྣའི་མཚན། ས་མིང་རྫོང་མིང་མཚོན་ཆའི་མིང་སོགས་དབྱེ་མཚམས་གསལ་པོ་འབྱེད་ཁག་པོ་འདུག གཞན་ཡང་སོག་ཡིག་གི་པེ་ཅིན་ཤིང་དཔར་མའི«གེ་སར་ཁེ་ཧན་གྱི་སྒྲུང»དང་བོད་ཡིག་གི«གེ་སར་བསྡུས་སྒྲུང»གཉིས་ཀྱང་ཕལ་ཆེར་གཅིག་མཚུངས་ཡིན། བོད་ཀྱི«གེ་སར་བསྡུས་སྒྲུང»ལ་ལེའུ་ལྔ་ཡོད་པ་ལས་ལེའུ་དང་པོ«ལྷ་གླིང»དང་ལེའུ་གཉིས་པ«འཁྲུངས་གླིང» ལེའུ་གསུམ་པ«རྟ་རྒྱུགས་རྒྱལ་འཇོག»བཅས་ཀྱི་གཏམ་རྒྱུད་གཙོ་བོ་ཐམས་ཅད་སོག་ཡིག་གི་པེ་ཅིན་ཤིང་དཔར་མའི«གེ་སར་ཁེ་ཧན་གྱི་སྒྲུང»ནང་གསལ་པོར་མཐོང་ཐུབ། བོད་སོག་སྒྲུང་དཔེ་འདི་གཉིས་ཀྱི་ལེའུ་བཞི་པའི་ནང་དུ་གེ་སར་རྒྱལ་བོ་བདུད་ཀླུ་བཙན་འདུལ་བར་ཕེབས་པའི་ལོ་རྒྱུས་བཀོད་འདུག་པ་ཡང་གཅིག་མཐུན་རེད། སོག་ཡིག་གི་པེ་ཅིན་ཤིང་དཔར་མའི«གེ་སར་ཁེ་ཧན་གྱི་སྒྲུང»གི་ལེའུ་དགུ་པའི་ནང་དུ་གེ་སར་མཆོག་སེར་པོ་ཧོར་དུ་ཕེབས་ཏེ་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་དེ་སེང་ལྕམ་འབྲུག་མོ་ཕྱིར་གླིང་དཀར་སྟོད་ལ་ཁྲིད་པའི་ལོ་རྒྱུས་དང་། «ཧོར་གླིང་གཡུལ་འགྱེད»ཀྱི་སྨད་ཆའི་ནང་གི་གཏམ་རྒྱུད་དང་ཁྱད་པར་ཅུང་ཙམ་ཡང་མེད་པ་རེད། ད་དུང་བོད་སོག་གེ་སར་སྒྲུང་གི་བརྗོད་བྱའི་དོན་གྱི་སྙིང་བོ་ཡང་གླིང་རྗེ་གེ་སར་རྒྱལ་པོ་འདི་ཉིད་གཉོམ་ཆུང་མཐའ་ནས་སྐྱོང་བ་དང་བཙན་པོ་མགོ་ནས་གནོན་པའི་ཕྱིར་སྟེང་ཕྱོགས་ལྷ་ཡུལ་ཁམས་ནས་འཇིག་རྟེན་མི་ཡུལ་འདིར་བྱོན་ཏེ་ཕྱོགས་བཞིའི་དགྲ་བཞི་བཏུལ་ཞིང་རྫོང་ཆེན་བཅོ་བརྒྱད་ཆམ་དུ་ཕབ་སྟེ་ཁམས་གསུམ་བདེ་ལ་བཀོད་པ་འདི་ལས་གཞན་མ་མཆིས།
