༄༅། །ཨོ་རྒྱན་སྨིན་གྲོལ་གླིང་གི་འདོན་རྟ་དབྱངས་ཀྱི་མིང་ཚིག་འཕེལ་འགྱུར་སྐོར་གྱི་ཐོག་མའི་བསམ་གཞིག
རྩོམ་པ་པོ།:ངག་དབང་བསམ་འཕེལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-04-26
ཀློག་གྲངས།:
ནང་དོན་གནད་བསྡུས། རྩོམ་ཡིག་འདིར་སྔ་འགྱུར་རྙིང་མའི་ཡིག་ཚགས་གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས་ནང་། མདོར་ན་དབྱངས་རྣམས་ཚིག་གྱེར་དང་རྔ་གྱེར་སྟོང་གྱེར་གསུམ་དུ་འདུའོ་ཞེས་པའི་མིང་ཚིག་ལས་འཕྲོས་པའི་འགྲེལ་པར་རྔ་གྱེར་ནི་དཀྱུས་ཞུག་ལྡེང་གསུམ་འཛོམ་ཞིང་མཚམས་ཕྱེད་པ། སྟོང་གྱེར་ནི་དལ་གློད་མེར་གསུམ་འཛོམ་ཞིང་རྒྱུན་འབྲེལ་བ། ཚིག་གྱེར་ནི་ཐམས་ཅད་གསལ་དག་སྙན་གསུམ་འཛོམ་ཞིང་བྱིན་ཆགས་པར་དགོས་པ་ཞེས་པར་དབྱེ་ཞིབ་བྱས་ཏེ་བརྡ་སྤྲོད་རིག་པའི་ཐབས་ལམ་སོགས་ལ་བརྟེན་ནས་ཚིག་གྱེར། རྔ་གྱེར། སྟོང་གྱེར། གསུམ་པོ་རེ་རེ་བཞིན་འདོན་རྟ་དབྱངས་གསུམ་གྱི་མིང་ཚིག་འཕེལ་འགྱུར་ལས་མཆེད་པའི་སྐོར་ལ་དབྱེ་ཞིབ་རགས་ཙམ་བྱས་པ་དང་། ལྷག་དོན་དུ་འདོན་རྟ་དབྱངས་གསུམ་པོས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཆོ་གའི་ཁྲོད་དུ་ཆེས་གལ་འགངས་ཆེ་བའི་ནུས་པ་ཐོན་ཡོད་པར་མ་ཟད་ལོ་རྒྱུས་ཀྱི་འཕེལ་རིམ་ནང་འདོན་རྟ་དབྱངས་གསུམ་ནི་ཆོས་ལུགས་ཆོ་གའི་ཁྲོད་དུ་མེད་དུ་མི་རུང་བའི་ཐབས་ལམ་གལ་པོ་ཆེ་ཞིག་ཏུ་འགྱུར་ཡོད་པའི་སྐོར་ལ་རང་བློས་རིག་འདེད་ཅི་ཐུབ་ཞུས་འདུག
བརྡ་ཆད་གཙོ་བོ། ཚིག་གྱེར། རྔ་གྱེར། སྟོང་གྱེར། འདོན། རྟ། དབྱངས།
དང་པོ། འདོན་རྟ་དབྱངས་སྤྱིར་བཤད་པ།
དེ་ཡང་ཐོག་མར་འདོན་རྟ་དབྱངས་གསུམ་ལས། འདོན་ནི་ངག་ནས་སྐྱོར་བ་ལྟ་བུ་ལས་དབྱངས་ཀྱི་འགྱུར་བ་མངོན་གསལ་མེད་པ་དང་། རྟ་ནི་འགྲོས་སྟབས་དང་སྒྲ་འགྱུར་རང་བཞིན་ཤུགས་ཆེ་བ། དབྱངས་ནི་སྒྲ་འགྱུར་རླབས་མི་ཆེ་ཡང་དབུགས་ཀྱི་རྔུབ་འཐེན་ཐད་དོ་སྣང་དང་ཡིད་གཟབ་ཆེས་ཆེར་བྱེད་དགོས་པ1 