ཨ་མདོའི་ཡུལ་སྐད་དང་ཡིག་སྐད་གཉིས་བར་གྱི་སྒྲ་གདངས་འགྱུར་ཚུལ་ལས་འཕྲོས་པའི་གཏམ་ཐོར་བུ།
རྩོམ་པ་པོ།:ཀུན་ཁྱབ་ཀླུ་བྱམས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-06-05
ཀློག་གྲངས།:
ཁ་ཉིན་ལ་རྩེ་ཇ་ཁང་གི་དྲ་ལམ་དུ། རང་མིང་ལ་མི་རིགས་གཞན་གྱི་ཡི་གེ་བྲིས་པའི་དྲ་གྲོགས་ཤིག་གིས། ཨ་མདོའི་ཡུལ་སྐད་དུ། རྡོ་དུག་དང་འཁོར་དུག་སོགས་ལ་རྡོ་རྡུག་དང་འཁོར་རྡུག་སོགས་ཀྱི་སྒྲ་ཐོན་ཟེར་བའི་རིགས་པ་དང་བསྒྲེས་ན། ཆུ་དུག་དང་དཔྱིད་དུག་གཉིས་ལའང་ཆུ་གདུག་དང་དཔྱིད་གདུག་ཅེས་པའི་སྒྲ་ཐོན་པས། དེ་གཉིས་ལ་མིང་ཆ་སྔ་ཕྱིའི་གནས་སྐབས་ན་མགོ་རྗེས་གང་ཡང་མེད་པས། ཁྱོད་ཀྱི་འདོད་པ་ལྟར་འགྲེལ་དཀའ་བར་སྣང་། ཞེས་དྲི་བ་ཞིག་བཏོན་ཡོང་། དྲི་བ་དེ་ནི་ཁོས་ན་ནིང་དེ་ལྟར་དུ་བཏོན་མྱོང་བ་ལ་སྐབས་དེར་དཔེ་ཚིག་གོ་སླ་བ་ཞིག་བཞག་ནས་ཆོག་པར་བྱས་མོད། ད་ལོར་ཡང་བསྐྱར་འདོན་ཚུལ་ལ་བལྟས་ན། ཁོའི་ཀུན་སློང་ཅི་ཡིན་གཙོ་བོ་མ་ཡིན་པར་གཏམ་ལན་མདོར་བསྡུས་ཤིག་མི་སྟེར་ཀ་མེད་བྱུང་།
སྤྱིར་ན་ཨ་མདོའི་ཡུལ་སྐད་ནི་བོད་བཙན་པོའི་དུས་ཀྱི་སྐད་ཆར་ཉམས་ཞིབ་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཡིན་པ་བསྙོན་དུ་མེད་ཅིང་། ཁོ་བོ་ནི་བོད་པ་ཞིག་ཡིན་པ་དང་ནང་སྒོས་སུ་ཨ་མདོའི་ཡུལ་སྐད་འཆད་མཁན་ཞིག་ཡིན་པའི་ཆ་ནས་ཨམ་སྐད་ལ་ཞིབ་འཇུག་བྱ་རྒྱུ་དགའ་པོ་ཡོད་མཁན་ཞིག་དང་དེའི་ཐད་ནས་དཔྱད་འབྲས་ཀྱང་ཅུང་ཟད་བླངས་ཡོད་མཁན་ཞིག་ཏུ་རློམ་ཡོད། ཅིའི་ཕྱིར་ཞེ་ན། ཁོ་བོས་ཨ་མདོའི་ཡུལ་སྐད་དང་ཡིག་སྐད་གཉིས་བར་གྱི་སྒྲ་གདངས་འགྱུར་ཚུལ་གྱི་ཁྱད་པར་དང་། དེ་གཉིས་བར་དུ་འབྲེལ་བ་དམ་པོ་ཇི་ལྟར་ཡོད་ལུགས་སྐོར་གྱི་གསང་གནད་རྣམས་རེ་རེ་བཞིན་ལུང་རིགས་དཔེ་གསུམ་དང་བཅས་གོ་སླའི་ཚིག་གིས་ཡོངས་སུ་བཀྲོལ་བའི་སྤྱི་འགྲོས་སྡོམ་ཆིངས་ལྟ་བུ་ཞིག་ད་ལྟར་ལེགས་པར་གྲུབ་ཡོད་པས། མི་འགྱངས་པར་ཀུན་གྱི་གཟིགས་མོར་དབུལ་ཡོང་ལ་རིགས་ལམ་དེའི་སྟེང་ནས་བོད་པའི་ཡུལ་ཁམས་གཞན་གྱི་སྐད་བརྡ་ལ་ཞིབ་འཇུག་བྱེད་པར་ཡང་ཟུར་ལྟའི་རྒྱུ་ཆ་ཉན་པར་གདོན་མི་ཟ་སྙམ་པས་ཡིན། དེས་ན་ཞོལ་ནས་ད་རེབ་ཀྱི་གླེང་གཞི་དངོས་ལ་འཇུག་པར་བྱ་སྟེ། ཨ་མདོའི་ཡུལ་སྐད་དུ་ཐོན་པའི་སྒྲ་ཁག་ཅིག་སྐབས་འགར་ཡིག་སྐད་དང་ཁྱད་པར་ཆེ་བའི་སྒྲ་གདངས་འབྱུང་ཚུལ་ལ་རིགས་མང་དག་ཅིག་མཆིས་ནའང་། འདིར་བསྟན་འབྲེལ་ཡོད་ཁག་ཅིག་རྣམ་གསལ་དུ་དཔེར་དྲངས་ནས་བརྗོད་ན།
༡ མིང་ཆ་སྔ་མའི་རྗེས་འཇུག་དེ་མིང་ཆ་ཕྱི་མ་ལ་སྔོན་འཇུག་གི་ཚུལ་དུ་སྒྲ་ཐོན་པ།
དཔེར་ན། ཁོག་དུག་བསྲིངས་རེས་བྱས་ཞེས་པ་ལ“ཁོག་གདུག”བསྲིངས་རེས་བྱས་ཞེས་པའི་སྒྲ་ཐོན་ཅིང་། ཁོས་མི་དེའི་ཁོག་དོང་ནང་ལ་ཁུ་ཚུར་གྱིས་བརྒྱབ་ཅེས་པ་ལ་ཁོས་མི་དེའི་“ཁོག་གདོང”ནང་ལ་ཁུ་ཚུར་གྱིས་བརྒྱབ། རྔ་ཆད་རྔོག་དུམ་ལ་རྔ་ཆད་“རྔོག་གདུམ”། ཁོ་ངའི་ལག་དོང་ནང་ལ་ལྷུང་ཡོད་ཅེས་པ་ལ་ཁོ་ངའི“ལག་གདོང”ནང་ལ་ལྷུང་ཡོད། ཁྱོད་ཟི་ལིང་དུ་འགྲོ་དོན་མེད་ཅེས་པ་ལ་ཁྱོད་ཟི་ལིང་དུ“འགྲོ་གདོན”མེད་སོགས་ཀྱི་སྒྲ་ཐོན་པ་ལྟ་བུས་མཚོན་ནོ། །
༢ མིང་ཆ་ཕྱི་མའི་སྔོན་འཇུག་གམ་མིང་གཞི་གང་རུང་མིང་ཆ་སྔ་མའི་རྗེས་འཇུག་གི་ཚུལ་དུ་སྒྲ་ཐོན་པ།
