༄༅། །བོད་སྐད་ཁྲོད་ཀྱི་བསྡུར་ཚིག་མཛུབ་མོས་རི་སྟོན།
རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-08-02
ཀློག་གྲངས།:
བོད་སྐད་ཁྲོད་ཀྱི་ཁྱད་གཞི་བརྗོད་པའི་ཐ་སྙད་དམ་ཆོས་ཅན་བརྗོད་པའི་མིང་གི་རིགས་ཁ་ཤས་ཏེ། དཔེར་ན་མི་དང་སྤྲ་སོགས་ལ་མི་དང་མི་བོ་མིའུ། སྤྲ་དང་སྤྲེའུ། རྟ་དང་རྟ་བོ་རྟེའུ། མཚོ་དང་མཚེའུ། མདའ་དང་མདའ་བོ་མདེའུ། རྡོ་དང་རྡེའུ་ལྟ་བུའི་དངོས་པོ་རང་བབ་ཀྱི་མིང་གི་ཚིག་གྲོགས་སུ་བོ་དང་འུ་དང་། དབྱངས་ཨེ་ལ་ཚིག་གྲོགས་འུ་སྦྱར་བའམ་དབྱངས་ཨོ་ཨེ་རུ་བསྒྱུར་བ་ལ་ཚིག་གྲོགས་འུ་སྦྱར་ཏེ་ཆེན་པོའམ་ཆུང་ངུ་གང་རུང་སྟོན་བྱེད་དུ་འབྲི་སྲོལ་ཡོད་པ་དེ་རིགས་«བརྡ་སྤྲོད་བློ་གསལ་འཇུག་ངོགས་»སོགས་བརྡ་སྤྲོད་ཀྱི་གཞུང་ཚད་ལྡན་དག་ཏུ་གསལ་བ་ལྟར་ལ། འདིར་བཤད་འདོད་པ་ནི། ཁྱད་ཆོས་བརྗོད་པའི་ཐ་སྙད་དམ་ཆོས་བརྗོད་ཀྱི་མིང་གི་རིགས་ཁ་ཤས་ཤིག་སྟེ། དཔེར་ན། མང་། ཉུང་། བཟང་། རིང་། དྲག །ཆེ། ཆུང་ལྟ་བུ་ལ་རྗེས་འཇུག་དང་ཡངས་འཇུག་སྦྱར་ཏེ། མངས། ཉུངས། བཟངས། རིངས། དྲགས། ཆེས། ཆུངས་ཞེས་སོགས་སུ་བྲིས་པས་ཤིན་ཏུ་མང་བ་དང་། ཤིན་ཏུ་ཉུང་བ། ཤིན་ཏུ་རིང་བ། ཚད་ལས་འདས་པ་སོགས་རང་བབ་ཀྱི་དོན་དང་བསྡུར་ན་ཚད་དང་རིམ་པ་མི་འདྲ་བའི་དོན་སྣ་ཚོགས་སྟོན་པའི་ཚིག་ལ་བསྡུར་ཚིག་གམ་བསྡུར་རིམ་གསལ་བྱེད་ཀྱི་ཚིག་ཅེས་པའི་ཐ་སྙད་གསར་དུ་བཏགས་ནས། འདིར་དེ་དག་རིམ་པ་བཞིན་དུ་དཔེ་དང་སྦྱར་ནས་རགས་ཙམ་བཤད་ན།
༡ མངས་ནི། རྣམ་གྲངས་ཤིན་ཏུ་མང་བའི་དོན་ཏེ། དཔེར་ན། «ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ»༼འཇང་བཀའ་འགྱུར། མདོ་སྡེ། པོད་རྟགས། བ།༽ལས།ཚེ་རབས་དུ་མར་མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་གྱི་དོན་གྱི་སླད་དུ་སྡུག་བསྔལ་མངས་པོ་ཉམས་སུ་མྱོང་སྟེ། བུད་མེད་དུ་སྐྱེ་བས་ཤིན་དུ་སྐྱོ་བར་གྱུར་ན་འོན་ཀྱང་བཅོམ་ལྡན་འདས་ཀྱིས་བསུག་ལས་ཆེན་པོར་བཀའ་སྩལ་ཏེ། ཞེས་དང་། རྗེ་ཙོང་ཁ་བའི་«ལམ་རིམ་ཆེན་མོར»། འདིའི་ཕན་ཡོན་དང་སངས་རྒྱས་ཡིད་ལ་བྱ་ཚུལ་རྒྱས་པར་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ན་ཆེས་གསལ་བར་བཞུགས་པས། སྒོམ་རིམ་ཐ་མ་ལས་གསུངས་པ་ལྟར་ངེས་པར་དེར་ཤེས་པར་བྱ་ཡི། འདིར་ནི་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །ཞེས་འབྱུང་བ་ལྟ་བུ་དང་།
༢ ཉུངས་ནི། གྲངས་ཀ་ཤིན་ཏུ་ཉུང་བ་སྟེ། དཔེར་ན། «དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ»༼ལྷ་སའི་བཀའ་འགྱུར། འདུལ་བ། པོད་རྟགས། ཏ།༽ལས། འཕགས་མ། ཅིའི་སླད་དུ་དགེ་འདུན་མའི་ཟས་ཀྱི་རྙེད་པ་མི་བགྱི། འདི་ལྟར་ཉུངས་སོ། །ཞེས་ཡང་དང་ཡང་དུ་བསླངས་ནས། གཅིག་པུས་ཀུན་ཏུ་གཡོས་པ་དང་། ལེགས་པར་གཡོས་པ་ནས་རྣམ་གྲངས་བཅོ་བརྒྱད་པ་དང་། ཉི་ཤུ་བ་དག་གི་བར་དག་བྱས་ཏེ་ཟོས་སོ་ཞེས་པ་ལྟ་བུའམ། རྗེ་བཙུན་ཏཱ་ར་ནཱ་ཐའི«བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྒྲུབ་ཐབས་འཕྲིན་ལས་ཀྱི་ཉི་མ་འབུམ་གྱི་གཟི་བརྗིད་ཅེས་བྱ་བ»༼གསུང་འབུམ། པོད་ཆ་བ།༽ལས། རྒྱུད་རང་གི་ངོ་བོ་ཞལ་གསལ་བོའི་རིགས་སུ་འདུག་ཀྱང་། དགོངས་འགྲེལ་གྱི་བསྟན་བཅོས་ཉུངས་པས། ཇི་བཞིན་དུ་འཆད་དཀའ་བར་གྱུར་ཏེ། བོད་ཀྱི་བླ་མ་བར་སྐབས་སུ་བྱུང་བ་ཕལ་ཆེར། ལྷ་སྔགས་ཙམ་མ་གཏོགས། དགྲ་ནག་བཅུ་གསུམ་མ་ཁོ་ན་འདོན་པ་སྤོ་བར་མཛད་པ་དང་། ཞེས་འབྱུང་བ་ལྟ་བུ་སྟེ།
༣ བཟངས་ནི། ཤིན་ཏུ་ལེགས་པའམ་ཧ་ཅང་བཟང་བ་སྟེ། དཔེར་ན། «ཆེད་དུ་བརྗོད་པའི་ཚོམས»༼སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་རྟགས། ས།༽ལས། འདུལ་སྦྱོང་བྱེད་པས་རྟ་བཟངས་ལྟར། །བདག་ཉིད་ཁོ་ན་གདུལ་བར་བྱ། །བདག་ཉིད་ལེགས་པར་འདུལ་བ་ཡིས། །སྡུག་བསྔལ་རྣམས་ཀྱི་ཕ་མཐར་ཕྱིན། །བདག་ཉིད་ཁོ་ན་བདག