ཞེས་རང་རང་སོ་སོའི་ཁྱད་ཆོས་དང་མཐུན་པའི་གསལ་འགྲེལ་གནང་བ་ལྟར་ན། འདོན་རྟ་དབྱངས་གསུམ་སོ་སོ་ནང་བསྟན་འཕེལ་རིམ་ཁྲོད་དུའང་སྔར་འགྱུར་རྙིང་མའི་རྒྱུད་ཀྱི་དགོངས་དོན་བཞིན་རིག་འཛིན་བརྒྱུད་པའི་ཕྱག་བཞེས་མཐོང་ཆོས་ལགས། འོ་ན་ཐོག་མར་འདོན་རྟ་དབྱངས་གསུམ་སོ་སོ་ཇི་ལྟར་བྱུང་མིན་ཐད་རང་བློས་རིག་འདེད་རགས་བསྡུས་ཤིག་བྱས་ཚེ། དང་ཐོག་ཟླུམ་གཟུགས་གོ་ལའི་གཙུག་ཏུ་འགྲོ་བ་མིའི་རིགས་བྱུང་རྗེས་གོས་སུ་ཤིང་ལོ་བྱེད་པ་ལ་ཟས་སུ་མ་རྨོས་ལོ་ཏོག་སྤྱོད་ཀྱང་། བརྡ་སྤྲོད་མ་ལག་གི་གྲུབ་ཆ་སྐད་གདངས་བྱུང་བར་དུས་ཀྱི་བརྒྱུད་རིམ་ངེས་གཏན་ཞིག་ལ་བརྟེན་དགོས་རྐྱེན། ཕན་ཚུན་ལག་བརྡ་སོགས་ལ་བརྟེན་པའི་བརྒྱུད་རིམ་དང་རང་བྱུང་ཁོར་ཡུག་ལས་སྣང་བའི་སྒྲ་རྣམ་པ་ཅི་རིགས་པར་ལད་མོ་བྱས་པའི་ཉེར་ལེན་ལས་སྐད་ཀྱི་སྒྲའམ་ཚིག་བརྡ་རེ་ཟུང་ཐོག་མར་བྱུང་བ་ནི་གོང་དུ་བརྗོད་པའི་འདོན་ཞེས་པ་དེ་དང་མཚུངས་པར་སྙམ། དེ་ནས་གདོད་མའི་མིའི་རིགས་ཀྱི་བསམ་བློའི་གོ་ཤེས་ནུས་པ་སོགས་ཅུང་ཟད་གོང་མཐོར་སོང་བ་དང་ཆབས་ཅིག་ཕན་ཚུན་བརྡ་སྤྲོད་ཀྱི་ནུས་པ་ཐོན་པའི་སྒྲ་མང་དག་ཅིག་འཚོ་བའི་རྒྱུན་སྤྱོད་རང་བཞིན་དུ་གྱུར་བ་གང་ཞིག ལྷག་པར་དུ་སྲོག་ཆགས་གང་རུང་གི་སྐད་སྙན་ལ་ཞེན་ཆགས་པ་དང་བྲག་ཅ་སོགས་ལ་ལད་མོ་བྱས་པའི་སྐད་གདངས་མི་འདྲ་བ་ལས་བྱུང་བའི་གདངས་དེ་གོང་དུ་བརྗོད་པའི་དབྱངས་ཞེས་པ་དང་མཚུངས་པར་སྙམ། རིམ་བཞིན་མི་རྣམས་ཀྱིས་དུས་རིམ་ངེས་གཏན་ཞིག་གི་ནང་རི་དྭགས་རྔོན་རྒྱག་གིས་གཙོས་རང་བྱུང་གི་རྣམ་པ་མང་དག་ཅིག་ལ་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ནང་ཁོ་ཚོའི་འཚོ་བར་ཡར་ཐོན་གྱི་ཆ་རྐྱེན་སྐྲུན་ཐོག དགའ་སྣང་དང་སྤྲོ་སྣང་ལས་བཙས་པའི་བསམ་བློའི་འདུ་ཤེས་ལས་རྐང་འཁྲབ་ལག་འཁྲབ་ཀྱིས་རྡོག་སྒྲ་དང་རང་བྱུང་འཐབ་རྩོད་ཁྲོད་ཀྱི་གཡུལ་ལས་རྒྱལ་བའི་སྲོག་ཆགས་ཀྱི་པགས་པ་ལས་གྲུབ་པའི་རྔ་སོགས་བརྡུང་བའི་འགྲོས་སྟབས་རང་བཞིན་ཆེ་ཆེར་ལྡན་པའི་སྐད་དབྱངས་ཀྱི་རྣམ་པ་ཐོན་རྗེས་སྐད་དང་གདངས་དབྱངས་གཉིས་མཉམ་སྤྱོད་ལས་བྱུང་བ་བ་ལ་གོང་དུ་བརྗོད་པའི་རྟ་ཞེས་པ་དེ་དང་མཚུངས་པར་སྙམ་པ་བཅས་ནི་འདོན་རྟ་དབྱངས་གསུམ་གྱི་ཐོག་མའི