དཔེར་ན། ཁ་གཡང་ལ“ཁག་གཡང”ཞེས་དང་། རྒྱ་མཚོ་ལ“རྒྱམ་མཚོ།” གནའ་གཏམ་ལ“གནག་གཏམ།” བློ་བཟང་ལ“བློབ་བཟང་།” བླ་བྲང་ལ“བླབ་བྲང”ངམ“བླབ་རང”། ཤ་སྦྲང(ཡུལ་མིང)ལ“ཤབ་བྲང”ངམ“ཤབ་རང་།” ཟླ་གམ་ལ“ཟླག་གམ།” ཨ་བྲ་ལ“ཨབ་བྲ”འམ“ཨབ་ར”སོགས་ཀྱི་སྒྲ་ཐོན་པ་ལྟ་བུས་མཚོན་ནོ། ། དེ་ཡང་མཐའ་གཅིག་ཏུ་མ་ངེས་ཏེ། སྐྱེ་གནས་ལ་སྐྱེག་གནས་ཞེས་པའི་སྒྲ་མི་ཐོན་ལ། ལྟེ་གནས་ལ་ལྟེག་གནས་ཞེས་དང་། དབྱེ་གཞི་ལ་དབྱེག་གཞི། བློ་གསལ་ལ་བློག་གསལ། ཞི་གནས་ལ་ཞིག་གནས་ཞེས་པའི་སྒྲ་མི་ཐོན་པ་སོགས་དམིགས་བསལ་བ་ཡང་ཡོད་པས་ཁག་ཅིག་དང་སྐབས་འགར་ཞེས་པའི་ཡིག་འབྲུ་སྦྱོར་དོན་གྱི་ཞིབ་ཆ་ཡང་དེ་ག་ཉིད་ཡིན་པར་ཤེས་པར་བྱའོ། །
༣ མིང་ཆ་སྔ་མའི་རྗེས་འཇུག་དང་མིང་གཞི་སོགས་མིང་ཆ་ཕྱི་མའི་མགོ་ཅན་དུ་འཕོས་པའི་ཚུལ་དུ་སྒྲ་ཐོན་པ།
དཔེར་ན། ལས་ཀ་ལ“ལས་སྐ”ཞེས་དང་། མར་ཁུ་ཞེས་པའི་ཁུ་ཡིག་གི་དོད་དུ་ཀུ་ཡིག་བྲིས་པས་མར་ཀུ་ཞེས་པ་ལ“མར་རྐུ”ཞེས་པའི་སྒྲ་ཐོན་པ། ཡར་ཀ་མར་ཀ་ལ“ཡར་རྐ་མར་རྐ།” མཚོ་སྔོན་གཅན་ཚ་རྗོང་གི་སྣང་རའི་གསེར་ཁང་ཞེས་པའི་གསེར་ཁང་གི་དོད་དུ་གསེར་ཀང་བྲིས་པས“གསེར་རྐང”ཞེས་བྲིས་དང་འབྲི་ཡི་ཡོད་པ། སྐྱེས་པ་ལ“སྐྱེས་སྤ།” ལ་ཕུག་རྒས་པ་ཞིག་བྱིན་ལ་ལ་ཕུག“རྒས་སྤ”ཞིག་བྱིན། ཆོས་གོས་ལ“ཆོས་སྒོས།” ཕྱིར་གན་དུ་ལོག་ལ“ཕྱིར་རྒན”དུ་ལོག ཐོར་ཐུག་ཅེས་པའི་ཐུག་གི་ཚབ་ཏུ་ཏུག་ཡིག་བྲིས་པས་ཐོར་ཏུག་ལ“ཐོར་རྟུག”གི་སྒྲ་ཐོན་པའི་ཡུལ་ཀྱང་མཆིས། རྔ་དུམ་ལ“རྔ་རྡུམ།” བརྩེ་དུངས་ཆེ་ལ“བརྩེ་རྡུངས”ཆེ། ཡུལ་དུངས་ཆེ་ལ“ཡུལ་ལྡུངས”ཆེ། རྡོ་དུག་བརྒྱབ་ལ“རྡོ་རྡུག”བརྒྱབ། རྫ་དུག་ཕོག་ལ“རྫ་རྡུག”ཕོག ས་དོང་ལ“ས་སྡོང”སོགས་ཀྱི་སྒྲ་ཐོན་པ་ལྟ་བུའོ། ། ཡང་རྡོ་དུམ་ལྟ་བུ་ལ་རྡོ་རྡུམ་གྱི་སྒྲ་མི་ཐོན་པའང་མཆིས།
