བོད་ཀྱི་བརྡ་རྙིང་ཡིག་ཆ་བཀླགས་པའི་མྱོང་དཔྱད།
རྩོམ་པ་པོ།:འདམ་ཤོད་ཚེ་རིང་བསམ་གྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-12-12
ཀློག་གྲངས།:
བོད་ཀྱི་གནའ་རབས་སྐད་ཡིག་ནི་གལ་ཆེན་གྱི་ཆེད་གཉེར་རྨང་གཞིའི་སློབ་ཚན་ཞིག་ཡིན་གཤིས། བོད་ཀྱི་ཤེས་རིག་སློབ་ཁྲིད་ཁྲོད་གལ་ཆེའི་གོ་གནས་བཟུང་ཡོད་པས། ད་ཐེངས་ཀྱི་སློབ་སྐབས་ལ་བོད་ཀྱི་ཡིག་རྙིང་ཡིག་ཆ་བདམས་ཀློག་བྱེད་པའི་གོ་སྐབས་བྱུང་ཞིང་། རང་ཅག་བོད་བཙན་པོའི་སྐབས་ཀྱི་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར། ཆོས་ལུགས། ཁྲིམས་ལུགས། རྩོམ་རིག སྒྱུ་རྩལ། ཚན་རིག ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་བྱེད་པར་གཟུགས་མཐོང་མེ་ལོང་ཉིད་དུ་འཁུམས་སོ། །
སྤྱིར་རང་ཅག་བོད་ཀྱི་གནའ་ཡིག་ལ་ཡོང་ཁུངས་བཞི་ཡོད་དེ། ལོ་རྒྱུས་ཡིག་ཆ་སྟེ་ཏུན་ཧོང་གཏེར་ཡིག་དང་། རྡོ་རིང་ཡིག་རྙིང་དང་བྲག་བརྐོས་ཡི་གེ དྲིལ་བུའི་ཁ་བྱང་། ལི་ཡུལ་ནས་ཐོན་པའི་བྱང་བུ་བཅས་སོ། །དེ་དག་ནི་གཞུང་དྲང་ཞིང་བྱམས་དང་སྙིང་རྗེ་ཆེ་བ་དང་། ལས་ལ་བརྩོན་ཞིང་ཤེས་རབ་ཀྱི་སྤྱན་དང་ལྡན་པའི་བོད་ཀྱི་མེས་པོ་རྣམས་ཀྱིས་བསྐྲུན་པའི་རིག་གནས་ཀྱི་བང་མཛོད་ཡིན་ནོ། །སྐབས་སུ་བབས་པའི་སྨྱུག་འཛིན་པས«བོད་ཀྱི་ཡིག་རྙིང་རྩ་ཆེན་བདམས་སྒྲིག་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང»རྩ་བར་བྱས་ཤིང་། «བོད་བཙན་པོའི་དུས་ཀྱི་གནའ་རྩོམ»ཡན་ལག་ཏུ་བགྱིས་ཏེ་སློབ་གཉེར་བྱས་པ་ཡིན་ཞིང་། རྩ་བའི་རྩོམ་པ་པོ་ནི་གཉའ་གོང་དཀོན་མཆོག་ཚེ་བརྟན་ཡིན་པ་དང་། བསླབ་གཞི་དེར་ལེའུ་བཞི་སྟེ། ལེའུ་དང་པོ་སྟོད་སིལ་མའི་སྐོར་དང་། ལེའུ་གཉིས་པ་སྨད་གཅིག་གྱུར་གྱི་སྐོར། ལེའུ་གསུམ་པ་ཁྲིམས་ཡིག་ལ་སོགས་པའི་སྐོར་དང་། ལེའུ་བཞི་པ་མགུར་ཚིག་དང་རྟོགས་བརྗོད་ལ་སོགས་པའི་སྐོར་རོ། །དེ་དག་ལའང་དཀའ་འགྲེལ་དང་ནང་དོན་མདོར་བསྟན་པ་སོགས་ཡོད་པས་ལྟ་ཀློག་བྱེད་པར་བོགས་ཐོན་ཆེའོ། །དེ་བས་བདག་གིས་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་བྱུང་བའི་ཉམས་མྱོང་དང་། བློ་སྐྱེད་རྣམས་མདོར་དྲིལ་བའི་མྱོང་དཔྱད་ཐོ་རེ་ལོང་ངེ་བ་ཞིག་བློ་ལྡན་དགྱེས་པའི་གསོས་སུ་སྤྲོ་བ་ལ།
༡ བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་འགྱུར་ལ་རྒྱུས་ལོན་བྱུང་བ།
དེ་ཡང་། «རླངས་ཀྱི་པོ་ཏི་བསེ་རུ»ལས། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་དང་འདྲ།ཡབ་མེས་ཀྱི་ཆེ་དགུ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡུལ་བོར་དང་འདྲ་བས།ཞེས་བཀོད་པ་བཞིན། རང་ཉིད་ཀྱི་ཡབ་མེས་དག་གི་རིགས་རྒྱུད་ཀྱི་འབྱུང་ཁུངས་དང་། དར་ཚུལ། མཛད་རྗེས།ཉམས་མྱོང་སྟོབས་ཤུགས་དང་ལེགས་ཉེས་བླང་དོར་ལ་ལྡན་པའི་བློ་གྲོས་རྣམས་མ་ཤེས་ན། ཤེས་རིག་ལྡན་པའི་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ཚུད་པར་མི་སྣང་ངོ་། །སྤྱིར་ལོ་རྒྱུས་ནི་འདས་པའི་བྱུང་བ་ལ་བརྟག་དཔྱད་བྱེད་པའི་རིག་པ་ཞིག་ཡིན་ཀྱང་། དེའི་ཕན་ནུས་ནི་འདས་པའི་དོན་ཁོ་ན་ཉིད་དུ་མ་ཟད། ད་ལྟ་དང་མ་འོངས་པའི་ལས་དོན་ལ་ཡོད་པ་བཞིན། མི་རབས་གོང་མ་རྣམས་ཀྱི་མཛད་རྗེས་དང་སྲོལ་རྒྱུན་བཟང་པོ་རྣམས་ཉམས་མེད་གོང་འཕེལ་དུ་བཏང་སྟེ། རིག་གནས་རང་རྟོན་ཡོད་པའི་རྨང་གཞིའི་ཐོག སྤྱི་ཚོགས་ཀྱི་ལས་དོན་དང་ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་གང་ལེགས་འཇོག་རྒྱུར་ཕན་ནུས་འདོན་པ་ནི་དོན་གྱི་སྙིང་པོའོ། །
ལོ་ངོ་སྟོང་ཕྲག་ལྷག་གི་སྔོན་གྱི་རྡོ་རིང་སོགས་ཀྱི་ངོས་ན་གསལ་བའི་ཡི་གེ་འགྱུར་བཅོས་མེད་པ་རྣམས་གཙིགས་སུ་བཟུང་ཞིང་། འཛམ་གླིང་ཁྱོན་ལ་གྲགས་པའི་ཏུན་ཏོང་བྲག་ཕུག་གི་བོད་ཀྱི་ལོ་རྒྱུས་གནའ་བོའི་ཡིག་ཆ་དག་ལ་བལྟས་ཚེ། རང་ཅག་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁྲི་ཕྲག་དུ་མའི་བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་རིང་མོའི་ལོ་རྒྱུས་འཕེལ་བའི་འཕྲང་རིམ་ངེས་ཅན་འགྲིམས་ཏེ། རིམ་གྱིས་རུས་རྒྱུད་ཚོ་བ་ནས་རྒྱལ་ཕྲན་མང་པོའི་ཚུལ་དུ་ཆགས་ཤིང་། སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པར་སླེབས་པ་ན། བོད་ཡུལ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་བཞི་བཅུ་ཙམ་ཡོད་པར་རྟོགས་སླ་ལ། སྤུར་རྒྱལ་བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ་བོད་ཀ་གཡག་དྲུག་གི་རྗེ་བོར་བྱོན་པ་ནས་བཟུང་། རྒྱལ་ཕྲན་གཞན་དག་སྤུར་རྒྱལ་གྱི་ཁོངས་སུ་བསྡུས་ཏེ་སྤུར་རྒྱལ་རིམ་བྱོན་གྱིས་བོད་ཡུལ་ལ་དབང་བསྒྱུར་བའི་ལོ་རྒྱུས་མངོན་པར་གསལ། དུས་རབས་བདུན་པའི་མགོ་ཙམ་ལ་སྟག་རི་གཉན་གཟིགས་ཀྱི་སྲས་གནམ་རི་སྲོང་བཙན་གྱིས་དབུས་གཙང་ཁུལ་རྣམས་ལ་ཐོག་མར་གཅིག་གྱུར་བྱས་པ་དང་། དེའི་སྲས་སྲོང་ཙན་སྒམ་པོས་སྟོད་མངའ་རིས་ནས་སྨད་མདོ་ཁམས་ཀྱི་ཡུལ་གྲུར་གཅིག་གྱུར་བྱས་ཏེ། བོད་ཀྱི་སྐད་ལ་བསྟུན་པའི་ཡི་གེའི་སྲོལ་བཏོད་པ་དང་། ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ཆབ་སྲིད་ཀྱི་མངའ་ཐང་ཤར་ཕྱོགས་ཐང་གི་རྒྱལ་ས་ལ་གཏུགས་པ་ལ་སོགས་པའི་གནའ་རབས་ལོ་རྒྱུས་ཀྱི་བྱུང་བ་ངོ་མཚར་བ་གསལ་པོར་རྟོགས་འོང་། ཡིད་དུ་འོང་བའི་འདས་སོང་འདི་དག་ནི་ངེད་ཅག་ཕྱི་རབས་པ་དག་གི་རང་རྟོན་གྱི་སྒལ་ཚིགས་དྲང་པོར་བསྲིང་བའི་སྤོབས་པའོ། །
གཞན་ཡང་ཕྱིས་སུ་བརྩམས་པའི་ལོ་རྒྱུས་ཀྱི་དེབ་ཐེར་མང་ཆེ་བར་ཆོས་འབྱུང་གི་ཤན་ཤུགས་ཆེ་བས་སྲིད་ཕྱོགས་སྣང་ཆུང་དུ་གྱུར་པ་དང་། མི་རིགས་གཞན་གྱི་ཡི་གེ་རྣམས་ལ་འཁོད་པའི་ལོ་རྒྱུས་ཀྱང་ཆབ་སྲིད་ཀྱི་དམིགས་ཡུལ་ཁོ་ནར་བསྟུན་པའི་འགལ་རྐྱེན་གྱིས། བོད་ཀྱི་ལོ་རྒྱུས་སྤྱི་རྣམ་ལེགས་པར་མཚོན་པ་མེད་པར་རེས་གསལ་རེས་མོག་ཏུ་གྱུར། དེར་བརྟེན། བོད་ཀྱི་ལོ་རྒྱུས་ཀྱི་བྱུང་བ་ཆ་ཚང་ཞིང་ཁུངས་བཙུན་པ་སྨྲ་བར་འདོད་རྣམས་ངེས་པར་གནའ་བོའི་བྱུང་བ་བཀོད་པའི་ལོ་རྒྱུས་ཀྱི་ཡིག་རྙིང་ལ་གཟུར་ཐབས་མེད་དོ། །
༢ མེས་པོའི་གཞི་རྩའི་གྲུབ་འབྲས་ནང་བྱན་དུ་ཆུད་པ།
རང་ཅག་བོད་ཀྱི་མེས་པོ་གོང་མའི་གཞི་རྩའི་གྲུབ་འབྲས་ལ་ནང་བྱན་ཆུད་པར་བྱས་པ་ལས། ང་ཚོས་རང་ཉིད་སུ་ཡིན་པ་དང་། གང་ནས་འོང་བ། གང་དུ་འགྲོ་དགོས་པ་བཅས་པ་ལ་ངེས་ཤེས་འདྲོངས་ཤིང་། ལེགས་ཉེས་བླང་དོར་གྱི་འཇུག་ལྡོག་ཚང་ལ་མ་ནོར་བར་གསལ་ངེས།
དེ་ཡང་བོད་རང་ཉིད་ལ་ཐུན་མོང་དུ་འཚོ་ཞིང་གནས་པའི་གཏན་སྡོད་ཀྱི་ས་ཁོངས་བྱུང་བ་དང་། ཐུན་མོང་གི་བསམ་པ་བརྗེ་རེས་བྱེད་པའི་ཡེ་གེའི་བསྟན་པ་དར་ཞིང་། ཐུན་མོང་ཐོན་སྐྱེད་བྱེད་ལུགས་རོང་འབྲོག་གི་དཔལ་འབྱོར་འབྲེལ་བ་ཟབ་མོ་ཆགས་པ་དང་། དེ་ལ་བརྟེན་ནས་ཐུན་མོང་གི་རིག་གནས་སྒྱུ་རྩལ་དང་། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་ཡོད་པའི་ཐུན་མོང་གི་ཚོགས་པ་བརྟན་ཞིང་འགྱུར་བ་མེད་པ་ཞིག་བྱུང་བ་ཡིན་ལ། ཁྱད་པར་བོད་ཀྱི་བཙན་པོ་དང་ལོ་ཙཱ་བ་བྱས་པ་ཅན་རྣམས་ཀྱིས་དཀའ་བ་གདོང་གིས་བསུས། ངལ་བ་ཁྱད་དུ་བསད། རང་སྲོག་འབེན་ལ་འཕངས་ཏེ་གར་ནག་རྒྱ་དང་མཐའ་འཁོར་གྱི་ཡུལ་གྲུ་རྣམས་ཀྱི་རིག་གནས་ལ་ཤེས་བརྩོན་གཉིས་ལྡན་གྱི་ལྕག་གིས་བསྐུལ་ཏེ། ཟབ་ཅིང་རྒྱ་ཆེ་ལ་གཏིང་མི་དཔོག་པའི་ནང་རིག་པའི་གཞུང་ལུགས་དང་། དེ་འབྲེལ་ཆོས་ཀྱི་བདེན་པ་གཏན་ལ་འབེབས་པའི་ཕྲ་ཞིབ་རིགས་པའི་གཞུང་ལུགས་ཚད་མ། གཞུང་བཤད་ལག་ལེན་ཕུན་སུམ་ཚོགས་པའི་གསོ་བ་རིག་པ་དང་། གཞན་ཡང་