་གི་མགོན། །བདག་ཉིད་བདག་གི་སྐྱབས་ཡིན་པས། །འདུལ་སྦྱོང་བྱེད་པས་རྟ་བཟངས་ལྟར། །དེ་བས་བདག་ཉིད་གདུལ་བར་བྱ། །ཞེས་པ་ལྟ་བུའམ། «རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ»༼སྡེ་དགེ་བསྟན་འགྱུར། རྒྱུད། པོད་རྟགས། བུ།༽ལས། ལེགས་པར་གྲུབ་པ་ལྷ་ཡི་གནས་དང་སྤོས་ཁང་དང་། །གཙུག་ལག་ཁང་དང་ཁང་བཟངས་ཁང་མིག་འདུན་ཁང་རྣམས། །མཉམ་པར་བལྟས་ནས་དམ་པའི་སྒོ་ཡི་དབུས་ཀྱི་རྩེར། །རྒྱལ་མཚན་རྣམས་ནི་ངེས་པར་རབ་ཏུ་གཟུགས་པར་བྱ། །ཞེས་པ་ལྟ་བུ།
༤ རིངས་ནི། ཤིན་ཏུ་རིང་བ་སྟེ། «འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ» ༼ལྷ་སའི་བཀའ་འགྱུར། མདོ། པོད་རྟགས། ཡ།༽ལས། ཉེ་བར་གནས་ཚེ་བུད་མེད་ནི། །ཕན་དང་བཀུར་སྟི་དགའ་བ་དང་། །རྒྱུན་རིངས་བཤེས་པའང་དྲན་མི་བྱེད། །ཇི་ལྟར་མེ་ཏོག་རྙིངས་གྱུར་ན། །བུང་བས་བཏང་སྟེ་གཞན་དུ་འགྲོ། །ཞེས་པ་ལྟར་རམ། རྗེ་ཙོང་ཁ་བའི«ལམ་རིམ་ཆེན་མོར»། དང་བོར་གང་ཟག་གི་བདག་མེད་བསྒོམ། དེ་ནས་ཆོས་ཀྱི་བདག་མེད་ཀྱི་དོན་ལ་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ནས་བསྒོམ་སྟེ། དེ་ཡང་ཐུན་རིངས་ན་དྲན་ཤེས་ཀྱིས་མི་ཟིན་པས་རེས་བྱིང་རེས་རྒོད་པར་འགྲོ་བས་བོགས་ཆུང་། ཞེས་པ་ལྟ་བུ།
༥ དྲགས་ནི། ཚད་ལས་འདས་པའམ་ཚད་དྲག་པའི་དོན་ཏེ། དཔེར་ན། «ཡན་ལག་བརྒྱད་པའི་སྙིང་བོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ»༼སྡེ་དགེ་བསྟན་འགྱུར། གསོ་རིག །པོད་རྟགས། ཧེ།༽ལས། ཤིན་ཏུ་རྩོལ་དྲགས་ལུད་པ་དང་། །སྐོམ་དང་གཅོང་ཅན་མི་དྲན་མུན། །ཁྲག་དང་མཁྲིས་རྒྱས་ངལ་དང་དུབ། །རིམས་དང་སློན་པ་འབྱུང་བར་འགྱུར། །ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་ཚད་ལས་འདས་ཤིང་བརྩལ་བའི་ཤུགས་ཧ་ཅང་དྲགས་པར་བསྟེན་པས་ནི། སྐོམ་དད་ཆེ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །ཞེས་པ་ལྟ་བུའམ། འཇུ་མི་ཕམ་གྱི«ལྟ་བའི་མགུར་མ་ཞེས་བྱ་བ»༼གསུང་འབུམ། པོད་རྟགས། པ།༽ལས། མེད་དགག་ལ་བློ་རྩེ་གཏད་དྲགས་པའི་ངོར། སྟོང་བ་ཉིད་ཅེས་པ་སྣང་བ་ཐམས་ཅད་ནུབ་པའི་ཅི་མེད་ཅང་མེད་ཞིག་འཆར་འདྲ་སྲིད་ན་ཡང་། དེ་ནི་ཧ་ཤང་གི་ལྟ་བ་མངོན་སུམ་མ་བསྒྲིབ་པར་ཤར་བ་རེད་པས་སླར་ཡང་སྟོང་དང་རྟེན་འབྱུང་འདུ་འབྲལ་མེད་པའི་གཏན་ཚིགས་ཀྱིས་ཚར་བཅད་འོས་སོ། །ཞེས་པ་ལྟ་བུ།
༦ ཆེས་ནི། ཧ་ཅང་ཆེ་བ་སྟེ། དཔེར་ན། «འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ»༼ལྷ་སའི་བཀའ་འགྱུར། མདོ། པོད་རྟགས། ཡ།༽ལས། དེ་ལྟར་ཚོར་བ་རྗེས་སུ་མཐོང་བའི་དགེ་སློང་དེ་དག་ནི་ཤེས་པ་ཆེས་ཞིབ་པ་སྐྱེ་བར་འགྱུར་ཏེ། དེ་ཤེས་པ་དེ་ལ་ཀུན་ཏུ་བསྟེན་ཅིང་སྒོམ་སྟེ་མང་དུ་བྱེད་དོ། །ཞེས་པ་ལྟ་བུའམ། «ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ»༼སྡེ་དགེ་བསྟན་འགྱུར། པོད་རྟགས། ཕི།༽ལས། གང་གིས་འཕགས་དང་ལྷ་དང་ཚངས་པ་ཡི། །གནས་པ་དཔེ་མེད་རྒྱ་ཆེས་རྟག་ཏུ་གནས། །ཕྱོགས་སུ་དེ་སོང་སངས་རྒྱས་སེམས་ཅན་རྣམས། །ཡང་དག་མཆོད་བྱེད་རྣམ་པར་དག་པ་སྐྱེད། །ཅེས་པ་ལྟ་བུ།
༧ ཆུངས་ནི། ལྟོས་བཅས་ཀྱི་བསྡུར་ཚད་ཧ་ཅང་ཆུང་བ་སྟེ། དཔེར་ན། གསོ་རིག་རྒྱུད་བཞི་ལས«མན་ངག་རྒྱུད»དུ། དུས་ཀུན་ཏུ་ནི་ཟས་ཚོད་རན་པར་བཟའ། །ཟས་རྣམས་ལྕི་ཡང་ཚད་ལས་དཔག་བྱ་སྟེ། །ཡང་ལ་འགྲངས་ཤིང་ལྕི་ལ་ཕྱེད་འགྲངས་ཙམ། །བདེ་བླག་འཇུ་བླ་ཚོད་ཟིན་ཞེས་སུ་བཤད། །དེ་ནི་ལུས་འཚོ་མེ་དྲོད་སྐྱེད་བྱེད་ཡིན། །གལ་ཏེ་ཟས་ཚོད་མ་ཟིན་ཆུངས་གྱུར་ན། །སྟོབས་མདངས་མི་འཕེལ་རླུང་ནད་མ་ལུས་འབྱུང་། །ཞེས་པ་ལྟ་བུའམ། རྗེ་ཙོང་ཁ་བའི«ལམ་རིམ་ཆེན་མོར»། དཔྱད་སྒོམ་མང་དུ་བྱས་པའི་སྒོ་ནས་ཞི་ལྷག་གཉིས་ཆ་མཉམ་ལ་བསྒོམ་སྟེ། སྒོམ་རིམ་ཐ་མ་ལས། ཡང་གང་གི་ཚེ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་འགྱུར་བ་དེའི་ཚེ། ཞི་གནས་ཆུངས་པའི་ཕྱིར་མར་མེ་རླུང་ལ་བཞག་པ་བཞིན་དུ་སེམས་གཡོ་བས་དེ་ཁོ་ན་ཤིན་ཏུ་གསལ་བར་མི་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ། །ཞེས་པ་ལྟ་བུའོ། །ཞེས་པ་ལྟ་བུ་སྟེ།