༤ མིང་ཆ་སྔ་ཕྱི་གང་རུང་གི་སྔོན་འཇུག་དང་རྗེས་འཇུག་མིང་གཞི་སོགས་བར་ཆོད་པའི་ཡི་གེ་ཡིས་ཕན་ཚུན་ལ་སྒྲ་ཤན་སྐྱེད་པ།
དཔེར་ན། ས་དཀར་ལ“སག་གར”ཞེས་དང་། སྐྱ་ཀ་ལ“སྐྱག་ག” ས་དཀྱིལ(ཡུལ་མིང)ལ“སག་དཀྱིལ།” རྐྱང་ཁ་དཀར་ལ“རྐྱང་ཁག་གར།” རྩ་དཀར་ལ“རྩག་གར།”ཁ་དཀྱིལ་ལ་རྒྱག་ཅེས་པ་ལ“ཁག་དཀྱིལ”ལ་རྒྱག་སོགས་ཀྱི་སྒྲ་ཐོན་པ་ལྟ་བུའོ། །ཡང་ས་ནག་ལ་སག་ནག་གི་སྒྲ་མི་ཐོན་ཞིང་། ནམ་ས་དཀྱིལ་ནས་ལངས་ཟེར་དུས་ནམ་སག་དཀྱིལ་ནས་ལངས་མི་ཟེར་བ་སོགས་ཀྱི་སྐབས་ཀྱང་མཆིས།
༥ མིང་ཆ་སྔ་མ་ལ་རྗེས་འཇུག་མེད་པ་དང་མིང་ཆ་ཕྱི་མའི་སྔོན་འཇུག་འ་ཡིན་ཚེ་མིང་ཆ་སྔ་མའི་ཡི་གེ་ལ་རྗེས་འཇུག་ན་ཡོད་པའི་ཚུལ་དུ་སྒྲ་ཐོན་པ།
དཔེར་ན། ཁ་འཁྱག་ལ“ཁན་འཁྱག”ཅེས་དང་། ཚི་ལེན་ཁ་འདྲིལ་ཅན་ལ་ཚི་ལེན“ཁན་འདྲིལ”ཅན། ཁ་འཇོག་གི་སྒོར་མོའི་མིང་ལ“ཁན་འཇོག” མཁའ་འགྲོ་ལ“མཁན་འགྲོ།” དགེ་འདུན་ལ“དགེན་འདུན། ”དགྲ་འདུལ་ལ“དགྲན་འདུལ།” མགོ་འཛིན་ལ“མགོན་འཛིན།” ཆུ་རྒོད་ཚ་འདེ་ལ་ཆུ་རྒོད“ཚན་འདེ། ”ལས་རྒྱུ་འབྲས་ལ་ལས“རྒྱུན་འབྲས།” ཕྲེང་བའི་མདོ་འཛིན་ལ་ཕྲེང་བའི“མདོན་འཛིན།” སྤྱི་འདུ་ལ“སྤྱིན་འདུ།” སྤྱི་ཚོགས་རིང་ལུགས་ལ“སྤྱིན་འཚོགས”རིང་ལུགས། མཚོ་སྔོན་བ་ཡན་རྫོང་གི་ཆུ་འཁོར་ཞེས་པའི་གྲོང་རྡལ་གྱི་མིང་ལ“ཆུན་འཁོར”ཞེས་པའི་སྒྲ་ཐོན་པ་སོགས་ཀྱིས་མཚོན་ནོ། །
༦ མིང་གཞི་ག་ཟླུམ་ཅན་གྱི་ཡི་གེ་ཁག་ཅིག་ལ་སྐབས་འགར་སྔོན་འཇུག་ད་དང་འ་ཡོད་པའི་ཚུལ་དུ་སྒྲ་ཐོན་པ།
དཔེར་ན། མེ་མདའི་རྩེ་གྲི་ལ་ཨམ་སྐད་དུ་ཁ་གྲི་ཟེར་བར“ཁ་དགྱི”ཞེས་པའི་གདངས་ཐོན་པ་དང་། ཁེ་གྲི་ལ“ཁེ་དགྱི།”སྡུག་གྱོང་ལ“སྡུག་དགྱོང”ཞེས་དང་། གནམ་གང་ལ“གནམ་འགང”ཞེས་པའི་སྒྲ་ཐོན་པ་དང་། སྲན་གང་ལ“སྲན་འགང་།” བཟང་གང་ལ“བཟང་དགང”ངམ“བཟང་འགང”ཞེས་པའི་སྒྲ་ཐོན་པ་ལྟ་བུའོ། །ཉ་གང་དང་། བྲི་གང་ཞེས་པའི་དུས་སུ་ཉ་འགང་དང་བྲི་འགང་ཞེས་པའི་སྒྲ་འགྱུར་མི་འབྱུང་།
༧ མིང་གཞི་ད་ཡིག་ཅན་གྱི་ཡི་གེ་ཁག་ཅིག་ལ་སྐབས་འགར་སྔོན་འཇུག་ག་དང་འ་ཡོད་པའི་ཚུལ་དུ་གདངས་ཐོན་པ།
དཔེར་ན། ཆང་དུག་བརྒྱབ་ལ་ཆང་གདུག་བརྒྱབ་ཅེས་དང་། ཆུ་དུག་ལ“ཆུ་གདུག” དཔྱིད་དུག་ལ“དཔྱིད་གདུག” ཆུ་དར་སློང(གཉེན་སྲོལ་ཆོ་ག་ཞིག)ལ“ཆུ་གདར་སློང་།” དཔའ་དར་བླངས་ལ“དཔའ་གདར་བླངས།” རྟ་སྒའི་ཐོག་གི་ཤ་བཏགས་སྡོམ་བྱེད་ཀྱི་རྒྱུན་བུ་ཤ་ཐག་གི་ཚབ་ཏུ་ཤ་དག་བྲིས་པས“ཤ་གདག”ཅེས་པའི་སྒྲ་ཐོན་པ། ཡུལ་ལྷ་གཞི་བདག་ལ་སྙན་དར་ཕུལ་བའི་དོན་ལ“སྙན་གདར་བཏིང”ཟེར་བ། ཡི་དྭགས་ལ“ཡི་གདྭགས”ཞེས་དང་། རི་དྭགས་ལ“རི་གདྭགས།”གཉའ་ཤིང་ཐོག་གི་གཤོལ་མདའ་འཛིན་བྱེད་ཆུ་ཐག་གི་ཚབ་ཏུ་ཆུ་དག་བྲིས་པས“ཆུ་གདག”ཅེས་པའི་སྒྲ་ཐོན་པ། རྐང་སྣམ་ཁ་ཐིག་གི་དོད་དུ་ཁ་དིག་བྲིས་པས“ཁ་གདིག”གམ“ཁ་འདིག”གི་སྒྲ་ཐོན་པ། སྡུག་དག་རྒྱུ་རེད་ལ་སྡུག“འདག”རྒྱུ་རེད། ཨོང་དོང་ལ“ཨོང་འདོང་།”འགྲན་ཡ་དོ་མི་དོ་ལ་འགྲན་ཡ་འདོ་མི་འདོ་ཟེར་ཏེ། བོང་བུ་རྟ་ལ་དོ་རྒྱུ་མ་རེད་ཅེས་པར་བོང་བུ་རྟ་ལ“འདོ”རྒྱུ་མ་རེད་ཅེས་པའི་སྒྲ་ཐོན་པ་ལྟ་བུས་མཚོན་ནོ། །
