བོད་ཡུལ་དུ་རྡོའི་རིག་གནས་དར་བའི་སྐོར་གླེང་བ།
རྩོམ་པ་པོ།:དབང་ཆེན།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-02-06
ཀློག་གྲངས།:
གཅིག བོད་ཡུལ་དུ་རྡོའི་རིག་གནས་དར་ཚུལ།
རྡོ་མགར་གྱི་ལག་རྩལ་དེ་བོད་ལ་ནམ་ཞིག་ནས་དར་བ་ཡིན་ཞེ་ན། རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་ནས་བོད་ལ་རྡོ་མགར་གྱི་ལག་རྩལ་དར་ཡོད་པ་ཀུན་ལ་གསལ་ཏེ། དེ་ནི་ཕོ་བྲང་ཡུམ་བུ་བླ་སྒང་གི་རྩིག་པ་དང་། རྡོ་སྐས་སོགས་ལས་ཀྱང་མཐོང་ཐུབ་ལ། དེ་རྗེས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ་དར་རྒྱས་བྱུང་སྟེ། བསམ་ཡས་དང་ལྷ་ས། འཕྱོངས་རྒྱས་ཀྱི་རྡོ་རིང་དང་རྡོའི་སྐུ་བརྙན། རྡོའི་སེང་གེ རྡོ་རྩིག་གི་གཙུག་ལག་ཁང་། ཁྱད་པར་དུ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བཞེངས་པའི་ངོ་མཚར་རྡོའི་མཆོད་རྟེན་སོགས་ལས་བོད་ལ་དུས་སྔ་མོ་ནས་རྡོའི་རིག་གནས་དར་ཞིང་རྒྱས་པ་གསལ་པོར་ཤེས་ཐུབ།
གཉིས། རྡོའི་རིག་གནས་ཀྱི་རྣམ་གྲངས།
བོད་དུ་རྡོ་མགར་ལག་ཤེས་ལས་བྱུང་བའི་དངོས་པོ་སྤྱོད་སྒོ་རྒྱ་ཆེན་པོ་ཡོད་དེ། ལོ་རྒྱུས་ཐོག་ནས་བལྟས་ན། རྡོ་རྩིག་གི་ཕོ་བྲང་དང་། མཁར་དང་གཙུག་ལག་ཁང་དང་། བཙན་རྫོང། ཟམ་པ། འབངས་ཀྱི་སྡོད་ཁང་། ར་སྐོར། སྔོན་མེས་པོའི་སྐབས་སུ་དར་ཞིང་ས་བདག་ཀླུ་གཉན་གྱི་གནོད་པ་སྲུང་བའི་ཆེད་དུ་བརྩིགས་པའི་རི་སྐྱོར་དང་། གསས་མཁར། ཀླུ་ཁང། བརྩན་ཁང་། མཆོད་རྟེན་སོགས་ཀྱི་རྩིག་པ་དང་། བཟོ་སྐྲུན་དེ་དག་གི་ཁོངས་སུ་གཏོགས་པའི་རྡོ་གཅལ་དང་། རྡོ་སྐས། རྡོ་གཡམ་གྱི་སྟེང་ཁེབས་སོགས་རྡོ་ལས་བཟོས་པའི་རིགས་དང་། རྡོའི་སྤྱོད་ཆས་ལ། ཆུ་མཆིག་དང་ལག་བསྐོར། ཕྱིར་འཐག རྡོ་གཏུན། རྡོའི་མཆོད་ཀོང་། རྡོ་གཞོང་། བརྡར་རྡོ། དབུར་རྡོ་སོགས་དང་། ལོ་རྒྱུས་དང་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་རྡོ་རིང་དང་། རྡོ་བརྐོས་ཀྱི་སེང་གེ་སོགས་སྲོག་ཆགས་ཀྱི་གཟུགས་བརྙན་དང་། རྡོ་སྐུ། བྲག་རྐོས་རི་མོ་སྣ་ཚོགས། མཚོན་ཆའི་ཁོངས་སུ་གཏོགས་པའི་སྒྱོགས་རྡོ་དང་། འུར་རྡོ། རྦབ་རྡོ། རྡོ་རིལ་ཀོ་ཐུམ་ཅན་གྱི་ཀླད་སྐོར་སོགས་དང་། རོལ་མོའི་ཆ་ལག་ཏུ་གཏོགས་པའི་རྡོ་རྔ་དང་། རྩེད་ཆས་ཀྱི་ཁོངས་སུ་གཏོགས་པའི་རྡོ་འབེན་རྒྱག་པ་དང་། བཀྱག་རྡོ། མ་རྡོ། ཆ་རྡོ། འཕར་རྡོ། འགྱིག་རྡོ། རྒྱང་ཚད་དང་ཕོག་ཚད་འགྲན་པའི་འཕང་རྡོ་དང་། རྡོ་གཡམ་ཆུ་སྟེང་དུ་འཕྱོ་ཚད་འགྲན་པའི་ཆུ་འཕྱོ་རྡོ་ལེབ། དགུ་འགྲོས་དང་ཌཱ་རུ་སྤོ་ཁང་སོགས་རྡོའི་རྒྱན་འགྲོས་སྤོ་བྱེད་དང་། མཛུབ་རྡོ་འགྲན་པའི་ཨ་དཀར་ཨ་ནག་ཅེས་པའི་རྒྱན་འཇོག་བྱེད། རྩེད་ཆས་སུ་གྱུར་པའི་འཕར་རྡོ། འབའ་རྡེའུ་དང་ཁེད་རྡོ་སོགས་དང་། དགུན་དུས་ཀྱི་འཁྱག་ཤུད་རྒྱག་པར་སྤྱོད་པའི་འདྲེད་རྡོ་སོགས་རྩེད་མོ་སོ་སོའི་དགོས་མཁོ་དང་མཐུན་པའི་རྡོ་སྣ་ཚོགས་པ་ཞིག་ཡོད་ཀྱང་། དེ་དག་ཕལ་ཆེ་བ་ནི་རང་བྱོན་གྱི་རྡོ་ཏག་ཏག་ཡིན་པ་ལས་རྡོ་མགར་གྱིས་བཟོས་པ་ཧ་ཅང་ཉུང་། རྡོ་མགར་གྱིས་ལས་ནས་གྲུབ་པའང་མི་ཉུང་བ་ཞིག་ཡོད་པ་ནི། ཡོངས་སུ་རྡོ་མགར་ནས་གྲུབ་པའི་ཆུ་མཆིག་དང་། ལག་འཐག་དང་། རྡོ་གཏུན་དང་། རྡོ་གཞོང་དང་། རྡོའི་མཆོད་ཀོང་དང་། རྡོ་གྲི། ཕུར་རྡོ། ལོ་ཏོག་འབྲས་བུ་ལེན་བྱེད་ཀྱི་རྡོ་རིལ། རྡོ་སྐས། རྡོ་རིང་དང་། རྡོའི་མཆོད་རྟེན་དང་རྡོ་གྱང་། ཐབ་རྡོ། རྡོའི་སེང་གེ་སོགས་སྲོག་ཆགས་ཀྱི་གཟུགས་བརྙན་རྣམས་དང་། རགས་ཙམ་མགར་བ་ལས་བྱུང་བའི་རྡོ་གཅལ་དང་། རྩིག་རྡོ་དང་། ཕྱམ་རྡོའམ་གྲ་རྡོ་དང་། རྡོ་གཡམ་གྱི་སྟེང་ཁེབས་དང་རྡོ་སྒྲོམ་རྣམས་སོ། །