་འབྱུང་བར་ངོས་འཛིན་ཞུ་བཞིན་ཡོད་མོད། འོན་ཀྱང་སྐབས་དེར་འདོན་རྟ་དབྱངས་ཞེས་པའི་ཐ་སྙད་ནི་ཟླ་དུས་མ་རན་པའི་མ་མའི་ཁོག་ནང་གི་མངལ་ཞིག་དང་འདྲ་བར་ལུས་པ་ལས་མི་རྣམས་ཀྱི་འཚོ་བའི་འཕེལ་རིམ་ཁྲོད་དང་ནང་བསྟན་བོད་དུ་མ་དར་གོང་དུ་ཉན་ཞིང་སྤྲོ་བའི་ཐ་སྙད་དམ་དམིགས་བསལ་གྱི་འབོད་མིང་གཞན་མཐོང་ཆོས་སུ་མ་གྱུར།
དེ་ནས་རིམ་བཞིན་སྤྱི་ལོའི་དུས་རབས་བདུན་པའི་ནང་བོད་འདིར་ནང་པའི་བསྟན་པ་དར་བ་ནས་བཟུང་གོང་གི་མངལ་ཆགས་སུ་འགྱུར་པའི་མངོན་མིན་གྱི་རིག་གནས་འདིར་འདོན་རྟ་དབྱངས་སུ་གྲགས་པའི་འབོད་མིང་ཤིན་ཏུ་ནས་སྙན་འཐད་པ་ཞིག་བྱུང་ལ། དེ་དག་སོ་སོར་ཡང་རང་རང་གི་ཁྱད་ཆོས་ལྡན་པའི་འགྲེལ་པ་དང་དབྱེ་སྟངས་མང་དག་ཅིག་བྱུང་ཡོད་པ་སྨོས་མེད་རེད། དེའང་དུས་རབས་ཀྱི་འཕེལ་འགྱུར་ཁྲོད་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་མི་འདྲ་བ་དང་། སྤྱོད་ཡུལ་གྱི་དགོས་མཁོ་མི་གཅིག་པའི་སྟབས་ཀྱིས་འདོན་རྟ་དབྱངས་གསུམ་སོ་སོར་གཅིག་ནས་མྱུར་ཚད་ཀྱི་ཐད་ནས་དལ་བ་དང་མྱུར་བར་དབྱེ་བ་ཕྱེ་བ་དང་། གཉིས་ནས་གྱེར་སྟངས་ཀྱི་རྣམ་པའི་ཐད་ནས་འགྱུར་དང་ཁུག་ཏུ་དབྱེ་བ། གསུམ་ནས་མཉན་བྱའི་རང་བཞིན་གྱི་ཐད་ནས་འཇམ་དང་ངར་གཉིས་སུ་དབྱེ་བ་སོགས་དབྱེ་སྟངས་རྣམ་པ་མི་འདྲ་བ་དུ་མ་བྱུང་བ་ནི་དབྱངས་ལ་ཕལ་ཆེར་དལ་གྱིས་གཞི་བཅའ། ངར་གྱིས་ཁོག་ཕུབ། འགྱུར་གྱིས་རྒྱན་བཏགས། ཁུག་པས་མཉེན་བཙལ། རྒྱུད་རིང་བས་འཇམ་ལ་ཕབ།[1]ཅེས་གསུངས་པ་ལས་ཤེས། དེ་མིན་རྗེ་ཨ་མྱེས་ཞབས་ཀྱིས་ཀྱང་དབྱངས་ལ་ཐུན་མོང་དུ་བརྗིད་ཆགས་པ་དང་། སྙན་པ་དང་གྱོང་བ་དང་། དིག་པ་དང་། མགྲིབ་བསྒྲིགས་པ་རྣམས་ཚང་དགོས།[2]ཞེས་པ་ལས་ཤེས་ནུས་སོ། །
དེ་མིན་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་བརྒྱུད་ནང་བསྟན་རིག་གནས་དར་འཕེལ་གཉིས་ལ་ཕྱོགས་གང་ནས་བལྟས་ཀྱང་མཐོ་རླབས་སུ་སླེབས་ཡོད་པས། འདོན་རྟ་དབྱངས་གསུམ་པོའི་གྱེར་སྟངས་ཐབས་ནུས་ཀྱིས་ནང་པའི་རིག་གནས་སྤྱི་དང་བྱེ་བྲག་མང་དག་ཅིག་ལ་ཡང་ནུས་པ་མི་ཆུང་བར་ཐོན་ཡོད་པ་གོར་མ་ཆགས། དུས་ཕྱིས་རྩ་བ་གཅིག་ལས་གྱེས་པའི་ཡལ་འདབ་སྟེ། ཆོས་བརྒྱུད་གཅིག་ལས་མཆེད་པའི་གྲུབ་མཐའ་སོ་སོས་ཐབས་ལམ་དེ་རིགས་སྤྱོད་སྒོ་ཆེ་བར་གྱུར་དུས་རང་རང་གི་ལྟ་བ་དང་མཐུན་པའི་འབོད་མིང་རེ་བཏགས་ཡོད་པ་དེའང་ལོ་རྒྱུས་ཀྱི་ཡིག་ཚང་ལས་ཤེས་ནུས། ལྷག་པར་དུ་སངས་རྒྱས་ཆོས་ལུགས་ཀྱི་གྱེར་དབྱངས་ཐབས་ལམ་དེ་ལྟ་བུ་ནི་མི་རིགས་གཞན་གྱི་རིག་གནས་ཁྲོད་དུ་མགྲིན་པ་གཟེངས་སུ་བཏེགས་ཏེ་བསྡུར་དུ་ནུས་པའི་ཁྱད་ལྡན་གཞུང་ལུགས་ཤིག་ཏུ་གྱུར་ཡོད་པ་ནི་འཛམ་གླིང་ཡང་རྩེར་གནས་པའི་སྐྱེ་འགྲོ་མཆིས་སོ་ཅོག་གིས་མཁས་བླངས་འོས་པའི་སྒྱུ་རྩལ་རིག་གནས་ཤིག་ལགས་པས། གང་དེའི་མིང་ཚིག་གི་འཕེལ་འགྱུར་ལ་དམིགས་བསལ་གྱི་ཁྱད་ཆོས་དུ་མ་ཡོད་པའང་རིག་པས་འདེད་ནུས་སོ། །
གཉིས་པ། སྨིན་གླིང་དགོན་གྱི་འདོན་རྟ་དབྱངས་བྱེ་བྲག་ཏུ་བཤད་པ།
གོང་དུ་ཞུས་པའི་འདོན་རྟ་དབྱངས་གསུམ་པོ་སོ་སོར་མིང་གི་ཆ་ནས་འབོད་ཚིག་མི་གཅིག་པའམ་མིང་གི་རྣམ་གྲངས་མང་བ་དང་ཐ་སྙད་ཀྱང་ཕུན་སུམ་ཚོགས་པོ་ཡོད་ཅེས་པ་ལྟར། གསང་ཆེན་སྔ་འགྱུར་བསྟན་པ་འཛིན་པའི་ལུགས་ལའང་རང་རང་སོ་སོའི་ཁྱད་ཆོས་དང་མཐུན་པའི་མིང་ཚིག་མི་འདྲ་བ་རེ་ཡོད་དེ། གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས་སུ་མདོར་ན་དབྱངས་ཐམས་ཅད་ཚིག་གྱེར་དང་རྔ་གྱེར། སྟོང་གྱེར་གསུམ་དུ་བསྡུའོ། །[3]ཞེས་གསལ་བ་དེར་ལོ་རྒྱུས་ཀྱི་ཡིག་ཆ་དང་བག་འཛིན་པ་རང་ངོས་ཀྱི་རིག་འདེད་གཉིས་ཟུང་དུ་སྦྲེལ་ཏེ་དབྱེ་ཞིབ་རགས་ཙམ་བྱས་པའི་ཕྱོགས་བསྡོམས་ཤིག་ཞུ་འདོད་པ་ལ།
གཅིག ཚིག་གྱེར་དང་འདོན།
ཚིག་གྱེར་ཞེས་པ་ཚིག་གཙོ་བོར་བཟུང་ནས་གྱེར་དགོས་པ་ཡིག་ཐོག་ནས་གསལ་པོར་ཤེས་ཐུབ་ལ། དེ་དང་འདྲ་བར་འདོན་ནི་ངག་ནས་སྐྱོར་འདོན་གཙོ་བོ་བཞག་པར་ཟེར་བ་གཉིས་ཐ་སྙད་ཀྱི་ཐད་ནས་འདྲ་བའི་ཆ་དང་། ཚིག་གྱེར་གྱི་ཁྱད་ཆོས་ལ་གཙོ་བོ་གསལ་དག་སྙན་གསུམ་འཛོམ་དགོས་གསུངས་པ་དང་འདོན་གྱི་ཁྱད་ཆོས་གཙོ་བོ་ཚིག་ཁོ་ན་ལས་དབྱངས་ཀྱི་འགྱུར་ཁུག་གཙོ་བོར་མི་འཛིན་གསུངས་པ་གཉིས་ནི་ཁྱད་ཆོས་ཀྱི་ཐད་ནས་འདྲ་བའི་ཆ་ཡོད་པར་མཐོང་།