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་བཟོ་རིག་པ་དང་། སྐད་ཀྱི་ཟབ་ཁྱད་དང་བསྟུན་པའི་བོད་ཀྱི་བརྡ་སྤྲོད་རིག་པ་སོགས་ནི་བཙན་པོའི་དུས་ནས་དར་ལ། མི་རིགས་རང་གི་རྗེས་འཇུག་གཤིན་ཆོག་དང་། གཉེན་སྒྲིག་ཆང་སའི་ཐད་ཀྱི་ལུགས་སྲོལ་དམིགས་བསལ་བ་མང་དུ་བྱུང་ཡོད་ལ། དེ་དག་ལ་བརྟེན་ནས་དེང་གི་ཆར། འཛམ་གླིང་འཛིན་པའི་ཁྱོན་དུ་བོད་འདིས་མཚན་ཐོབ་དང་གོ་གནས་མི་དམན་པ་ཞིག་བཟུང་ཡོད་པ་ཡང་། མདོར་དེད་ན། དུས་ཡུན་རིང་བའི་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་བ་དམིགས་བསལ་བ་དང་། ཁྱད་དུ་འཕགས་པའི་རིག་གནས་ཀྱི་བང་མཛོད་ལ་རག་ལས་སོ། །དེ་ལས་ལོ་རྒྱུས་སྟེང་རང་ཅག་གི་མི་རིགས་འདི་སྔོན་ཐོན་བྱ་བར་ཡིད་མོས་ཤིང་། ཧུར་བརྩོན་ཆེ་བ་དང་། མི་རིགས་གཞན་དག་གི་རིག་གནས་ནང་འདྲེན་བྱེད་པར་མཁས་ཤིང་དེའི་ཐབས་ལ་བྱང་བ། གཞན་གྱི་ཡོན་ཏན་ལ་ཡི་རང་བའི་མོས་གུས་དང་ལྡན་པ་མངོན་པར་གསལ་ལོ། །སྙིང་སྟོབས་དེ་ལ་བརྟེན་ནས་མི་རིགས་རང་ཉིད་ཀྱི་བློ་གྲོས་ཀྱི་རྩལ་དང་ཤེས་རིག་གི་མཐུ་འབྱུང་ཞིང་། གཟོད་རང་བྱུང་ཁམས་ལ་འཐབ་རྩོད་དང་བསྒྱུར་བཀོད་བྱེད་ཐུབ་པར་བྱུང་བས། དེ་ནི་ང་ཚོ་མུ་ནས་མུ་རུ་སྔོན་ཐོན་གྱི་བྱ་ལམ་དུ་འདྲེན་པའི་གཤོག་པ་ཡིན་ནོ། །
༣ ཡིག་རྙིང་ཡིག་ཆའི་བརྡ་སྤྲོད་ཀྱི་ཁྱད་ཆོས།
དེ་ཡང་ཏུན་ཧོང་བྲག་ཕུག་ལས་རྙེད་པའི་ཡིག་རྙིང་ཤོག་དྲིལ་དང་། རྡོ་རིང་ཡི་གེ དྲིལ་བུའི་ཁ་བྱང་། བཀའ་གཙིགས་བྲག་བརྐོས་མ་སོགས་ནི་དུས་རབས་བརྒྱད་པ་དང་། དགུ་པ། བཅུ་པའི་རིང་གི་ཤུལ་ལུས་ཀྱི་དངོས་པོ་འཁྲུལ་བྲལ་ཡིན་པས། དེ་དག་ལས་བོད་གནའ་རབས་ཀྱི་སྤྱི་ཚོགས་ལམ་ལུགས་དང་། བསམ་པའི་འཁྱེར་ཕྱོགས། སྲིད་འབྱོར་རིག་གསུམ་ཐད་ཀྱི་འགལ་འདུ་མང་པོ་བསལ་ཡོད། ད་དུང་ཡིག་རྙིང་ཡིག་ཆའི་བརྡ་སྤྲོད་ཀྱི་ཐད་ལའང་ཁྱད་ཆོས་མི་ཉུང་ཞིག་ཡོད་དེ།
༡ གི་གུ་ཕྱིར་སློག་ཅན་མང་བ། མདོར་ན། ཏུན་ཧོང་ཡིག་རྙིང་ལས་འོ་དེ་སྤུར་རྒྱལ་བའི་གདུང་རབས་བརྗོད་པའི་སྐབས། ‘‘ཁྲིའི་བདུན་ཚིགས་ཀྱྀ་སྲས། ཁྱིཉག་ཁྲྀ་བཙན་པོ། གནམ་གྱི་ནི་དབུས། སའྀ་ནི་དཀྱིལ། གླིང་གི་ནི་སྙིང་པོ། བོད་ཀ་གཡག་དྲུག་གི་རྗེས་གཤེགས་སོ། ། ’’ལྟ་བུ་དང་། ༢ སྡེ་པ་གཅིག་པའི་མིང་གཞི་བརྗེ་སྲོལ་ཡོད་པ་མོ་སྒྲ་བརྗིད་པའི་ཡི་གེ་དང་མ་ནིང་བཙུན་པའི་ཡི་གེ་བརྗེས་པ། སྒྲ་ལྡན་སྒྲ་མེད་ཀྱི་ཡི་གེ་བརྗེས་ཡོད་པ། མོ་ཡིག་ཕན་ཚུན་བརྗེས་ཡོད་པ་སྣང་སྟེ། དཔེར་ན། ཏུན་ཧོང་ཤོག་དྲིལ་གྱི་སྟག་རི་གཉན་གཟིགས་ཀྱི་ལོ་རྒྱུས་ལས། ཟྀང་པོ་རྗེའི་ནང་ཀོར་བྱེད་པ་བློ་ལ་བཏེག་སྟེ་མནའ་མཐོའ་བཆད་དོ། །ཞེས་དང་། ཁྲོམ་གྱྀ་མཀོས་ཆེན་པོ་བགྱིས། ལྟ་བུའོ། ། ༣ རྗེས་འཇུག་གི་ཕོ་ཡིག་ད་དང་མ་ནིང་ན་གཉིས་བརྗེས་པ་དཔེར་ན། ཆུན་པོ་ལ་ཆུད་པོ་དང་། བཙུན་མོ་ལ་བཙུད་མོ། བཙན་པོ་ལ་བཙད་པོ། ཆེན་པོ་ལ་ཆེད་པོ། གཏན་ལ་གཏད། སྡར་མ་ལ་སྣར་མ། ཞེད་པ་ལ་ཞེན་པ་ཞེས་འབྱུང་བ་ལྟ་བུའོ། ། ༤ མི་མེ་རྐྱང་ཡིག་ལ་ཡ་བཏགས་འདོགས་པའི་ཁྱད་ཆོས་ཡོད་པ་དཔེར་ན་ཏུན་ཧོང་ཤོག་དྲིལ་ལས། ཐོང་མྱིའི་ཁྲིམས་བཞིན་དུ་དགུམ་མོ། ཞེས་དང་། མྱྀ་སྟོང་དུ་སྲང་བརྒྱའ་ཕབ་སྟེ། ལྟ་བུ་དང་། ཏུན་ཧོང་གསོ་རིག་གི་ཡིག་ཆ་ལས། རུས་མྱྀག་ཏུ་རླུང་ཤོར་ཏེ་ན་བ་ལ་ཕན་ཏེ་མྱེ་བཙའ་དགུ་བཏབ་བོ། ། ལྟ་བུའོ། ། ༥ འ་མཐའི་ཁྱད་ཆོས་ཡོད་དེ། ནའ། བུ་ཚའ། ཡི་གེའ། དྲིས་པའ། རིང་ལའ། གནང་བའ། ལྟ་བུའོ། ། ༦ བསྡུས་ཡིག་མང་བ་སྟེ། དཔེར་ན། བགྱིསྟེ།–བགྱིས་ཏེ། ངོསུ།—ངོས་སུ། སྲིདོ།—སྲིད་དོ། ། དགུམོ།—དགུམ་མོ། སྩོགསྟེ།—སོགས་ཏེ། སོགས་མང་ངོ་། །
ཡིག་རྙིང་གི་བརྡ་སྤྲོད་ཐད་ཀྱི་ཁྱད་ཆོས་ཀྱང་ཡིག་རྙིང་ལ་མཚོན་ན་མེད་དུ་མི་རུང་བའི་དཔྱད་གཞི་ཞིག་ཡིན་པས། ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ་ལ། མ་མཐའ་ཡང་། རང་མཉམ་གྱི་བློ་གསར་རྣམས་ཡིག་རྙིང་གི་རིག་པར་འཇུག་པ་དང་། སྐབས་དེའི་བརྡ་སྤྲོད་ཀྱི་ཆོས་ཉིད་རྟོགས་པ་ལ་ངེས་པར་ཆུབ་པར་བྱ་འོས་སོ། །
༤ རྩོམ་རིག་སྒྱུ་རྩལ་ཐད་ཀྱི་ཁྱད་ཆོས།
ཡིག་རྙིང་ཡིག་ཆའི་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་ལ། སྐབས་དེའི་ངག་ཐོག་གི་རྩོད་པ་དང་། ཁ་བརྒྱུད་ཀྱི་བཤད་སྲོལ། ཁ་སྟབས་ཀྱི་འགྱུ་ལུགས། ཤགས་འདེབས་ཀྱི་རྣོ་སོ་སོགས་ཡོད་དོ། །དཔེར་ན། བོད་ཀྱི་བློན་པོ་མགར་ཁྲི་འབྲིང་བཙན་བྲོད་དང་། རྒྱའི་བློན་པོ་ཧྲང་ཧྲུའུ་ཝང་ཞའོ་ཅེ་ཁ་ཤགས་རྩོད་པ་བརྒྱབ་པའི་ཚིག་གཤམ་དུ་གསལ་བ་ལྟར།
དེ་ཡང་རྒྱའི་བློན་པོ་ཧྲང་ཧྲའུ་ཝང་ཞའོ་ཅེས་རྒྱ་དམག་མང་པོ་ཁྲིད་ནས་ས་མཚམས་བརྒལ་ཏེ་བསླེབས་པ་དང་། མཚོ་སྔོན་པོའི་ཕྱོགས་ཀྱི་བོད་ཀྱི་རྒྱལ་པོ་མགར་ཁྲི་འབྲིང་བཙན་བྲོད་ལ་ཡི་གེ་བཏང་ནས་ཁྲེ་རྐྱལ་གང་དང་ཡུངས་འབྲུ་གང་བསྐུར་ཏེ་འདི་སྐད་དུ། བོད་དམག་གཡག་འཕྲང་སྟག་འཕྲང་དུ་དྲངས་པའི་ཁ་གྲངས་ཀྱང་ང་ལ་ཡོད། མགོ་ལ་དཔག་པའི་ཞྭ་དང་། རྐང་ལ་འཚམ་པའི་ལྷམ་བཟོ་བ་ལྟར། ངས་ཀྱང་བོད་དམག་ལ་རྒོལ་ལན་བསློག་ཐུབ་ཙམ་ཞིག་ཁྲིད་ནས་ཡོད། ཟ་མ་མིད་པར་འགྲོ་བ་ལྟོ་བར་མི་ཤོང་བ་མི་སྲིད། ཐོག་ཆེན་པོས་ཀྱང་གཏོར་མི་ཐུབ་པའི་བྲག་ཆེན་ཞིག་ཡོད་མི་སྲིད། ཅེས་སྨྲས་སོ། །