ཡང་རྡོ་ལྷ་དང་མ་ཎི་དབུ་ཆེན་སོགས་ཀྱི་བརྐོ་གཞི་ལ་མགར་བ་དང་མ་མགར་བ་སྣ་ཚོགས་འབྱུང་བས་མཐའ་གཅིག་ཏུ་ངེས་པ་མེད་དོ། །
གསུམ། རྡོ་མགར་ལ་དགོས་པའི་ལག་ཆའི་རིགས།
ལོ་རྒྱུས་སུ་རྡོ་མགར་མཁན་རྣམས་ལ་དགོས་པའི་ལག་ཆ་སྣ་ཚོགས་ཡོད་དེ། རྡོ་མགར་གྱི་ལག་ཆ་ལ། ཐོ་ཆེན་དང་ཐོ་འབྲིང་དང་། རྡོ་རྐོ་བྱེད་ཀྱི་གཟོང་ཐུར་སྣ་ཚོགས། རྡོ་སྟ་ཞེས་དབྱིབས་དགྲ་སྟ་དང་ཕྱོགས་མཚུངས་ལ་མགར་བྱེད་དང་གཅོད་བྱེད་གཉིས་ཀ་ཡིན་པ་དེ་དང་། རྡོ་གཙག་ནི་གཙག་མགོའི་ཕྱོགས་གཅིག་ལྕགས་མགར་གྱི་ཐོ་བ་དང་འདྲ་ཞིང་། ཕྱོགས་གཅིག་སའི་མཆུ་རིང་ལ་རྣོ་བ་མཆིག་སོགས་གཙག་བྱེད་དང་། རྡོ་ལ་བུ་ག་གཏོད་བྱེད་དང་། སྔོག་བྱེད་ཀྱི་ལྕགས་མདའ་འམ་ལྕགས་རྒྱུག་རིང་ཐུང་། ལྕགས་ཀྱི་ཁྱེའུ་ཆེ་ཆུང་དུ་མ་བཅས་སོ། །
བཞི། རྡོའི་རིགས་མགར་སྟངས།
རྡོ་མགར་བས་ཐོག་མར་མགར་བྱ་རྡོའི་རྒྱུ་ལ་བརྟག་པ་ཤིན་ཏུ་གལ་ཆེ་སྟེ། རྡོ་སྐས་བཟོ་བའི་རྒྱུ་ནི། རྡོ་ཕ་བོང་རྒྱ་ཆེ་ལ་གས་སྲུབས་མེད་པ། རྡོ་རྒྱུ་སྲ་བའི་ཆུ་རྡོ་སྔོན་པོ་དང་ཡང་ན་འཛེང་རྡོའི་རིགས། རྡོ་རིས་ཀྱི་འཁོར་ཕྱོགས་དང་བསྟུན་ནས་ཐིག་བཏབ་པའི་ཐོག་ལྕགས་ཀྱི་ཁྱེའུ་འམ་ལྕགས་གཟགས་བརྡེགས་ནས་གྲུ་བཞི་ནར་མོ་དང་ཤིང་བཞི་ལིངས་ལྟ་བུ་འདོམ་གསུམ་བཞི་ཡན་གང་འདོད་དུ་གཤག་ཐུབ་པའི་རྡོ་ལེགས་པ་བཙལ་ནས་རྙེད་པ་ལ། ལྕགས་གཟགས་གྲལ་ལྟར་བརྡེགས་ནས་གས་པ་དེ་དག་ལྕགས་གཟོང་དང་། རྡོ་སྟ་སོགས་ཀྱིས་དྲང་གཞོག་དང་འཇམ་བརྡར་བྱ། རྩིག་རྡོ་ཡང་དེ་དང་ཕྱོགས་མཚུངས་ཀྱི་ཆེ་མགར་ཙམ་རེ་ཐུབ་ན། རྩིག་བདེ་སྲ་ཞིང་བརྟན་པས་ཤིན་ཏུ་བཟང་ཡང་། དེང་དུས་དབུས་གཙང་ཕྱོགས་སུ་རྩིག་རྡོ་མགར་ཤུགས་ཆེ་བ་ཙམ་ལས་སྔ་རབས་སུ་བརྩིགས་པའི་རྩིག་པ་ཐམས་ཅད་ནི། རང་བཞིན་གྱི་རྡོ་རྣམས་རྩིག་མཁན་གྱི་ལག་རྩལ་ལ་བརྟེན་ནས་རྩིག་རྟ་དྲང་བོ་དང་། རྩིག་ངོས་འཇམ་པོ། རྡོའི་ཕོ་མོའམ་འབུར་གཤོང་སྤྲད་པ་དང་། རྡོ་གཟེར་བརྒྱབ་པ་སོགས་ལ་བརྟེན་ནས་རྩིག་པ་སྤུས་ཀ་བཟང་ཞིང་སྲ་ཐབས་དང་བརླིང་ཐབས་བྱས་པ་ལས་རྡོ་མགར་གྲུ་བཞི་མ་བརྩིགས་པ་ཉུང་ངོ་། །
