ཚིག་གྲོགས་རེ་དང་རེད་ཞེས་པའི་གོ་དོན། རྡོ་དགོན་གསང་བདག་རྡོ་རྗེ་ལགས།
རྩོམ་པ་པོ།:རྡོ་དགོན་གསང་བདག་རྡོ་རྗེ།
ཡོང་ཁུངས།:ཉིང་ཁྲིའི་བོད་སྐད་ཡིག་ལས་དོན་ཨུ་ལྷན།
དུས་ཚོད།:2023-11-07
ཀློག་གྲངས།:
༄༅། །མ་དག་རྒྱུན་འབྱམས་སུ་འགྲོ་ཉེན་ཆེ་བའི་མིང་དང་ཚིག་གྲོགས་འགའ་ཞིག་གི་སྐོར་བཤད་པ།
༡.༼རེད།༽དང༌།༼རེ།༽ནི་དོན་ཤིན་ཏུ་ཐ་དད་པ་གཉིས་ཡིན།
༼རེད།༽ཅེས་པ་འདི་ནི་རང་རེ་བོད་སྐད་ཀྱི་ནང་གི་ཚིག་གྲོགས་ཤིག་སྟེ། ཡིན། རེད། ཡོད། འདུག བྱུང༌། སོང༌། བཞག་བཅས་དེ་དག་ནི་དོན་གང་ཡང་རུང་བ་ཞིག་མཐོང་ཐོས་ཀྱིས་གཏན་ལ་ཕབ་པའི་ཚིག་གྲོགས་སུ་གྱུར་པ་སྟེ། དཔེར་ན། རྡོ་རྗེ་ཡིན། ཁོང་རྡོ་རྗེ་རེད། ང་ལ་སྨྱུ་གུ་ཡོད། ཁོང་ལ་སྨྱུ་གུ་འདུག ང་དཀའ་ལས་ཁག་བྱུང༌། ཁོང་སླེབས་སོང༌། ཁོང་སླེབས་བཞག ལྟ་བུར་འདི་རི་རེད། འདི་ཆུ་རེད། འདི་ཡག་པོ་རེད། འདི་ངན་པ་རེད། འདི་ནག་པོ་རེད་ལྟ་བུ་ཡིན་པས་དེ་ལ་ད་དུང་ཡིན། རེད་ཡོད་འདུག་ལྟ་བུ་ཁ་སྣོན་ཞིག་དགོས་པ་རྩ་བ་ནས་མེད་ཀྱང་དེང་སང་རེད་བཞག རེད་འདུག་ལྟ་བུ་རེད་དང་བཞག རེད་དང་འདུག་ལྟ་བུ་སྦྱར་བ་ནི་དོན་སྟོན་རྒྱུ་མེད་པའི་ཚིག་ལྷག་པོ་སྐྱོན་ཅན་ཞིག་ཏུ་གྱུར་པ་རེད། འོ་ན་དོན་སྟོན་རྒྱུ་གང་ཡང་མེད་པའི༼རེད།༽གསར་པ་དེ་ག་འདྲ་བྱས་ནས་བྱུང་བ་རེད་བསམ་ན་དེ་དག་ནི་ཐོག་མར་ཁམས་སྐད་ཀྱི༼རེ།༽ཞེས་པའི་ཚིག་གྲོགས་ཟུར་ཆགས་པ་ལས་བྱུང་བ་སྟེ། དབུས་སྐད་དང་ཡིག་སྐད་ཀྱི་ནང་གི་གྱུར་སོང་དང༌། ཆགས་སོང༌། བྱུང་སོང༌། ཡིན་འདུག་དང་མ་ཡིན་འདུག་སོགས་ཀྱི་དོན་ལ་ཁམས་སྐད་ཀྱི་ནང་དུ༼རེ།༽ཞེས་པ་འདི་སྤྱོད་ཀྱི་ཡོད་པ་དཔེར་ན༼ཆར་པ་བབས