བོད་བློན་མགར་ཁྲི་འབྲིང་གིས་དེའི་ལན་དུ། མང་ཉུང་ཙམ་ལ་བལྟས་ནས་ཁ་ཤགས་དང་རྩོད་པ་བྱ་རྒྱུ་མེད། བྱེའུ་མང་ཡང་ཁྲ་ཡི་ཟས། ཉེའུ་མང་ཡང་སྲམ་གྱི་ཟས། ཤ་བ་རུ་ཐུར་མང་ཡང་འཛིང་མི་ཤེས། གཡག་རུ་ཐུང་ཡང་རྒྱལ་ཁ་ལོན། ལོ་བརྒྱར་སྐྱེས་པའི་ཐང་ཤིང་ཡིན་ཀྱང་སྟ་རེ་གཅིག་གིས་དུམ་བུར་གཅོད། ཁ་ཞེང་ཆེ་བའི་ཆུ་བོ་རྣམས་ཀྱང་གྲུ་ཆུང་གཅིག་གིས་ཕ་མཐའ་བཅད། ཐང་གང་སྐྱེས་པའི་ནས་འབྲས་ཡིན་ཀྱང་རང་འཐག་གཅིག་གིས་ཕྱེ་མར་བཏགས། ནམ་མཁར་སྐར་ཚོགས་གྲངས་འབོར་ཆེ་ཡང་ཁྲི་གདུགས་ཉི་མ་གཅིག་གིས་འཇོམས། ལུང་པའི་མདོ་ལ་མེ་མཆེད་ན། རི་ལུང་གཉིས་ཀྱི་རྩི་ཤིང་བསྲེགས། ཆུ་མིག་གཅིག་ལ་ཆུ་ལོག་བྱུང་ན་རི་ཐང་རྩི་ཤིང་ཡོད་དོ་འཁྱེར། བོང་པ་ཐང་གང་ནང་དུ་གོར་རྡོ་ཆེན་པོ་གཅིག་རིལ་མོར་འདྲིལ་ན་བོང་པ་ཆག་གམ་གོར་རྡོ་ཆག ཐང་ཆེན་གཅིག་ལ་རྩྭ་ཁུར་དང་། སྨྱུག་ལྕག་ཕོན་པོ་བྱས་པ་གཉིས་སྔོན་དུ་རྩྭ་རུལ་ལམ་སྨྱུག་མ་རུལ། ཆུ་ཟངས་གང་གི་ནང་དུ་ལན་ཚྭ་ཁྱོར་གང་བཏབ་ན་ཆུ་དེ་ཚྭ་ཁུར་མི་འགྱུར་རམ།འབྲུག་ལྡིར་གློག་ལྕེ་གྲངས་ཉུང་ཡང་ནམ་མཁའི་མཐའ་བཞི་འུར་འུར་བྱེད། ཁྱོའི་དམག་མཚོ་ཁའི་སྦྲང་བུ་དང་འདྲ་བར་གྲངས་མང་ཡང་བཀོད་འདོམས་ལ་མི་ཉན་ན་རི་ཁའི་སྨུག་པ་འདྲའོ། །མི་ལ་ཡོད་ཀྱང་མེད་ཀྱང་ཁྱད་མེད་དོ། །ངའི་དམག་ནི་རྩྭ་མང་པོ་བརྔ་ཐུབ་པའི་རྒྱ་ཟོར་དང་འདྲ་བ་མ་ལགས་སམ། གཡག་ཆེ་ཡང་མདའ་ཕྲ་མོས་གསོད་ཐུབ་པ་མ་ཡིན་ནམ། ཞེས་སྨྲས་སོ། །
ཝང་ཞའོ་ཅེ་ཧྲང་ཧྲུའུ་ཡིས་དེའི་ལན་དུ། སྒོ་ང་རི་ཡིས་མནན་ན་མི་ཆག་པ་ཨེ་ཡོང་། མེ་ཇི་ལྟར་འབར་ཡང་མཚོ་ཆེན་པོའི་རླབས་ཀྱིས་མི་སོད་དམ། ཞེས་བཤད་པར་ལན་དུ་མགར་ཁྲི་འབྲིང་ན་རེ།རི་ཆེན་པོའི་སྟེང་ན་བྲག་ཡོད། བྲག་གི་ནང་ན་ཤིང་ཡོད། ཤིང་གི་ཁ་ན་ཚང་ཡོད། ཚང་གི་ནང་ན་སྒོ་ང་ཡོད། རི་མ་ཉིལ་བར་བྲག་མི་ལོག བྲག་མ་ལོག་བར་ཤིང་མི་ཆག ཤིང་མ་ཆག་བར་ཚང་མི་ཞིག ཚང་མ་ཞིག་པར་སྒོ་ང་མི་ཆག གནས་ཚུལ་དེ་འདྲ་མ་བྱུང་བར་རི་འོག་སྒོ་ང་མི་ཚུད་དོ། །མེ་ནི་རི་ཁར་འབར་ལ། ཆུ་ནི་ལུང་ཤུར་དུ་འབབ། མེ་གསོད་པར་ལག་པས་མི་སྙོབ་བོ། །བོད་ཀྱི་བཙན་པོ་ཉི་མ་བཞིན། རྒྱ་ཡི་རྗེ་བོ་ཟླ་བ་བཞིན། ཆེན་པོ་ཡིན་པ་འདྲ་ན་ཡང་། འོད་ཤུགས་ནམ་མཁར་མི་འདྲའོ། །ཆེ་ཆུང་ཁོ་ནར་བལྟས་ནས་ཁ་ཤགས་རྩོད་པ་རྒྱག་རྒྱུ་མེད་དོ། ། རྒྱ་མཚོའི་ཆུ་སྲིན་རྐྱལ་ལ་མཁས་ན་ཡང་། གནམ་ནས་ཐོག་གཅིག་བརྒྱབ་པ་ན། ཆུ་སྲིན་རྐྱལ་དེ་དེ་མུར་གསོད། སྲ་བའི་བྲག་རི་བརྟན་ན་ཡང་། ཐོག་གློག་གཅིག་གིས་ཐལ་ཕུང་བཟོ། བོད་ཀྱི་བཙན་པོ་དང་།ནམ་མཁའི་ལྷ་ཡི་མཐུ་བསྡེབས་ན་བློན་ཆེན་འབལ་ལྗི་རྨང་གི་བུ་ལྟ་བུ་ཡང་བློ་ལོག་པ་དེ་ས་འོག་རིམ་དགུར་གབ་ན་ཡང་། ཁྲིམས་ཀྱི་རྒྱ་ལས་འདའ་མི་ཐུབ། དེར་བརྟེན་ཆེ་ཆུང་མང་ཉུང་ཁོ་ནར་བལྟ་རྒྱུ་མེད། ཅེས་ཟེར་བས། དེ་ནས་རྒྱའི་བློན་པོ་ཝང་ཞའོ་ཅེ་ཧྲང་ཧྲུའུ་རུ་བསྒྲིགས་ཤིང་ས་མཚམས་བརྒལ་ནས་འཐབ་ཏུ་བྱུང་བ་ལ། བོད་ཀྱི་བློན་ཆེན་མགར་ཁྲི་འབྲིང་གིས་དགྲ་འཐབ་བཤས་གཡག་གསོད་པ་ལྟར་བྱས་སོ། །
དེ་ཡང་རིག་གནས་རིག་གནས་ཟེར་ཡང་གཙོ་བོ་སྐད་ཡིག་ལ་ཐུག་ཡོད་པ་དང་། སྐད་ཡིག་སྐད་ཡིག་ཅེས་ཟེར་ཡང་མདོར་དེད་ན་འཚོ་བའི་ཁྲོད་ཀྱི་བརྡ་ཐབས་སྣ་ཚོགས་ལས་མ་འདས་སོ། །དེ་བས་འཇིག་ལ་ཉེ་བའི་མི་རབས་ཤིག་གི་ཚིག་གི་འགྱུ་སྟབས་དང་། དོན་གྱི་ཆོད་ཤ གཏམ་གྱི་འཁྱུག་ལྡེམ། མ་ཤི་གསོན་པོར་ཡར་ཡིག་ལམ་ལ་འཁྱེར་ཨེ་ཐུབ་ལ་འབད་དགོས་པར་མ་ཟད། ད་དུང་འབྲོག་པའི་མཚམས་རྩོད་རྒྱག་སྟངས་དང་། མོ་གྱོད་ཤོད་ཚུལ། བྱི་སྟོང་འདུམ་ཚུལ་སོགས་ལྕེ་ཐོག་གི་བདུད་རྩི་དང་། སོ་བར་གྱི་མངར་ཁ་རྣམས་སྲུང་ཞིང་འཛིན་དགོས་པ་ལགས་སོ། །
༥ བོད་བཙན་པོའི་མི་ཆོས་ཀྱི་བསམ་བློའི་བོགས་ནུས།
ལུགས་ཀྱི་བསྟན་བཅོས་ལས་མཚན་གཞིར་གྱུར་པ«ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ»ཞེས་བྱ་བར་མཇལ་ཚེ། ང་ཚོས་བོད་སྔ་མའི་སྐྱེ་བོ་ཕལ་པ་དག་གི་བསམ་བློ་གཏོང་ཚུལ་དང་། སྦྱོར་བ་རྩོམ་སྟངས། བབ་ཆགས་པའི་བརྩེ་དུང་དང་། འཚོ་བར་བཅངས་པའི་འདུན་པ། ལེགས་ཉེས་བླང་དོར་གྱི་འཇུག་ལྡོག་དང་སྤང་བླང་ཇི་ལྟར་ཡིན་པའི་རིན་ཐང་ལྟ་ཚུལ་ཡང་ཤེས་པར་འགྱུར་རོ། །
དེ་ཡང་མི་ཆོས་ལྟ་བའི་གོང་ཐང་གཅོད་ཕྱོགས་ལ། དགོས་པ་ལས་མ་སྟོར་བར་བྱ་བ་གང་ཡིན་པ་དང་། དགོས་པའི་ནང་ནས་མི་བརླག་པར་བྱ་འོས་པ་གང་ལགས་པ་དང་། གཞུང་གང་གིས་གཟུང་བ། རྩ་བ་གང་ཞིག་གིས་གཟུང་དགོས་པ། མ་ནོར་བར་ཇི་ལྟར་བསྒྲུབ་དགོས་པ་དང་། དྲང་པོའི་ཚད་ཅི་ཡིན་དང་། མ་ནོར་བར་ཇི་ལྟར་བསྒྲུབ་པར་བྱ་བ་དང་། དེ་ལྟར་བྱས་ན་གཞན་ལ་ཕན་ཞིང་། ལེགས་ཤིང་བདེན་ན། བདག་ཉིད་ལ་ཕན་པ་ཅི་ཡོད་པ། དྲང་ཞིང་སྙོམས་པ་འདི་ལྟ་བུ་རྩ་བར་བཟུང་ན། ཡུལ་དེ་རུ་གང་དང་གང་ཞིག་བཟང་བར་བརྩི་བ་དང་། དེ་ལྟ་བུའི་རྩ་འཛིན་མེད་ན། གང་དག