གོང་འཁོད་དཔེ་བརྗོད་རྣམས་ནི་བོད་མེས་པོའི་གཉུག་མའི་སྐད་ལ་དང་པོ་ཉིད་ནས་རང་ཆས་སུ་ཡོད་པའི་ཁ་སྐད་དང་ཡིག་སྐད་གཉིས་བར་གྱི་སྒྲ་གདངས་འགྱུར་ཚུལ་ཇི་ལྟར་འབྱུང་བའི་ཆོས་ཉིད་སྐོར་གྱི་རིགས་དབྱེ་ཙམ་ཡིན་ལ། ཆོས་ཉིད་དམ་གནད་ཀ་དེ་ལེགས་པར་ཤེས་ཚེ་ཨ་མདོའི་ཡུལ་ཁམས་ཀྱི་དམངས་ཁྲོད་རིག་གནས་ཏེ། མང་བྱིངས་ཀྱི་ངག་ཐོག་ཏུ་ལུས་པའི་གླུ་དང་ལ་གཞས། གཏམ་དཔེ་དང་གཉེན་བཤད་སོགས་ཡི་གེར་འབེབས་པར་སྒྲ་དང་མཐུན་ལ་དོན་འབྱོར་ཡོང་བར་དཀའ་ཁག་མེད་ཅིང་། ཡབ་མེས་སྐད་ཀྱི་ཐུན་མིན་ཁྱད་ཆོས་ལ་ཉམས་ཞིབ་བྱེད་པར་ཡང་འཇུག་བདེ་སྙམ། གནད་ཀ་དེ་མ་ཤེས་ན་ཡུལ་སྐད་དང་ལུང་སྐད་ཟེར་ནས་ཕྱོགས་ལྷུང་གི་སྐད་ཆའང་སྨྲ་ཉེན་ཆེ་བས་སོ། །རིགས་དབྱེ་ལ་ངེས་པ་རྙེད་ཚེ་ད་གཟོད་སྒྲ་འགྱུར་འབྱུང་ལུགས་མི་གཅིག་པ་དེ་དག་ཚན་སྐོར་གང་གི་ཁོངས་སུ་གཏོགས་པ་ཤེས་ནུས་ཤིང་། དེའི་སྒོ་ནས་དཔྱད་པ་དང་གོ་བ་བླངས་ན་རིགས་ལམ་གཅིག་གིས་མགོ་མཚུངས་ཀྱི་རིག་པ་གཞན་དག་ལ་རྒྱས་འགེབས་བྱེད་པ་དང་ཉ་ཉུང་མཉམ་བསྲེས་ཀྱི་སྣང་ཚུལ་ཡང་འབྱུང་མི་སྲིད་སྙམ། ལྷག་པར་དུ། རང་གི་རིག་པས་གཞལ་མི་ཐུབ་པའི་གནས་ཤིག་ཡིན་ཕྱིན་གཞན་གྱིས་ཀྱང་འཇལ་མི་ཐུབ་སྙམ་པའི་རིག་པ་ལྟར་སྣང་དེ་བས་ཀྱང་སྐྱེ་དོགས་མེད། དེས་ན། ཨ་མདོའི་ཡུལ་སྐད་ཁྲོད། དགེ་འདུན་ལ་དགེན་འདུན་ཞེས་དང་། གནམ་གང་ལ་གནམ་འགང་། ཆུ་དུག་ལ་ཆུ་གདུག དཔྱིད་དུག་ལ་དཔྱིད་གདུག་གི་སྒྲ་སོགས་ཐོན་པ་རྣམས་ནི་བོད་མེས་པོའི་སྐད་ཀྱི་གཤིས་ལུགས་དང་མཐུན་པའི་ངག་ཐོག་གི་སྒྲ་འགྱུར་ཆོས་ཉིད་དམ་གནད་ཀ་ཞིག་རེད་ཟེར་རྒྱུ་ལས། དེ་རྣམས་ཀྱི་སྒྲ་ཇི་ལྟར་ཐོན་པའི་རྒྱུ་མཚན་ཤོད་ཟེར་ན། བདག་ཅག་གི་སློབ་དཔོན་ཐོན་མི་མཆོག་ལ་བཀའ་འདྲི་ཞུ་ན་མ་གཏོགས་ཕལ་ཆེར་ལན་འདེབས་ཐུབ་པ་ཡོད་རེ་སྐན་སྙམ།