་ནས་ཕྱུ་པ་རློན་པར་གྱུར་སོང་།༽ཟེར་རྒྱུ་ལ་ཁམས་སྐད་ཀྱི་ནང་དུ༼ཆར་པ་བབས་ནས་ཕྱུ་པ་རློན་པ་རེ་སོང་།༽ཞེས་བརྗོད་པ་ལྟ་བུ་རེད། དེས་ན༼རེད།༽དང༌། ༼རེ།༽ནི་དོན་ཤིན་ཏུ་ཐ་དད་པ་གཉིས་ཡིན་ཀྱང་དེང་དུས༼རེ།༽ཡི་དོད་དུ༼རེད།༽ཅེས་ཤོད་པའམ་བྲིས་པ་མང་པོ་ཞིག་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པ་ནི་དཔེར་ན། ༼ཁོང་མི་བཟང་པོ་ཞིག་རེ་འདུག༽ཅེས་བརྗོད་རྒྱུ་ལ༼ཁོང་མི་བཟང་པོ་ཞིག་རེད་འདུག༽ལྟ་བུ་དང༌། ༼དེ་འདྲ་བྱེད་པ་ནི་ངོ་ཚ་དགོས་པ་ཞིག་རེ་མི་འདུག་གམ༽ཞེས་བརྗོད་རྒྱུ་ལ༼དེ་འདྲ་བྱེད་པ་ནི་ངོ་ཚ་དགོས་པ་ཞིག་རེད་མི་འདུག་གམ༽ལྟ་བུ་སྤྱོད་པ་རྟག་ཏུ་མཐོང་རྒྱུ་ཡོད་པ་ནི༼རེ།༽དང༼རེད།༽ཀྱི་དོན་གཅིག་མཚུངས་དུ་འཁྲུལ་བའི་སྐྱོན་ཡིན།
༢.རེ་ཞེས་པའི་དོན་གང་ཡིན་ཞེ་ན།
དོན་དུ་འདི་ནི་རེད་ཀྱི་དོན་མ་ཡིན་པར་དབུས་སྐད་དང་ཡིག་སྐད་ཀྱི་དབང་གིས་གྱུར་སོང་དང༌། ཆགས་སོང༌། བྱུང་སོང༌། ཡིན་འདུག་དང་མ་ཡིན་འདུག་སོགས་ཀྱི་དོན་སྟོན་པ་སྟེ། དེ་སྔའི་ལྷ་སའི་སྐད་ཀྱི་ནང༼ད་ཡག་པོ་རེ་སོང་།༽ཞེས་མི་བརྗོད་པར༌། ༼ད་ཡག་པོ་བྱུང་སོང་།༽ཞེས་བརྗོད་པ་དང༌། ༼ཁོང་ནི་མི་བཟང་པོ་ཞིག་རེ་འདུག༽ཅེས་མི་བརྗོད་པར། ༼ཁོང་ནི་མི་བཟང་པོ་ཞིག་ཡིན་འདུག༽ཅེས་བརྗོད་ཀྱི་ཡོད་པ་དང༌། ཁོང་ངོ་ཚ་ནས་ངོ་ཡང་དམར་པོ་རེ་སོང་ཞེས་མི་བརྗོད་པར། ༼ཁོང་ངོ་ཚ་ནས་གདོང་ཡང་དམར་པོ་ཆགས་སོང་།༽ཞེས་བརྗོད་ཀྱི་ཡོད་པ་དང༌། ༼ཆར་པ་བབས་ནས་ཕྱུ་པ་རློན་པ་རེ་སོང།༽ཞེས་མི་བརྗོད་པར། ༼ཆར་པ་བབས་ནས་ཕྱུ་པ་རློན་པར་གྱུར་སོང་།༽ཞེས་པའམ་རློན་པ་ཆགས་སོང་ལྟ་བུ་བརྗོད་པ་དང༌། ༼ཁོང་མི་ཡག་པོ་ཞིག་རེད་བསམ་བྱུང་ཡང་ད་བྱེད་དུས་ཡག་པོ་རེ་མི་འདུག༽ཅེས་མི་བརྗོད་པར། ༼ཁོང་མི་ཡག་པོ་ཞིག་རེད་བསམ་བྱུང་ཡང་ད་བྱེད་དུས་ཡག་པོ་མ་ཡིན་འདུག༽ལྟ་བུ་དང༌། ༼ཕྲུ་གུ་འདི་དེ་སྔ་སྤྱོད་པ་ངན་པོ་ཞིག་ཡོད་ཀྱང་ད་ཆ་སྤྱོད་པ་ཡག་པོ་ཞིག་རེ་འདུག༽ཅེས་མི་བརྗོད་པར། ༼ཕྲུ་གུ་འདི་དེ་སྔ་སྤྱོད་པ་ངན་པོ་ཞིག་ཡོད་ཀྱང་ད་ཆ་སྤྱོད་པ་ཡག་པོ་ཞིག་ཏུ་གྱུར་འདུག༽ཞེས་ལྟ་བུ་བརྗོད་པ་དང༌། ༼ཁོང་མི་ཡག་པོ་ཞིག་རེད་བསམ་བྱུང་ཡང་ད་བྱེད་དུས་ཡག་པོ་རེ་མི་འདུག༽ཅེས་མི་བརྗོད་པར༼ཁོང་མི་ཡག་པོ་ཞིག་རེད་བསམ་བྱུང་ཡང་ད་བྱེད་དུས་ཡག་པོ་མི་འདུག༽ཅེས་བརྗོད་པ་ལྟ་བུ། ༼ང་ཡི་ལྷམ་འདི་དཀར་པོ་ཡིན་བསམ་བྱུང་ཡང་ད་བྱེད་དུས་དམར་པོ་རེ་འདུག༽ལྟ་བུ་ལ། ༼ང་ཡི་ལྷམ་འདི་དཀར་པོ་ཡིན་བསམ་བྱུང་ཡང་ད་བྱེད་དུས་དམར་པོ་ཡིན་འདུག༽ཅེས་སོགས་བརྗོད་ཀྱིན་ཡོད་ཀྱང་བར་ལམ་ཞིག་ནས་ལྷ་སའི་སྐད་ཀྱི་ནང་དུ་རེ་འདུག རེ་བཞག་རེ་སོང་ལ་སོགས་པ་བརྗོད་དེ། ཡིན་འདུག བྱུང་སོང༌། གྱུར་འདུག་སོགས་པའི་ཚབ་ཏུ་བརྗོད་པ་དེ་དག་ལྷ་སའི་སྐད་དུ་གྱུར་པ་རེད།
༣.རེ་བཞག་དང་རེ་འདུག་ལྟ་བུའི་ཚིག་དེ་དག་ཇི་ལྟར་བྱུང་ཚུལ།
འོ་ན་དེ་དག་ག་འདྲ་བྱས་ནས་བྱུང་བ་རེད་བསམ་ན་དེ་དག་ནི་ཐོག་མར་ཁམས་སྐད་ནས་བྱུང་བ་སྟེ། དེ་སྔོན་ལྷ་སའི་ཁ་སྐད་ཀྱི་ནང་དུ་ཝོ་སྤང་གླིང་གི་སྐད་དང༌། བར་སྐོར་ནང་གི་སྐད། ཀླུ་སྒུག་གཞུང་པའི་སྐད། སྦྲ་ནག་ཞོལ་པའི་སྐད། ར་མོ་ཆེ་པ་བའི་སྐད་སོགས་དབྱེ་རྒྱུ་ཡོད་པ་ལས་སྦྲ་ནག་ཞོལ་གྱི་སྐད་ཀྱི་ནང་དུ༼རེ་འདུག༽དང༌། ༼རེ་མི་འདུག༽ལྟ་བུ་བརྗོད་མཁན་མང་པོ་ཡོད་པ་ལས་ཀླུ་སྒུག་གཞུང་པ་སོགས་ལྷ་སའི་ཡུལ་སྐད