གཞན་ཡང་ཚིག་གྱེར་ལ་གསལ་དག་སྙན་གསུམ་འཛོམ་ཞིང་བྱིན་ཆགས་པ་ཞེས་པ་ཚིག་གི་འདོན་པ་གྱེར་འདོན་བྱེད་སྐབས་གསལ་ཞེས་གཅིག་ནས་ཚིག་རྣམས་གསལ་བར་གྱེར་དགོས་པ། དག་ཅེས་གཉིས་ནས་ཚིག་རྣམས་ནོར་བ་དང་འཁྲུལ་བ་མེད་པ་དང་ལྷད་མེད་པ། ཡང་ན་དྲི་མ་མེད་པ་སོགས་ཀྱི་ཐད་ནས་གྱེར་དགོས་པ། སྙན་ཞེས་གསུམ་ནས་ཚིག་རྣམས་སྙན་ཆ་ལྡན་པའི་ངང་ནས་གྱེར་དགོས་པ་བཅས་ནི་འདོན་རྟ་དབྱངས་གསུམ་ལས་འདོན་གྱི་ཁྱད་ཆོས་དང་ཡོངས་སུ་མཐུན་པར་སྙམ་མོ། །
གཉིས། རྔ་གྱེར་དང་རྟ།
རྔ་གྱེར་ཞེས་པ་ཡིག་ཐོག་ནས་འགྲོས་སྟབས་རོལ་མོ་རྔ་ཡོད་པར་ཤུགས་ཀྱིས་བསྟན་ནུས་ཀྱང་འདིར་རོལ་དབྱངས་ཀྱི་འགྲོས་སྟབས་རང་བཞིན་མངོན་གསལ་དོད་པར་གོ་ཕྱིར་དང་དབྱངས་ཀྱི་འགྱུར་རླབས་རང་བཞིན་མངོན་གསལ་དོད་པར་གོ་ཕྱིར་རྔ་ཞེས་པའི་མིང་ཚིག་དེ་སྦྱར་བ་མིན་ནམ་སྙམ། ཡང་རྟ་ནི་འགྲོས་སྟབས་དང་སྒྲ་འགྱུར་རང་བཞིན་ཤུགས་ཆེ་བ་ཡོད་པ་ཞེས་པ་ལས་མིང་གི་ཐོག་ནས་འགྲོས་སྟབས་རང་བཞིན་མངོན་པ་གང་ཞིག་ནང་དོན་དུ་འགྲོས་སྟབས་རང་བཞིན་ཤུགས་ཆེ་བ་ཡོད་པར་གསུངས་པ་གཉིས་ཐ་སྙད་ཀྱི་ཐད་ནས་འདྲ་བའི་ཆ་ཡོད་པ་དང་། རྔ་གྱེར་གྱི་ཁྱད་ཆོས་གཙོ་བོ་ནི་དཀྱུས་ཞུག་ལྡེང་གསུམ་འཛོམ་དགོས་ཞེས་དཀྱུས་ནི་མ་ལག་གཙོ་བོ་དང་གཞུང་ལ་འཇུག་པས། འདིར་དབྱངས་རིག་པའི་གཞུང་གི་ཁྱད་ཆོས་ཡོད་པར་གོ་བ་དང་། ཞུག་ནི་སྤྱིར་ན་རྒྱུའི་རྒྱན་གྱི་ནང་གསེས་ཤིག་སྟེ། སྔར་ཡོད་པ་ཞིག་ནས་མེད་པའི་དངོས་མེད་ཀྱི་རྒྱུ་དེ་འབྲས་བུའི་དངོས་པོ་གཞན་ཞིག་བསྐྱེད་པ་སྟོན་པའི་རྒྱུའི་རྒྱན་ལ་གོ་བར་དམིགས་ན། སྐབས་དེའི་དབྱངས་ཀྱི་འགྱུར་ཁུག་ཅེས་པ་དབྱངས་གྱེར་མཁན་གྱི་སྐྱེས་པའི་བྱེད་ལས་སམ་རྩོལ་བར་བརྟེན་ནས་བྱུང་བ་ཞིག་ཡིན་པས། འདིར་དབྱངས་ལ་འགྱུར་ཁུག་རང་བཞིན་ཅུང་ལྡན་པར་གོ་བ། ལྡེང་ནི་ལོན་པའམ་ལོང་བའི་དོན་ཡིན་ཏེ། དཔེར་ན། རས་འདིས་གོས་ལྡེང་བ་ཡོད་ཅེས་པར་དམིགས་ན་རིང་ཐུང་སོགས་ཀྱི་ཚད་གཞིའི་བཏང་སྙོམས་ཀྱི་སྡེབས་ཆར་འཇུག་པས། འདིར་དབྱངས་ཀྱི་འགྱུར་ཁུག་ཚད་དང་ལོན་པའམ་ཡང་ན་ཚད་དང་རན་པར་གོ་བ་བཅས་དང་། རྟ་ཡི་ཁྱད་ཆོས་གཙོ་བོ་ནི་འགྲོས་སྟབས་རང་བཞིན་ཆེ་ཆེར་ལྡན་པའི་ཁར་དབྱངས་ཀྱི་འགྱུར་ཁུག་ཀྱང་ཅུང་ཟད་ཡོད་དགོས་པས་དེ་གཉིས་ཁྱད་ཆོས་ཀྱི་ཆ་ནས་ཐུན་མོང་གི་གོ་དོན་ཡོད་པར་སྙམ།