ཆུ་མཆིག་དང་ལག་འཐག རྡོ་གཏུན། མཆོད་ཀོང་། རྡོ་གཞོང་ཐམས་ཅད་ནི། ཆུ་རྡོ་སྔོན་པོ་སོགས་རྡོ་རྒྱུ་སྲ་མཁྲེགས་ཅན། ཚོན་སོགས་འདུལ་རྡུང་ཇི་ལྟར་བྱས་ཀྱང་འདུལ་སྣོད་ཀྱི་རྡོ་རྒྱུ་སྙི་བའི་རྐྱེན་གྱིས་ཁ་དོག་མི་འགྱུར་བ་དང་། ཇ་དང་སྨན་སོགས་བརྡུངས་ན་བྲོ་བ་མི་འགྱུར་བ་དེ་དག་སྤྱོད་ཆས་རང་རང་གི་དབྱིབས་དང་བསྟུན་ནས། ཕྱོགས་ཐམས་ཅད་ནས་མགར་ཏེ་ཆེ་ཚུགས་ཙམ་ཐོན་ཐོག གཞི་ནས་ཞིབ་ཚགས་སུ་མགར་བ་དང་། མཆིག་མགར་བ་ལ་ཡ་མཆིག་གམ་མ་མཆིག་གམ། མཆིག་གི་ཡ་ཁོལ་དང་མ་ཁོལ་གཉིས་རྡོ་གཅིག་ལས་བཏོན་ན་རྒྱུ་གཅིག་པས་ཆ་ལྡན་པ་འོང་ཞེས་ཉམས་མྱོང་མཁན་རྣམ་པས་གསུངས་སོ། །
རྡོའི་མཆོད་རྟེན་དང་རྡོའི་སྐུ་གཟུགས་རིལ་བོ་དང་། རྡོ་ཡི་སེང་གེ་སོགས་ཀྱི་གཟུགས་བརྙན་མགར་བ་ལ། རྡོ་ཀ་མ་རུ་དང་གཡང་ཊི་སོགས་ཁ་དོག་སྣ་ཚོགས་ཡོད་པ་ཅན་གྱིས་མགར་ན། རྡོ་གཞན་པ་ལས་རིན་ཐང་ཆེ་ཞིང་ཁ་དོག་བཟང་བ། སྲ་སྙི་རན་པ་དང་རྒྱུ་མཉེན་པས་འཇམ་རིས་སྣ་ཚོགས་ཕུན་སུམ་ཚོགས་པ་འབྱུང་བ་སོགས་ཀྱི་དགེ་མཚན་དུ་མ་ལྡན་ལ། ཐོག་མར་དཔེ་རིས་ལྟར་ཆ་རྐྱེན་གྱི་ཚད་ལེགས་པར་བགོས་པའི་སྟེང་ནས་མགར་བར། ཐོག་མར་ཆེ་ཚུགས་སུ་མགར་ཏེ་རྒྱང་བལྟས་དང་ལོགས་བལྟས་ཡང་ཡང་བྱས་ཤིང་སྐྱོན་ཡོད་ས་རྣམས་ལ་བསལ་སླད་ཞིབ་ཚགས་ངང་འཇམ་བརྡར་བྱས་ནས་གྲུབ་ལ། གལ་ཏེ་གོང་སྨོས་ཀྱི་གོ་རིམ་ལས་ལྡོག་སྟེ་ཆེ་ཚུགས་ནོར་སོང་བ་ཡིན་ན། ཞིབ་ཚགས་ལ་ཇི་ལྟར་གཟབ་ཀྱང་ལེགས་པོ་ཡོང་ཐབས་མེད་པས་གཟབ་རྒྱུ་གལ་ཆེའོ། །
རྡོ་གཡའ་མའི་བྲག་རྡོ་བཀོག་ནས་སྲབ་ཅིང་རྒྱ་ཆེ་ལ་སྲུབ་མེད་པའི་རྡོ་ལེབ་རྣམས་བདམས་ཏེ། རང་བཞིན་གྱི་རྡོ་ལེབ་རྒྱུ་ཅུང་སྲ་ལ་མཐུག་ཞད་ཅན་བྲག་ངོས་ནས་བཀོག་པའམ་ཡང་ན་བཏུས་ཏེ། རྡོ་གཅལ་དངོས་སུ་སྒྲིག་སྐབས་ཟུར་སོགས་ཅུང་ཟད་རེ་མགར་ནས་བསྒྲིགས་པ་ཡིན། རང་བྱུང་གི་རྡོ་ལེབ་ལ་ལྕགས་དབྱུག་དང་རྭ་ཅོ་སོགས་ཀྱིས་བསྣུན་ན་སྐད་སྙན་པོ་འབྱིན་པ་དེར་བུ་ག་བཏོད་ཏེ། མཚམས་པ་སོགས་ཀྱི་ར་བའི་སྒོ་ལ་བཏགས་ནས་བརྡ་གཏོང་བྱེད་ཅིག་ཡིན། རྡོ་སྒྲོམ་ནི་རྡོ་ལེབ་ཀྱིས་སྟེང་འོག་ཕྱོགས་བཞི་སྤྲད་དེ། ཕལ་ཆེར་བུམ་གཏེར་དང་པུར་ཐལ། ཕུང་བོ་སོགས་བཅུག་ནས་ས་འོག་ཏུ་སྦ་བྱ་ཡིན་ལ། རང་བྱུང་གི་རྡོ་ལེབ་ཅུང་ཟད་རེ་མགར་ནས་བཟོ་བཅོས་བཏང་ཙམ་སྟེ། རང་བྱུང་དང་བརྐོས་མ་འདྲེས་མ་ལྟ་བུ་ཞིག་ཡིན། དེང་སང་། བོད་ཡུལ་དུ་ཡོད་པའི་རྡོ་རིགས་ཆུ་ཤེལ་དང་གཡང་ཊི། ཀ་མ་རུ་སོགས་ལ་རྐོས་དཀྲུག་བརྒྱབ་ནས་བཟོས་པའི་ཕོར་བ་དང་། མཆོད་ཀོང་། གདུ་གུ། སོར་གདུབ། ཕྲེང་བ། དཀར་ཡོལ། ཇ་ཕོར། རི་དྭགས་སྣ་ཚོགས། གསར་བྱུང་རིག་དངོས་གང་མང་སོགས་ཡུལ་སྐོར་པར་བཙོང་བྱའི་རིག་རྫས་མང་པོ་བཟོ་བཞིན་ཡོད་པ་དང་། འཛེང་རྡོའི་རིགས་སྣ་ཚོགས་དང་། རྨ་བྱའི་སྒྲོ་མདོངས་དང་། ཀ་མ་རུ་ལ་སོགས་ནི་གནས་ཁང་བཟོ་སྐྲུན་གྱི་རྒྱུ་ཆ་གཙོ་བོར་འགྱུར་བཞིན་པར་མ་ཟད། རྡོ་དེ་དག་ལ་མཛེས་པའི་ཆ་དང་། རིན་ཐང་གི་ཆ། སྲ་བའི་ཆ། རྫས་འགྱུར་གྱི་སྦྱོར་རྫས་ལྟ་བུའི་མིའི་ལུས་ཁམས་ལ་གནོད་པ་མེད་པའི་ཆ་སོགས་ཀྱི་ཡོན་ཏན་མང་པོ་ལྡན།
ལྔ། རྡོའི་དཔྱད་ཐབས་དང་མིང་གི་འདོགས་ཚུལ།
རྡོ་ལ་མིང་དང་ཐོན་ཁུངས། དབྱིབས། ཁ་དོག དམིགས་བསལ་གྱི་ཁྱད་པར་ཅན་གྱིས་རྟགས། སྲ་ཚད། སྣུམ་ཁ། འོད་མདངས། རྫས་འགྱུར་གྱི་གྲུབ། འཇམ་མདངས། རོ་ཡི་ནུས་པ། འོད་ཀྱི་ནུས་པ། རྟེན་འབྲེལ་གྱི་ནུས་པ། སྨོན་ལམ་རང་བཞིན་གྱི་ནུས་པ། སྤྱན་གཟིགས་ཀྱི་རིན་ཐང་དང་ནུས་པ། འདྲ་དཔེ། སྒྱུ་རྩལ་གྱི་ཉམས། སྒྱུ་རྩལ་གྱི་རིན་ཐང་། ལོ་རྒྱུས་ཀྱི་རིན་ཐང་། རིག་གནས་ཀྱི་རིན་ཐང་། ཞིབ་འཇུག་གི་རིན་ཐང་། རི་མོའི་ཆགས་སྟངས། བེད་སྤྱོད་ཀྱི་རིན་ཐང་། ཚོང་ལས་ཀྱི་རིན་ཐང་། དཔལ་འབྱོར་གྱི་རིན་ཐང་། ཉམས་མྱོང་། འདུལ་བ། སྦྱོར་བ། བསྡུར་ཚད། མིང་གི་རྣམ་གྲངས། ལག་ལེན་དང་ཕན་ནུས་ལ་སོགས་ཕྱོགས་མང་པོ་ནས་དཔྱད་སྲོལ་ཡོད་ལ། མིང་གི་འདོགས་ཕྱོགས་ནས་ཀྱང་རང་མི་རིགས་ཀྱི་རིག་གནས་དང་ཆོས་ལུགས། ཡུལ་སྲོལ་གོམས་འདྲིས། གཏམ་རྒྱུད་དང་གཏམ་དཔེ། འཚོ་བ་དང་འབྲེལ་བའི་མིང་སྣ་ཚོགས། དེ་ལས་གཞན་སྨན་གཞུང་གི་ཕྱོགས་དང་རི་ཆུ་ནགས་གསུམ། རྩི་ཤིང་མེ་ཏོག མི་སྣ་གྲགས་ཅན། ཡུལ་ལྷ་གཞི་བདག སྲོག་ཆགས། གངས་རི་དང་བླ་རི། གཏམ་རྒྱུད་སྣ་ཚོགས་ལས་བྱུང་བའི་བརྗོད་བྱ། ཉི་ཟླ་སྐར་གསུམ། ཡུལ་ལྗོངས་སོགས་རྟེན་འབྲེལ་རང་བཞིན་དང་སྨོན་ལམ་རང་བཞིན་བཀྲ་ཤིས་ཤིང་བདེ་ལེགས་འབྱུང་བའི་མིང་འདོགས་ཅི་ཐུབ་བྱས་ན་བཟང་བར་བསམས།
སྤྱིར་རྡོ་ནི་མཐོང་ཤེས་ཀྱི་སྒྱུ་རྩལ་གལ་ཆེན་ཞིག་ཡིན་ལ་དེ་ལ་མིང་གི་འདོགས་ཕྱོགས་ནས་རྡོ་བ་ཉར་ཚགས་མཁན་དེའི་གཤིས་ཀ་དང་དགའ་ཕྱོགས། བརྩེ་བ། བསམ་བློའི་གོ་རྟོགས། བརྗོད་བྱ། བསམ་བློའི་འཕེལ་རྒྱས་སོགས་གསལ་བོར་མཚོན་ཐུབ། རྡོ་ཉར་ཚགས་དང་འགྲེམ་སྟོན། ཉོ་ཚོང་སོགས་ལས་དོན་དང་མཚུངས་པའི་མིང་ཡག་པོ་རེ་འདོགས་ཐུབ་ན་རྡོ་ལ་སླར་ཡང་སྒྱུ་རྩལ་གྱི་ཚེ་སྲོག་སྦྱིན་ཐུབ་པ་དང་རིན་ཐང་ཡང་དེ་བས་ཀྱང་ཆེན་པོར་འགྱུར་ཐུབ། དེ་བས་རྡོའི་རིགས་ལ་ངོས་ཟིན་ལེགས་པོ་ཞིག་ཡོང་དགོས་ན། ངེས་པར་དུ་རྡོའི་རིག་གནས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་ཕྱོགས་མང་པོ་ནས་སློབ་སྦྱོང་བྱེད་དགོས། །

འབྲེལ་ཡོད་འོས་སྦྱོར།