གོང་གསལ་དུ་བརྗོད་པ་དག་ལ་བརྟགས་ན་སོག་པོའི་གེ་སར་སྒྲུང་ནི་བོད་ཀྱི་གེ་སར་སྒྲུང་ལས་མཆེད་པ་ཡིན་པ་གསལ་པོར་རྟོགས་ཐུབ། ཡིན་ནའང་སོག་པོའི་གེ་སར་སྒྲུང་ཐམས་ཅད་བོད་ཀྱི་གེ་སར་སྒྲུང་དང་ཁྱད་པར་ཅི་ཡང་མེད་ཅེས་མཐའ་གཅིག་ཏུ་བརྗོད་ན་མི་འགྲིག དེར་ཡང་སོག་རིགས་རང་གིས་སྣོན་འཕྲི་དང་དག་སྒྲིག་ལ་སོགས་པའི་རྒྱུ་རྐྱེན་མང་པོ་ཡོད་པ་རེད།
གཉིས་པ། སྒྲུང་པ་མེད་ན་སྒྲུང་དཔེ་གསར་བ་མེད།
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་དུས་རབས་མང་པོའི་རིང་ལ་དམངས་ཁྲོད་ཀྱི་སྒྲུང་པ་ཁྲི་སྟོང་མང་པོའི་ངག་ལས་གསར་རྩོམ་དང་བརྒྱུད་སྒྲོག་ལ་བརྟེན་ནས་དར་ཁྱབ་དུ་སོང་བ་སྨྲོས་ཅི་དགོས། གེ་སར་སྒྲུང་འདི་གངས་རིའི་ལྗོངས་སུ་ས་ཁྱབ་རྡོ་ཁྱབ་དུ་གྱུར་པ་ཡང་དམངས་ཁྲོད་ཀྱི་སྒྲུང་བ་རྣམས་ཀྱི་བཀའ་དྲིན་ལགས། དེ་བས་སྒྲུང་པ་མེད་ན་སྒྲུང་དཔེ་མེད་ཅེས་བཤད་ཆོག སོག་ཡུལ་ལ་མཚོན་ན་གེ་སར་སྒྲུང་པ་འགའ་རེ་མཐོང་རྒྱུ་ཡོད་ཀྱང་ངེད་ཅག་བོད་ཀྱི་སྒྲུང་པ་དང་གཏན་ནས་མི་འདྲ། ཁོ་ཚོའི་སྒྲུང་པ་དག་བསླབ་སྒྲུང་ཁོ་ནར་གཏོགས་པ་ལས་རིགས་གཞན་པའི་སྒྲུང་མཁན་གཅིག་ཀྱང་མེད། ད་དུང་སྒྲུང་བཤད་པའི་སྐབས་སུ་པི་ཝང་དཀྲོལ་པའང་ཕལ་ཆེར་སྲོལ་དུ་ཆགས་ཡོད། སྒྲུང་བཤད་པའི་དུས་ཡུན་ཡང་ཧ་ཅང་ཐུང་། དུས་ཚོད་གཅིག་གཉིས་ཙམ་འགོར་རྗེས་བློ་ངོའི་སྒྲུང་ཐམས་ཅད་བཤད་ཚར་བ་ལགས། རང་རེའི་བོད་རིགས་ཀྱི་སྒྲུང་པ་ལ་མཚོན་ན་སྒྲུང་སྣ120ལྷག་བཤད་ཤེས་པའི་ཕུལ་བྱུང་སྒྲུང་བ་ཚེ་རིང་དབང་འདུས་དང་། སྒྲུང་ཁག112འབྲི་ཤེས་པའི་ན་གཞོན་གྱི་སྒྲུང་བ་གུ་རུ་རྒྱལ་མཚན། ད་དུང་བསམ་གྲུབ། ཚེ་རིང་རྡོ་རྗེ། ངག་རིག བསྟན་པ་རྒྱལ་མཚན། གསང་བདག་བཀྲ་ཤིས། ཟླ་བ་གྲགས་པ། ཀླུ་རྒྱལ་སོགས་གྲངས་མེད་ཅིག་ཡོད། ཁོང་རྣམ་པའི་ཁྲོད་ན་བཤད་དེ་རྫོགས་རྒྱུ་མེད་པའི་བབས་སྒྲུང་ཡོད་ལ། བྲིས་ཏེ་ཚར་རྒྱུས་མེད་པའི་གཏེར་སྒྲུང་དང་པྲ་སྒྲུང་། སྡུག་རུས་ཀྱིས་སྦྱངས་པའི་བསླབ་སྒྲུང་དང་ཐོས་སྒྲུང་སོགས་ཀྱང་ཡོད། མདོར་ན་བོད་རིགས་ཀྱི་ཡུལ་གང་དུ་ཆས་ན་སྒྲུང་པ་སྣ་མང་ཡོད་པ་མ་ཟད། བོད་མི་རེའི་ཁ་ན་སྒྲུང་རེ་ཡོད། ད་དུང་སྒྲུང་པའི་ཁྲོད་ན་ལོ་ན་རྒས་པའི་རྒན་པ་ཡོད་ལ། ཉམས་མྱོང་འཛོམས་པའི་དར་མ་ཡང་ཡོད། བློ་རིག་རྒྱས་པའི་ན་གཞོན་ཡོད་ལ། སྐད་ངག་ལེགས་པའི་སྐྱེས་མ་ཡང་ཡོད། འདི་རྣམ་པ་ཐམས་ཅད་གླིང་སྒྲུང་གི་གསར་རྩོམ་པ་དང་རྒྱུན་འཛིན་དར་སྤེལ་གཏོང་མཁན་ཡིན། སྒྲུང་པ་ཁོང་རྣམ་པའི་རྒྱུན་མ་ཆད་ན་བོད་ཀྱི་གེ་སར་སྒྲུང་གི་རྒྱུན་ཆད་པ་དཔེ་མི་སྲིད། ད་ལྟ་སོག་པོའི་ཡུལ་དུ་གེ་སར་སྒྲུང་གསར་པ་མཐོང་རྒྱུ་མེད་པའི་རྒྱུ་མཚན་ཡང་རང་ལ་གསར་རྩོམ་དང་རྒྱུན་འཛིན་བྱེད་མཁན་གྱི་སྒྲུང་པ་མེད་པའི་རྐྱེན་གྱིས་རེད། ཁོ་ཚོས་གེ་སར་སྒྲུང་གི་འཚོལ་སྡུད་དག་སྒྲིག་བྱ་བ་ཡང་མཇུག་མི་བསྡུ་ཐབས་མེད་དུ་གྱུར། གལ་སྲིད་རྗེས་ཕྱོགས་སོག་པོའི་གེ་སར་སྒྲུང་འདི་འཕེལ་རྒྱས་སུ་གཏོང་བསམས་ན་མ་སྒྲུང་ལས་བུ་སྒྲུང་གསར་བ་སྐྱེ་དགོས། དེ་ལྟར་མིན་ན་སོག་པོའི་གེ་སར་སྒྲུང་གི་གོམ་འགྲོས་མཚམས་མི་འཇོག་ཀ་མེད་རེད་སྙམ།
གསུམ་པ། སོག་པོའི་གེ་སར་སྒྲུང་ལ་སོག་རིགས་རང་གི་ཁྱད་ཆོས་ལྡན།
སོག་པོའི་གེ་སར་སྒྲུང་གི་འབྱུང་ཁུངས་བོད་ཡུལ་ཡིན་ནའང་བོད་རིགས་ཀྱི་གེ་སར་སྒྲུང་དང་ཁྱད་པར་ཅུང་ཙམ་ཡང་མེད་པ་མ་ཡིན་ཏེ། དེར་ཡང་སོག་རིགས་རང་གི་སྒྲུང་རྩོམ་གྱི་ཁྱད་ཆོས་ཡོད་པ་རེད། ཅིའི་ཕྱིར་ཞེ་ན། གླིང་གེ་སར་རྒྱལ་བོའི་སྒྲུང་དེ་གངས་ལྗོངས་ཡུལ་ནས་སོག་ཡུལ་དུ་ཁྱབ་པ་ནས་བཟུང་། སོག་རིགས་མི་དམངས་ཀྱིས་རིན་པོ་ཆེ་རྙེད་པ་བཞིན་སྤྲོ་བ་ཚད་མེད་སྐྱེས། དེ་ཡང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་ཁོ་ཚོས་རང་མི་རིགས་ཀྱི་སེམས་ཁམས་དང་གོམས་སྲོལ། མཛེས་རྩལ་གྱི་སྤྲོ་ཕྱོགས་བཅས་ལྟར་དུ། བོད་ཀྱི་གེ་སར་སྒྲུང་གི་རྒྱུ་ཆ་དང་གཏམ་རྒྱུད་གོ་རིམ། རྩོམ་སྟངས་བཅས་བེད་སྤྱོད་བྱས་ནས་ཁ་སྣོན་དང་ལེགས་སྒྲིག་མང་པོ་བརྒྱུད་པར་བརྟེན། རིམ་གྱིས་སོག་རིགས་རང་གི་ཁྱད་ཆོས་ལྡན་པའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཞིག་ཏུ་གྱུར་ཅིང་། ད་དུང་སོག་པོའི་སྐད་གྲགས་ཅན་གྱི«སོག་པོའི་གསང་ཡིག»དང«ཅིང་གུར»དང་ཁྱད་མེད་པར་སོག་པོའི་གནའ་བོའི་རྩོམ་རིག་གི་ཡང་རྩེར་སོན་འདུག བོད་རིགས་ཀྱི་མཁས་པ་འཇམ་དཔལ་རྒྱ་མཚོས«གེ་སར་སྒྲུང་ལ་ཐོག་མར་དཔྱད་པ»ཞེས་པའི་ནང་བསྟན་དོན། བོད་གངས་ཅན་གྱི་ལོ་རྒྱུས་སྙན་རྩོམ་གེ་སར་སྒྲུང་སོག་ཡུལ་དུ་ཁྱབ་པ་ནས་བཟུང་མགྱོགས་མྱུར་གྱིས་དར་ཁྱབ་བྱུང་བ་མ་ཟད། སོག་རིགས་ཀྱི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་དམ་པོ་བྱུང་། སོག་རིགས་མི་དམངས་ཀྱིས་ཀྱང་ཡང་བསྐྱར་གསར་རྩོམ་བྱས་པ་དང་བསྟུན་ནས་མཇུག་མཐར་སོག་རིགས་མི་དམངས་ཀྱིས་དགའ་བསུ་བྱེད་པ་དང་མི་རིགས་རང་གི་ཁྱད་མཚར་གྱི་ལོ་རྒྱུས་སྙན་རྩོམ་ཞིག་ཏུ་གྱུར་ཞེས་བསྟན་ཡོད། སོག་པོའི་མཁས་པ་འཆི་མེད་རྡོ་རྗེས་བསྟན་དོན། སོག་པོའི་གེ་སར་སྒྲུང་གི་འབྱུང་ཁུངས་བོད་ཡུལ་ཡིན། བོད་ཀྱི་གེ་སར་སྒྲུང་སོག་ཡུལ་དུ་ཁྱབ་པའི་རྗེས་སུ། རྒྱུན་ཆད་མེད་པར་དར་སྤེལ་བྱུང་། ད་དུང་ཐེངས་མང་ལ་ཁ་གསབ་དང་བསྐྱར་རྩོམ་བགྱིས་པ་བརྒྱུད་ནས་སོག་རིགས་རང་གི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་ཤིག་ཏུ་གྱུར་ཞེས་གསུངས། མི་རིགས་གང་གི་དམངས་ཁྲོད་ཀྱི་རྩོམ་གང་ཡིན་རུང་མི་རིགས་གཞན་ཞིག་ཏུ་དར་ཁྱབ་དུ་སོང་ཚེ། དེ་ཇི་མ་ཇི་བཞིན་དུ་འགྱུར་ལྡོག་ཅི་ཡང་མེད་པ་ཞིག་ཡོད་མི་སྲིད། ཐ་ན་རྒྱ་རིགས་ཀྱི་མིང་གྲགས་ཅན་གྱི་རྩོམ་རིག«རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད»དང«ཆུ་ངོགས་གཏམ་རྒྱུད»སོགས་ཀྱང་སོག་ཡུལ་དམངས་ཁྲོད་དུ་ཁྱབ་པའི་སྐབས་སུ། དཔེ་ཆ་ངོ་མའི་གཏམ་རྒྱུད་དང་བསྡུར་ན་གཏམ་རྒྱུད་གསར་བ་ཁ་གསབ་དང་ཡང་ན་སྔར་ཡོད་ཀྱི་གཏམ་རྒྱུད་ལ་ལ་མེད་པ་བཟོས་ཡོད། རྒྱ་གར་གྱི«རོ་སྒྲུང»དང«རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད»སོགས་ལ་མཚོན་ན་ཡང་ཁ་བའི་ཡུལ་དུ་ཁྱབ་པའི་རྗེས་སུ། བོད་རིགས་རང་གི་ཁྱད་ཆོས་དང་བསྟུན་ནས་ཡིག་ཐོག་དང་ངག་ཐོག་མང་པོ་བརྒྱུད་ནས་ད་ལྟ་མི་རིགས་རང་གི་བརྩམས་ཆོས་དང་ཁྱད་མེད་དུ་སྣང་། དེ་བས་གེ་སར་སྒྲུང་ལ་མཚོན་ན་སྐད་རིགས་དང་ཡིག་རིགས་མི་གཅིག་པའི་ཡུལ་ཞིག་ལ་ཁྱབ་པའི་སྐབས་སུ། སྒྲུང་བ་དང་ཟིན་བྲིས་འགོད་མཁན། ཡིག་སྒྱུར་པ་གང་ཡིན་རུང་མི་རིགས་མི་གཅིག་པའི་དབང་གིས་མི་རིགས་གཞན་ཞིག་གི་ཡོད་ཚད་བྱང་ཆུབ་ནས་དར་ཁྱབ་དུ་གཏོང་བ་དཔེ་མི་སྲིད། གལ་ཏེ་འགྱུར་བ་མེད་པར་ཁྱབ་པའི་དབང་དུ་བཏང་ཡང་མི་རིགས་རང་གི་ཁྱད་ཆོས་ངོ་མ་མེད་ན་མང་ཚོགས་ཀྱིས་དགའ་བསུ་མི་བྱེད་ལ། དར་ཁྱབ་དང་རྒྱུན་འཛིན་བྱེད་པ་ཡང་ཧ་ཅང་དཀའ། ད་ལྟའི་སོག་པོའི་གེ་སར་སྒྲུང་གི་ནང་དོན་གྱི་ཆ་ནས་བལྟས་ན། སོག་རིགས་རང་གིས་ཁ་གསབ་བྱས་པའི་གཏམ་རྒྱུད་ཁྱད་མཚར་ཅན་མང་པོ་ཡོད། དཔེར་ན། གེ་སར་རྒྱལ་པོ་མཆོག་གིས་ཉིན་ཞག་གཅིག་ལ་མི་བདུན་བརྒྱ་དང་རྟ་བདུན་བརྒྱ་ཁ་ཟས་བྱེད་པའི་དུག་སྦྲུལ་ནག་པོ་བདུན(བདུད་ཀྱི་སྤྲུལ་པ)རྨེག་མེད་བཟོས་པའི་གཏམ་རྒྱུད་དང་། ཡང་བྱིས་པའི་ལྕེ་འབའ་ཞིག་ཁ་ཟས་བྱེད་པའི་གདོན་འདྲེ་བླ་མ་དང་ལུས་ཕུང་རི་བཞིན་ཆེ་ལ་འགྲོ་བ་གསོན་མིད་བྱེད་པའི་རྒྱ་སྟག་ནག་ཁྲ(བདུད་ཀྱི་སྤྲུལ་པ)བཅས་བཏུལ་བའི་ལོ་རྒྱུས། དེ་མིན་གདོན་འདྲེ་བླ་མའི་རྫུན་འཕྲུལ་གྱིས་གེ་སར་ཉིད་བོང་བུར་བསྒྱུར་ཀྱང་སེང་ལྕམ་འབྲུག་མོའི་རོགས་སྐྱོར་ལ་བརྟེན་ནས་གེ་སར་མཆོག་ཕྱིར་རང་གཟུགས་མངོན་ཏེ་ཕྱི་གོས་བླ་མའི་མནའ་བཟའ་གྱོན་པའི་གདོན་འདྲེ་དེ་རྩ་མེད་དུ་བཏང་བའི་ལོ་རྒྱུས་བཅས་པ་ལྟ་བུའོ།། སོག་པོའི་གེ་སར་སྒྲུང་ནང་གི་གཏམ་རྒྱུད་འདི་དག་ལ་མཚོན་ན་བོད་ཀྱི་གེ་སར་སྒྲུང་ནང་དུ་མཐོང་མ་མྱོང་། ཁྱད་པར་དུ་གེ་སར་རྒྱལ་པོ་བོང་བུར་བསྒྱུར་བའི་གཏམ་རྒྱུད་ནི་གཏན་ནས་མཐོང་མ་མྱོང་། གོང་གསལ་འདི་དག་ཐམས་ཅད་སོག་རིགས་རང་གིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་རང་མི་རིགས་ཀྱི་གོམས་སྲོལ་དང་ཁྱད་ཆོས་ལྟར་གསར་རྩོམ་བྱས་པ་ལགས། ད་དུང་སོག་པོའི་གེ་སར་སྒྲུང་ནང་དུ་གླིང་གི་དཔའ་རྟུལ་སུམ་ཅུ་ལས་གཞན་མི་སྣའི་གཟུགས་བརྙན་གསར་པའང་རྟོག་བཟོ་བྱས་ཡོད། དཔེར་ན། གེ་སར་གྱི་དཔའ་རྟུལ་པོ་ཐུན་དང་སུའུ་མེ་ཨར་རམ་སུན་སུ་ཨར་ལྟ་བུ། གེ་སར་རྒྱལ་པོའི་བཙུན་མོར་ཨ་ཀྲུའུ་མོ་རི་ཀུན་ཟེར་བ་སོགས་བོད་ཀྱི་གེ་སར་སྒྲུང་ནང་དུ་མཐོང་མ་མྱོང་། སོག་པོའི་གེ་སར་སྒྲུང་གི་རྩོམ་སྟངས་ཀྱང་བོད་ཀྱི་གེ་སར་སྒྲུང་དང་མི་འདྲ་བར་ཁྱད་པར་ཆེན་པོ་ཡོད། བོད་ཀྱི་གེ་སར་སྒྲུང་ནི་བཅད་ལྷུག་སྤེལ་མའི་རྩོམ་སྟངས་བཀོལ་ཡོད་པ་དང་། སོག་པོའི་གེ་སར་སྒྲུང་ནི་སྒྱུར་སྒྲུང་ལས་གཞན་ཐམས་ཅད་ཚིག་ལྷུག་ཁོ་ནའི་རྩོམ་སྟངས་བཀོལ་ཡོད། ཡིན་ནའང་དམངས་ཁྲོད་དུ་གེ་སར་སྒྲུང་བཤད་པའི་སྐབས་སུ། ཚིགས་བཅད་ཀྱང་སྤྱོད་བཞིན་མཆིས། གལ་སྲིད་བོད་ཀྱི་གེ་སར་སྒྲུང་ཐམས་ཅད་ཇི་མ་ཇི་བཞིན་དུ་བསྒྱུར་བ་ལས་གསར་བཟོ་ཅི་ཡང་མེད་པའི་དབང་དུ་བཏང་ན། སོག་པོའི་གཏམ་རྒྱུད་གསར་པ་དང་མི་སྣའི་གཟུགས་བརྙན་གསར་པ། རྩོམ་སྟངས་གསར་པ་དག་ཀྱང་བྱུང་ཐབས་མེད་པ་རེད། སོག་པོའི་གེ་སར་སྒྲུང་འདིའི་གྲུབ་རིམ་ནི་ཐོག་མར་བོད་ཀྱི་གེ་སར་སྒྲུང་གི་རྨང་གཞིའི་སྟེང་སོག་རིགས་རང་གི་དཔའ་བོ་དང་རི་ཆུའི་གཏམ་རྒྱུད་མང་པོ་གསར་རྩོམ་བྱས་ཏེ་མཇུག་མཐར་སོག་རིགས་རང་གི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གེ་སར་སྒྲུང་གྲུབ་པ་རེད་ཅེས་བཤད་ཆོག འདིར་ངེད་ཅག་ལ་ལོ་རྒྱུས་ཀྱི་ལག་ལེན་ནང་བདེན་དཔང་བྱས་པ་ལྟར་ན། གལ་ཏེ་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་དགའ་བསུ་བྱེད་པའི་དམངས་ཁྲོད་ཀྱི་ཕུལ་བྱུང་རྩོམ་རིག་ཅིག་ཡིན་ཕྱིན་མི་རིགས་བར་དང་ཡང་ན་རྒྱལ་ཁབ་བར་ཡང་བརྒལ་ཐུབ་པ་མ་ཟད། མི་རིགས་གཞན་དང་རྒྱལ་ཁབ་གཞན་དུ་དར་ཁྱབ་ཏུ་སོང་སྟེ་རྩ་བ་ཟུག་པ་དང་མེ་ཏོག་བཞད་དེ་འབྲས་བུ་ཡང་སྨིན་ཐུབ་ལ། ད་དུང་མི་རིགས་གཞན་དང་རྒྱལ་ཁབ་གཞན་ཞིག་གི་རྩོམ་རིག་ཏུའང་འགྱུར་ཐུབ། བོད་གངས་ཅན་གྱི་ཕུལ་བྱུང་རྩོམ་རིག་གེ་སར་སྒྲུང་ལ་མཚོན་ན། རང་རེའི་རྒྱལ་ཁབ་ཀྱི་སོག་རིགས་དང་ཧོར་རིགས་འཇང་རིགས་པེ་རིགས་ས་ལར་རིགས་ཡུའུ་ཀུའུ་རིགས་ཕུའུ་སྨི་རིགས་བཅས་ལ་ཡང་ཁྱབ་དང་ཁྱབ་བཞིན་ཡོད། འདི་ནི་བོད་རིགས་མི་དམངས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕུལ་བའི་ལེགས་སྐྱེས་བསམ་གྱིས་མི་ཁྱབ་པ་ཞིག་གོ །
བཞི་པ། བོད་སོག་གེ་སར་སྒྲུང་གི་འབྲེལ་བ་ཤིན་ཏུ་དམ།
གོང་གསལ་གྱི་ལྟ་བ་དག་ལས་ར་སྤྲོད་གསལ་པོ་བྱུང་ཡོད་པ་སྟེ། བོད་སོག་གེ་སར་སྒྲུང་གཉིས་བར་ལ་ཇ་དང་འོ་མ་ལྟ་བུའི་འབྲེལ་བ་དམ་པོ་ཡོད། ད་ལྟའི་སོག་པོའི་གེ་སར་སྒྲུང་འདི་ཐོག་མ་གངས་ཅན་བོད་ཀྱི་གེ་སར་སྒྲུང་ལས་བྱུང་སྟེ་འཕེལ་རྒྱས་བྱུང་མོད། ཡིན་ནའང་སོག་པོའི་གེ་སར