གཞན་ཡང་རྔ་གྱེར་ལ་དཀྱུས་ཞུག་ལྡེང་གསུམ་འཛོམ་ཞིང་མཚམས་ཕྱེད་པ་ཞེས་པ་དེ་ནི་དབྱངས་རྣམས་རྔ་བརྡུང་པ་ལྟ་བུའི་འགྲོས་སྟབས་དང་བསྟུན་ནས་གྱེར་སྐབས། དཀྱུས་ཞེས་གཅིག་ནས་གཅོད་མཚམས་གསལ་བ་དང་། ཞུག་ཅེས་གཉིས་ནས་སྒྲ་དབྱངས་ཀྱི་འཕྱོ་རླབས་རང་བཞིན་ལྡན་པ། ལྡེང་ཞེས་གསུམ་ནས་འགྲོས་སྟབས་རང་བཞིན་ཚད་དུ་འཛིན་པའམ་གཙོ་བོར་འཛིན་པ་བཅས་ནི་འདོན་རྟ་དབྱངས་གསུམ་ལས་རྟ་ཡི་ཁྱད་ཆོས་དང་ཡོངས་སུ་མཐུན་པར་སྙམ་མོ། །
གསུམ། སྟོང་གྱེར་དང་དབྱངས།
སྟོང་གྱེར་ཞེས་པའི་སྟོང་ནི་རོལ་མོ་སོགས་གང་ཡང་མེད་པར་མ་ཡིན་པར་དེ་ནི་གཙོ་བོ་ཆོས་ཐམས་ཅད་སྟོང་ཉིད་དུ་གོ་སྟེ་ཆོས་ལུགས་རོལ་མོའི་དབྱངས་གྱེར་སྐབས་སེམས་རྣལ་དུ་ཕབ་སྟེ་ཉམས་ལེན་ལ་ཞུགས་པ་དང་ལྷན་དུ་དཔེ་ཚིག་རྣམས་ལ་མནོ་བསམ་ཡང་ཡང་གཏོང་བཞིན་སྒོམ་པ་རྩེ་གཅིག་གིས་ངང་ནས་གཏོང་བ་ལ་གོ་སྙམ། དབྱངས་ནི་སྒྲ་འགྱུར་རླབས་མི་ཆེ་ཡང་དབུགས་ཀྱི་རྔུབ་འཐེན་ཐད་དོ་སྣང་དང་ཡིད་གཟབ་ཆེས་ཆེར་བྱེད་དགོས་ཞེས་པར་གཞིགས་ན་དབྱངས་ལ་ཚིག་ཐམས་ཅད་གླུ་རུ་ལེན་བཞིན་དོན་ལ་གོ་བ་ཟབ་མོ་བཅངས་ནས་དམིགས་ཡུལ་ངེས་གཏན་གྱི་ཕྱོགས་སུ་བགྲོད་པའི་ཐབས་ཤིག་ལ་གོ་བ་ཡིན་པ་དེ་གཉིས་ཐ་སྙད་ཀྱི་ཐད་ནས་འདྲ་བའི་ཆ་དང་། སྟོང་གྱེར་གྱི་ཁྱད་ཆོས་དལ་ལྷོད་མེར་གསུམ་འཛོམ་དགོས་ཞེས། དལ་ནི་མགྱོགས་པའམ་བྲེལ་བའི་ལྡོག་ཟླ་སྟེ་རྟའི་འགྲོས་ལས་བ་ལང་གི་འགྲོས་ཧ་ཅང་དལ་ལྟ་བུར་འཇུག་པས། འདིར་ཚིག་རྣམས་དབྱངས་སུ་བརྒྱུས་ཏེ་དལ་པོས་གཏོང་བར་གོ་བ་དང་། ལྷོད་ནི་བསམ་པ་དང་སྤྱོད་པ་སོགས་བག་ཕེབས་པའི་དོན་ཏེ། སེམས་ལྷོད་ནས་གླེང་མོལ་བྱས་ལྟ་བུར་འཇུག་པས། འདིར་དབྱངས་གཏོང་སྐབས་རང་སེམས་ལྷོད་པོར་འཇོག་དགོས་པར་གོ་བ། མེར་ནི་གཤེར་ཁུ་སོགས་ཀྱིས་སྣོད་བཀང་ཆེ་བའི་དོན་ཏེ། སྣོད་དུ་ཇ་མེར་དང་། རྒྱ་མཚོའི་ཆུ་རླབས་ཆེ་བས་མེར་མེར་ཤིག་ཤིག་བྱེད་ལྟ་བུར་འཇུག་པས། འདིར་དབྱངས་ཀྱི་སྒྲ་འགྱུར་རླབས་རང་བཞིན་ཆེ་བ་དེས་མི་རྣམས་ཀྱི་སེམས་འགུལ་ནུས་པའམ་སེམས་ལ་ཟུག་ནུས་པའི་དོན་ལ་གོ་བ་བཅས་དང་། དབྱངས་ཀྱི་ཁྱད་ཆོས་གཙོ་བོ་ནི་འགྲོས་སྟབས་རང་བཞིན་ལྡན་པ་གང་ཞིག་སྒྲ་འགྱུར་རླབས་རང་བཞིན་ཆེ་བ་དང་དབུགས་རྔུབ་འཐེན་ཐད་དོ་སྣང་དང་ཡིད་གཟབ་ཆེས་ཆེར་བྱེད་དགོས་པ་ཡིན་པ་དེ་གཉིས་ཁྱད་ཆོས་ཀྱི་ཐད་ནས་འདྲ་བའི་ཆ་ཡོད་པར་སྙམ།
གཞན་ཡང་སྟོང་གྱེར་ལ་དལ་ལྷོད་མེར་གསུམ་འཛོམ་ཞིང་རྒྱུན་ཆགས་ཞེས་གསུངས་པ་ལས། དལ་ཞེས་གཅིག་ནས་དབྱངས་རྣམས་དལ་པོས་ཉམས་ལེན་དང་ལྷན་དུ་གྱེར་བ་དང་། ལྷོད་ཅེས་གཉིས་ནས་ལུས་སེམས་ལྷོད་ལ་བབས་ཤིང་སེམས་རྣལ་དུ་བཞག་སྟེ་གྱེར་བ། མེར་ཞེས་གསུམ་ནས་དབྱངས་རྣམས་གྱེར་སྐབས་སུ་རང་གི་སེམས་ལ་ཟུག་པར་བྱས་ཏེ་གྱེར་བ་བཅས་ནི་འདོན་རྟ་དབྱངས་གསུམ་ལས་དབྱངས་ཀྱི་ཁྱད་ཆོས་དང་ཡོངས་སུ་མཐུན་པར་སྙམ་མོ། །
མདོར་ན་དབྱངས་ཀྱི་གྱེར་སྟངས་དེ་རིགས་ཚང་མ་ནང་ཆོས་བོད་དུ་དར་བའི་སྐབས་སུ་མི་རྣམས་ཀྱིས་ཡིག་དྲུག་མ་ཎིའི་རྩ་ཚིག་དབྱངས་སུ་ལེན་པ་དང་། ཉམས་ལེན་གྱི་བསམ་གཞིགས་ཁྲོད་ན་བྱུང་བའི་ཐོག་མའི་གྱེར་སྟངས་ཤིག་ཡིན་ལ། ད་ལྟའང་རིས་སུ་མ་མཆིས་པའི་གྲུབ་མཐའ་ཚང་མའི་ཐུན་མོང་གི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་ཡོད་པས། འདོན་རྟ་དབྱངས་གསུམ་དང་ཚིག་གྱེར། རྔ་གྱེར། སྟོང་གྱེར་གསུམ་སོགས་ནི་སངས་རྒྱས་ཆོས་ལུགས་གཞུང་ལ་འཇུག་མཁན་གྱི་སེར་མོ་བ་ཡོངས་ཀྱི་ཐུན་མོང་དུ་སྤྱོད་པའི་གྱེར་སྟངས་ཀྱི་ཐབས་ཤེས་དམིགས་བསལ་ཅན་ཞིག་ཡིན་ལ། སྐབས་ཤིག་རིང་རང་ཅག་སྔ་འགྱུར་རྙིང་མ་བ་རྣམས་ཀྱི་དེ་གསུམ་ལ་ཚིག་གྱེར་དང་རྔ་གྱེར། སྟོང་གྱེར་བཅས་འབོད་བཞིན་པ་ཡིག་ཚང་ལས་གསལ་པོར་ཤེས་ནུས་ཀྱང་། ད་ལམ་སྤྱིར་འབོད་མིང་ཙམ་ལས་སྤྱོད་ཡུལ་དུ་མ་གྱུར་བ་ནི་འདང་རྒྱག་དགོས་པའི་སྣང་ཚུལ་ཞིག་ཏུ་མངོན། ད་དུང་གྲྭ་ས་སོ་སོའི་དབྱངས་ཀྱི་གྱེར་སྟངས་སམ་ཉམས་ལེན་གྱི་དགོས་པ་དང་བསྟུན་པའི་འབོད་མིང་རྣམ་གྲངས་མི་འདྲ་བ་མང་པོ་ཡོད་སྲིད་པས་དཔྱད་པར་རིན་ཐང་ཆེས་ཆེར་ལྡན་པར་སེམས།