་བཟང་བར་བརྩི་བ། དྲང་པོ་མ་བྱས་པར་མི་འགྲིག་པ་ཞིག་ཡོད་ན། ཚད་ཇི་ཙམ་དུ་སྲན་ཚུགས་པར་བྱ་དགོས་པ། དྲང་བདེན་ཚུལ་བཞིན་བྱས་ནའང་། ལ་ལར་ཕམ་ཉེས་ཡོང་འགྲོ་བ་གང་ཡིན་པ། མིའི་ཆོས་ནི་གང་དང་མིའི་ཆོས་མ་ཡིན་པ་ནི་གང་ཡིན་པ། སྲི་ཞུ་ཆེ་བ་དང་པད་ལད། ཡིད་གཞུངས་པ་དང་འཇམ་པོའི་བསླུ་བྲིད། སྙིང་རྗེའི་ནང་དུ་ངོ་བཟློག་མི་ཕོད་པའི་ཆ་ཤས་བཅས་ཡོད་མེད་དང་། གཏུམ་པ་དཔའ་བའི་ཆ་ཤས་ཡིན་མིན། བྱ་བ་ལེགས་པ་ཅི་རིགས་བྱེད་མ་ནུས་ན། ཅུང་ཟད་ཙམ་བྱེད་པ་ལ་ཕན་པ་ཅི་ཡོད། བྱ་བ་ཐམས་ཅད་བསྒྲུབ་པར་གྲོས་མ་བྱས་ན་མི་འགྲིག་ཚེ། གྲོས་བྱེད་པའི་ཐབས་ཇི་ཡོད། བྲན་གཡོག་གང་ཞིག་གིས་ལེགས་པའམ། ཉེས་པ་བྱས་ན། ཆད་པ་དང་བྱ་དགའ་སོ་སོར་སྤྲོད་པ་དེ་གལ་ཆེའམ་མི་ཆེ། གཤེ་གཤེ་གཏོང་བ་ལའང་སྐྱོན་མཚང་མ་བསྔོགས་ན་ནི་སྙིང་མི་ཚིམ། བསྔོགས་དྲགས་ན་ནི་ཡི་ཆད་པར་གྱུར་ཚེ་ཇི་ལྟར་བྱའམ། འཁོན་བྱུང་བར་ཤ་ལན་ལེན་ཐབས་བྱེད་དང་མི་བྱེད། ཡོན་ཏན་ཤེས་པ་ཞིག་ཇི་ལྟར་བྱའམ། ཆུང་མ་དང་ཧ་ཅང་མཛའ་ཆེས་དྲགས་ན་ནི་གཞན་གྱིས་ཀྱང་འཕྱ། སྡང་བར་བྱེད་པ་ལ་ནི་མོ་ཡང་སྙིང་དུ་སྡུག་རྒུ་བྱེད་ན་ཇི་ལྟར་བྱ་བ་སོགས་ཀྱི་ཚུལ་ལ་འཇུག་པའི་དབུ་མའི་གཞུང་ཤིང་དེ་ལས་བོད་མི་རིགས་འདི་ཉིད་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་། བློ་སྒོ་བཀྲ་ཞིང་ཤེས་རིག་འཛོམས་པར་མ་ཟད། ཁོག་རྒྱ་ཡངས་ལ་ངང་རྒྱུད་འཇམ་པའི་མི་རིགས་ཡ་རབས་ཤིག་ཏུ་གྱུར་པ་བསྙོན་དུ་མེད་དོ། །
མཇུག་སྡུད་པ།
བོད་ཀྱི་གནའ་རབས་ཆིག་རྙིང་ཡིག་ཆ་རྣམས་ནི་རང་ཅག་དོན་གཉེར་བ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་འཕེལ་འགྱུར་ལ་རྒྱུས་ལོན་བྱེད་པ་དང་། བོད་ཀྱི་མེས་པོ་གོང་མའི་གཞི་རྩའི་གྲུབ་འབྲས་ལ་ནང་བྱན་ཆུད་པ། བོད་ཀྱི་ལོ་རྒྱུས་ཧྲིལ་པོའི་ཁྲོད་དེ་དག་གི་གོང་ཐང་ཇི་ལྟར་ཡིན་ཚུལ་ལ་ངོས་ཟིན་ཐོབ་པར་བྱས་ཏེ། སྐབས་དེའི་ཆབ་སྲིད་དཔལ་འབྱོར་དང་། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས། ཕྱི་སྲིད་འབྲེལ་བ། རིག་གནས་སྒྱུ་རྩལ་སོགས་ལ་བསླབ་སྦྱོང་བགྱིས་ནས། རང་བཀུར་རང་རྟོན་གྱི་བསམ་བློ་ཇེ་མཐོར་གཏོང་བ་དང་། མི་རིགས་ཕར་ཚུར་དབར་གཅིག་ལ་གཅིག་བརྟེན་དུ་གྲུབ་པའི་འཕྲེད་གཞུང་གི་འབྲེལ་བས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མེས་རྒྱལ་མཐུན་སྒྲིལ་སྲུང་ཞིང་སྐྱོབ་པ་ལའང་རྔོ་ཐོགས་པར་ཐེ་ཚོམ་མེད་དོ། །

འབྲེལ་ཡོད་འོས་སྦྱོར།