ཁོ་བོར་མཚོན་ན། ཨ་མདོའི་ཡུལ་སྐད་དང་ཡིག་སྐད་གཉིས་བར་ལ་ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད། ཐོག་མའི་དུས་སུ་དེ་འདྲའི་གསང་གནད་རེ་རེ་བཀྲོལ་ཐུབ་པ་བྱུང་ཚེ། དགའ་བ་ཚད་མེད་སྐྱེ་ཞིང་རང་གིས་རང་ལ་མཐེ་བོང་བསྟན་ནས་རང་སེམས་རང་གིས་གསོས་པའང་མང་དུ་མཆིས་མོད། ཕྱིས་སུ་བསམ་སྦྱོར་དེ་འདྲ་རྩ་བ་ཉིད་ནས་མེད་པར་གྱུར། ང་ཚོ་བོད་ཡིག་ཤེས་མཁན་ཚོས་གསང་གནད་དེ་རིགས་བཀྲོལ་ཐུབ་པ་ཙམ་བྱུང་ན་ཡ་མཚན་སྐྱེ་རྒྱུ་ཆེར་མེད། རྒྱུ་མཚན་ནི། ང་ཚོ་ཤེས་ཡོན་པའི་སྡེ་ལ་ཞིབ་འཇུག་བྱེད་པའི་རིག་པའམ་ལག་ཆ་ཡོད་པས་ཡིན་མོད། འོན་ཀྱང་བོད་སྐད་མ་གཏོགས་བོད་ཡིག་ཀ་ངོ་ཙམ་མི་ཆོད་པའི་བོད་པ་ཚོས་མི་རབས་ནས་མི་རབས་བར་སྙན་ནས་སྙན་བརྒྱུད་ཀྱི་ཚུལ་དུ་འཆད་པའི་སྐད་ཆའི་སྒྲ་གདངས་འགྱུར་ལུགས་དེ། བོད་རང་གི་བརྡ་སྤྲོད་རིག་པའི་འགྲོས་དང་མཐུན་ཞིང་ཞིབ་འཇུག་བྱས་ན་དེ་ལྟར་དུ་དཔྱད་འབྲས་འཇོག་རྒྱུའང་རྙེད་པའི་གནས་ཏག་ཏག་ཡིན་པ་དེ་ནི། ད་གཟོད་ཡ་མཚན་ནང་གི་ཡ་མཚན་སྐྱེ་དགོས་ས་ཞིག་རེད་བསམ་པ་བྱུང་།
ཁོ་བོས་ཨ་མདོའི་ཡུལ་སྐད་དང་ཡིག་སྐད་གཉིས་བར་གྱི་ཁྱད་པར་དང་དེ་གཉིས་བར་དུ་འབྲེལ་བ་དམ་པོ་ཇི་ལྟར་ཡོད་ཚུལ་སྐོར་ལ་ཉམས་ཞིབ་བྱ་དོན་ནི། དོན་ཐོབ་ཀྱི་ཡི་གེ་དང་སྒྲ་ཐོབ་ཀྱི་ཡི་གེ་གཉིས་བར་གྱི་གསང་གནད་ཤེས་རྒྱུའི་ཆེད་ཡིན་པ་ལས། དེ་ལྟར་དུ་འབྲི་རུང་ལ་བྲི་དགོས་སྨྲས་པ་ནི་མ་ཡིན་ནོ། །

ཤེས་རབ་རལ་གྲིས་བཅད་ན་རྨ་མི་འབྱུང་། །
རིགས་ལམ་ཕྲ་མོས་དཔྱད་ན་དོན་མི་འཕྱུག །
རིགས་ལམ་ཕྲ་མོས་དཔྱད་ན་དོན་མི་འཕྱུག །
འབྲེལ་ཡོད་འོས་སྦྱོར།