་གཞན་གྱི་ནང་དུ་རེ་འདུག་ལྟ་བུ་བརྗོད་མཁན་ཉུང་ཉུང་ཡིན། དེའི་རྒྱུ་མཚན་ནི་སྦྲ་ནག་ཞོལ་ཁུལ་དུ་ཁམས་པ་མང་ཤོས་ཡིན་པས་ཁམས་སྐད་ཀྱི་ཤན་ཞུགས་ཏེ་དེ་ལྟར་བརྗོད་མཁན་མང་པོ་བྱུང་བ་ལ་བརྟེན་ནས་ཕྱིས་སུ་ནི་ལྷ་ས་བ་ཚང་མས་དེ་ལྟར་བརྗོད་ནས་ལྷ་སའི་སྤྱི་སྐད་ལྟ་བུ་ཞིག་ཏུ་གྱུར་པ་སྟེ་དཔེར་ན། ༼ཕྲུ་གུ་འདི་དེ་སྔ་སྤྱོད་པ་ངན་པོ་ཞིག་ཡོད་ཀྱང་ད་ཆ་སྤྱོད་པ་ཡག་པོ་ཞིག་ཏུ་གྱུར་འདུག༽ལྟ་བུ་བརྗོད་རྒྱུ་ལ་སྦར་ཞོལ་གྱི་སྐད་དམ་ཁམས་སྐད་ཀྱི་ནང་དུ༼ཕྲུ་གུ་འདི་དེ་སྔ་སྤྱོད་པ་ངན་པོ་ཞིག་ཡོད་ཀྱང་ད་ཆ་སྤྱོད་པ་ཡག་པོ་ཞིག་རེ་འདུག༽ཅེས་པ་ལྟ་བུ་བརྗོད་ཀྱི་ཡོད་པ་རེད། དེ་ལྟར་བརྗོད་པ་ལས༼ཕྲུ་གུ་འདི་དེ་སྔ་སྤྱོད་པ་ངན་པོ་ཞིག་ཡོད་ཀྱང་ད་ཆ་སྤྱོད་པ་ཡག་པོ་ཞིག་རེད་འདུག༽ཅེས་བརྗོད་ཀྱིན་མེད་ཀྱང་དེང་སང་ནི་རེད་འདུག་ཅེས་བརྗོད་ཀྱིན་འདུག་པས་དེ་ནི་ནོར་བ་སྟེ་འདི་ནི་རེད་ཀྱི་དོན་རྩ་ནས་མིན་པས་སོ། །མི་འདི་ཡག་པོ་ཞིག་རེ་མི་འདུག་ཅེས་བརྗོད་རྒྱུ་ལ་མི་འདི་ཡག་པོ་རེད་མི་འདུག་ལྟ་བུ་དང༌། ༼ཁོང་མི་ཡག་པོ་ཞིག་རེད་བསམ་བྱུང་ཡང་ད་བྱེད་དུས་ཡག་པོ་རེ་མི་འདུག༽བརྗོད་རྒྱུ་ལ་མི་ཡག་པོ་རེད་མི་འདུག་ཅེས་དང༌། ༼ང་ཡི་ལྷམ་འདི་དཀར་པོ་ཡིན་བསམ་བྱུང་ཡང་ད་བྱེད་དུས་དམར་པོ་རེད་འདུག༽ནི་བརྗོད་མི་རུང་སྟེ་རེད་དང་མི་འདུག་ལྟ་བུ་ནི་ལྡོག་ཕྱོགས་ཀྱི་ཚིག་ལྟ་བུ་ཡིན་རེ་དང་རེད་ནི་དོན་ཐད་དད་པ་ཡིན་པས་རེ་ཡི་ཚབ་ཏུ་རེད་བརྗོད་པ་ནི་བརྗོད་པ་ཤིན་ཏུ་མི་བདེ་བའི་ཁར་གོ་དོན་ཡང་འཁྲུལ་གཞི་ཅན་ཞིག་ཏུ་གྱུར་པས་སོ། །
ཚིག་གྲོགས་རེ་དང་རེད་ཞེས་པའི་གོ་དོན།

འབྲེལ་ཡོད་འོས་སྦྱོར།