logo

ལོ་རྒྱུས་སྙན་རྩོམ་ཆེན་མོ་གསུམ་གྱི་རྒྱུན་འཛིན་དང་གོང་འཕེལ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-10-18 ཀློག་གྲངས།:
       ཉིན་ཤས་གོང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པའི་ཀྲུང་གོའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཆེན་མོ་གསུམ་གྱི་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་ཞེས་པའི་རྒྱལ་སྤྱིའི་གླེང་སྟེགས་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གོ་དང་། ཧང་ག་རི། ཨུ་རུ་སུ། མོང་གོལ། ཅིར་ཅི་སི་ཐན། ལྷོ་ཁོ་རེ་ཡ་བཅས་རྒྱལ་ཁབ་ནས་ཕེབས་པའི་རིགས་གཅིག་མཁས་པ་དང་ཤེས་ལྡན་པ་ལྔ་བཅུ་གླེང་སྟེགས་ལ་ཞུགས་ཏེ། ཀྲུང་གོའི་ལོ་རྒྱུས་སྙན་རྩོམ་ཆེན་མོ་གསུམ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཐད་སྤེལ་རེས་དང་མཉམ་སྤྱོད་གནང་ཡོད།
བོད་ཀྱི«གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང»
       ཀྲུང་གོའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཆེན་མོ་གསུམ་ནི་བོད་རིགས་ཀྱི«གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང»དང་། ཁོར་ཁེ་ཙེ་རིགས་ཀྱི«མ་ན་སི» སོག་པོའི«ཅང་གེར»བཅས་ཡིན་པ་དང་། དཔའ་བོའི་ལོ་རྒྱུས་སྙན་རྩོམ་དེ་གསུམ་པོའང་ཡོ་རོབ་དང་ཨ་ཤེ་ཡའི་སྐམ་ས་ཆེན་པོའི་རྒྱལ་ཁབ་མང་པོས་མཉམ་དུ་སྤྱོད་པའི་ལོ་རྒྱུས་སྙན་རྩོམ་ཞིག་ཀྱང་རེད།
སོག་པོའི«ཅང་གེར»
ཁོར་ཁེ་ཙེ་རིགས་ཀྱི«མ་ན་སི»
       ད་ཐེངས་ཞིབ་བསྡུར་ཚོགས་འདུའི་ཐོག«གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང»དང་། «མ་ན་སི» «ཅང་གེར»བཅས་ཡན་ལག་གླེང་སྟེགས་གསུམ་གཉེར་བ་དང་། གྲོས་གཞིའི་ནང་དོན་ཡང་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གསུམ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག ལོ་རྒྱུས་སྙན་རྩོམ་གྱི་རིག་ཚན་བརྒལ་བ་དང་སྨྱན་སྦྱོར་མང་བའི་ཞིབ་འཇུག ངག་རྒྱུད་སྙན་རྩོམ་ཞིབ་འཇུག ལོ་རྒྱུས་སྙན་རྩོམ་དང་དངོས་མིན་རིག་གནས་ཤུལ་བཞག ལོ་རྒྱུས་སྙན་རྩོམ་དང་ལོ་རྒྱུས་ཡིག་ཚང་དང་ཡིག་ཚགས། མ་དཔེ་བཅས་ཀྱི་ཞིབ་འཇུག དེ་བཞིན་གྲངས་གཞིའི་མཛོད་འཛུགས་སྐྱོང་སོགས་ཚུད་ཡོད་ཅིང་། གང་དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཞིབ་འཇུག་གི་ལོ་བཅུའི་གྲུབ་འབྲས་དང་ཀྲུང་གོའི་གཏམ་རྒྱུད་ངོ་སྤྲོད་བྱས་པ་བརྒྱུད་དེ་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཆེན་མོ་གསུམ་གྱི་རིགས་གཞུང་རྒྱུན་འཛིན་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ཐོག་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཆེན་མོ་གསུམ་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཆེན་མོ་གསུམ་གྱི་མ་དཔེ་དང་། བརྒྱུད་བསྒྲགས། སྲུང་སྐྱོབ། རྒྱུན་འཛིན། གསར་གཏོད་བཅས་ལ་ཆ་ལག་ཚང་བའི་ཞིབ་བསྡུར་བྱེད་པ་བཅས་བྱས་ནས་དེང་རབས་ཀྲུང་ཧྭའི་རིག་གནས་འཛུགས་སྐྱོང་དང་འཛམ་གླིང་རིག་གནས་སྤེལ་རེས་བྱེད་པའི་ཁྲོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གི་རིན་ཐང་དང་དོན་སྙིང་མངོན་པར་བྱ་ཆེད་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།