་སྒྲུང་ནང་དུ་བོད་ཀྱི་གེ་སར་སྒྲུང་བསྒྱུར་བ་དང་ལེགས་སྒྲིག་བྱས་པའི་སྐོར་ལས་གཞན་སོག་རིགས་རང་གིས་རྟོག་བཟོ་བྱས་པའི་མི་སྣ་གསར་པ་དང་གཏམ་རྒྱུད་སོགས་ཡོད་པ་ཡང་བསྙོན་དུ་མེད། དེ་བས་ངེད་ཅག་གིས་སོག་པོའི་གེ་སར་སྒྲུང་འདི་ཡོད་ཚད་བོད་ཀྱི་གེ་སར་སྒྲུང་ལས་བསྒྱུར་ཏེ་གྲུབ་པ་ཞིག་རེད་ཅེས་མཐའ་གཅིག་ཏུ་བརྗོད་ན་མི་ཆོག ཡང་ན་སོག་པོའི་སྒྲུང་འདི་ཐམས་ཅད་སོག་པོ་རང་གི་བརྩམས་ཆོས་ཁོ་ནར་འདོད་པ་ཡང་མི་འགྲིག ཁྱད་པར་དུ་བོད་སོག་གེ་སར་སྒྲུང་བར་འབྲེལ་བ་ཅི་ཡང་མེད་ཅེས་ཁ་ཚོན་བཅད་ན་གཏན་ནས་མི་འགྲིག བོད་སོག་གེ་སར་སྒྲུང་གི་འབྲེལ་བ་ནི་མ་སྒྲུང་དང་བུ་སྒྲུང་གི་འབྲེལ་བ་ལགས། གལ་སྲིད་མ་སྒྲུང་མེད་ན་བུ་སྒྲུང་ཡང་འབྱུང་ཐབས་མེད། འོན་ཀྱང་བུ་སྒྲུང་ལའང་བུ་རང་གི་ཁྱད་ཆོས་ལྡན་པ་ཡང་ཁས་མ་བླངས་ན་མི་ཆོག གང་ལྟར་ཀྱང་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་འདིའི་ནང་བོད་སོག་མི་རིགས་གཉིས་ཀྱི་མི་དམངས་ཀྱི་བློ་གྲོས་མཚོན་ཡོད་ལ། གེ་སར་རྒྱལ་པོ་གཙོས་བྱས་པའི་དཔའ་རྟུལ་སུམ་ཅུ་ཐམས་ཅད་བོད་སོག་མི་རིགས་གཉིས་ཀྱི་མི་དམངས་ཡོངས་ཀྱི་སེམས་སྟེང་དུ་ནམ་ཡང་ནུབ་ཐབས་མེད་པའི་བག་ཆགས་ཀྱང་བཞག་ཡོད། བོད་སོག་སྒྲུང་དཔེའི་ནང་གི་མི་སྣ་དང་གཏམ་རྒྱུད་སོགས་ལ་འགྱུར་ལྡོག་ཅུང་ཙམ་ཡོད་པ་དེ་ཡང་གེ་སར་སྒྲུང་འདི་མི་རིགས་རང་གི་མང་ཚོགས་ཁྲོད་དུ་སྤེལ་བའི་བརྒྱུད་རིམ་ནང་བྱུང་བའི་སྣང་ཚུལ་གསར་པ་ཞིག་རེད། མདོར་ན་སོག་པོའི་གེ་སར་སྒྲུང་འདི་བོད་སོག་མི་དམངས་ཡུན་རིང་འབྲེལ་འདྲིས་ལྷོད་མེད་བགྱིས་པའི་འབྲས་བུ་ཁྱད་འཕགས་ཅན་ཞིག་ཀྱང་རེད།

2022ལོའི་ཟླ11ཚེས22ཉིན་ལ་གནའ་མཁར་ཟི་ལིང་ནས་ལེགས་སྒྲིག་བགྱིས་པ་དགེའོ།།
འབྲེལ་ཡོད་འོས་སྦྱོར།