གསུམ་པ། མཐའ་མར་ཕྱོགས་བསྡུས་པ།
མདོར་ན་འདོན་དང་། རྟ་དང་། དབྱངས་དང་། ཚིག་གྱེར་དང་། རྔ་གྱེར་དང་། སྟོང་གྱེར་སོགས་ནང་བསྟན་ཆོས་ལུགས་རོལ་དབྱངས་རིག་གཞུང་གི་མིང་ཚིག་དེ་དག་ལ་ཆེས་ཕུན་སུམ་ཚོགས་པའི་ནང་དོན་མང་དག་འདུས་ཡོད་པས། གླེང་བྱའི་འདོན་རྟ་དབྱངས་གསུམ་གྱི་མིང་ཚིག་དེ་དག་ནི་ཉིད་ཀྱི་བརྗོད་འདོད་པའི་གཏམ་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ཞིག་ཡིན། དེ་དང་འདྲ་བར་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་རེ་རེས་འདོན་རྟ་དབྱངས་གསུམ་དེ་དག་སོ་སོར་ཐ་སྙད་མི་འདྲ་བ་རེ་རེ་མཆིས་པ་ནི་ལུང་དང་ཁུངས་ཀྱི་འདེད་ནུས་པའི་དཔྱད་པ་བྱ་རྒྱུ་ཡོད་ཅེས་ཤོད་པའི་སྤོབས་པ་ཞིག་ཀྱང་ཡིན་རྐྱེན། རང་ཅག་སྔ་འགྱུར་རྙིང་མའི་ལུགས་ཨོ་རྒྱན་སྨིན་གྲོལ་གླིང་དགོན་གྱི་དཔྱད་ཡིག་ལས་ཚིག་གྱེར་དང་རྔ་གྱེར་སྟོང་གྱེར་སྐོར་མཇལ་རྒྱུ་ཡོད་པ་དེ་དཔེ་མཚོན་ཞིག་ཏུ་བཀོད་དེ་ཞུས་པ་ཡང་དེང་གི་ཆོས་ལུགས་ཆོ་གར་ཐ་སྙད་དེ་རིགས་བེད་སྤྱད་པར་ཉུང་བ་མ་གཏོགས། སྔར་མུས་ནས་ཡོད་པ་དེ་ནི་ལོ་རྒྱུས་ཀྱི་ཡིག་ཚགས་དང་ལོ་ཆེན་དམ་པ་རྣམས་ཀྱི་གསུང་རབ་ལས་རགས་ཙམ་ཤེས་ནུས་པས། དེ་དོན་རོལ་དབྱངས་རིག་པའི་ཞིབ་འཇུག་པའི་མཁྱེན་ལྡན་རྣམ་པ་ཚོས་ས་འོག་ཏུ་ལུས་པའི་གསེར་དུམ་ལྟ་བུའི་རིག་གནས་དེ་རིགས་ལ་སྣང་ཆེན་གྱིས་རྩད་ཞིབ་མང་དུ་དཔྱད་རྒྱུ་ནི་དེ་བས་ཀྱང་འགངས་ཆེ་བར་མཐོང་ངོ་། །
མཆན་འགྲེལ།
[1][2] བཀྲ་ཤིས་རྒྱ་མཚོ་སོགས། གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས། ༡༩༩༦ལོའི་ཟླ༡༢པའི་པར་ཐེངས་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༡༦༣ནང་གསལ།
[3] བཀྲ་ཤིས་རྒྱ་མཚོ་སོགས་ཀྱིས་བརྩམས། གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༦ལོའི་ཟླ༡༢ལོའི་པར་ཐེངས་དང་པོ། ཤོག་ངོས༡༦༤ནང་གསལ།
ཡོང་ཁུངས། ༢༠༢༣ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་བཞི་པ།

འབྲེལ་ཡོད་འོས་སྦྱོར།