༨ ཡགས་ནི། ཧ་ཅང་ཡག་པའམ་ལེགས་པ་སྟེ། རྒྱལ་དབང་ལྔ་བའི«རང་རྣམ་དུ་ཀཱུ་ལའི་གོས་བཟང»གླེགས་བམ་དང་བོ་ལས། བར་ཁམས་ཕྱོགས་སུ་རང་བསྟན་སེང་གེའི་ཁོག་པ་འབུས་ཟོས་ཀྱི་རྣམ་པ་མི་བདེ་བའི་རྩ་རྐྱེན་དྲུང(དྲུངས)ནས་ཕྱུངས་པའི་སྔོན་འགྲོའི་བྱ་དགའ་མདོང་གསོལ་སྤེལ་བར་དར་རྒྱས་བཀྲ་ཤིས་རྫོང་བདའ་བྱས། ཇུས་ཡགས་ཀྱི་གཏང་རག་ལ་ཆོས་སྐྱོང་སྤྱི་དང་དམག་ཟོར་མར་འཕར་མ་དང་བཅས་ཉིན་བཞིར་བཟབས(གཟབས)རྒྱས་གྲ(གྲྭ)ཚང་གིས་བཏང་སྐབས་གོ་མཚོན་སྤྱན་གཟིགས་རྒྱ་ཆེར་ཕུལ། ཞེས་པ་ལྟ་བུའམ། རྗེ་སྒམ་པོ་བའི་གསུང་འབུམ་ལས«རྗེ་དྭགས་པོའི་ཞལ་གདམས་དང་། རྗེ་བསྒོམ་ཚུལ་གྱི་ཞུ་ལན་ཞེས་བྱ་བར»། ཚེ་འདི་སྐྱོང་བ་རྣམས་དང་སྣང་བློ་མ་སྟུན་ན། བྱ་རྒྱུ་སེམས་ཅན་གྱི་དོན་ལས་མེད་པས་ཕན་ཅི་ཐོགས་གྱིས། ཡགས་སུ་རེ་བའི་སྐྱིད་སྐྱིད་པོ་ཅིག་ལ་བློ་གཏད་པས་མི་ཡོང་བ་ཡིན་ནོ་གསུང་། ཞེས་སམ། ལར་ཆོས་བྱེད་ན་མི་ཐམས་ཅད་ལ་རེ་མ་ཆེ། མགུ་མ་སླ། ཁང(འཁང)མ་རྐྱེན། དྲིན་མ་རྩི་དང་། ཡགས་པར་ཡོང་། ཁོ་བོ་ནི་སུ་ལ་དྲིན་རྩི་མ་མྱོང་སྟེ། ཁོ་བོ་ནི་ཁྱེད་ཅག་རྣམས་ལ་དྲིན་ཆེ་སྙམ། ཞེས་པ་ལྟ་བུའོ། །
གོང་དུ་དཔེ་མཚོན་འགའ་བཀོད་པ་དེ་དག་ལས་ཀྱང་། མང་ལྟ་བུ་ལ་མཚོན་ན། མང་ནི་སྤྱིར་བཏང་མང་བ་ཙམ་དང་། མངས་ནི་ཤིན་ཏུ་མང་བ་སྟེ། དེ་ལ་སྔོན་འཇུག་དང་ཡང་འཇུག་སྦྱར་བ་དམངས་ཞེས་པས་ཆེས་ཤིན་ཏུ་མང་བ་སྟོན་པར་སློབ་དཔོན་མཁས་པའི་གསུང་སྒྲོས་ལས་ཐོས་སོ། །
ཆོས་བརྗོད་ཀྱི་མིང་ཁ་ཤས་ཀྱི་མཐར་ཡང་འཇུག་ས་ཡིག་སྦྱར་བས་རང་བབ་ལས་ལྷག་པའི་དོན་སྟོན་ཐུབ་པ་དེ་བཞིན་དུ། ཡང་འཇུག་ད་སྦྱར་བས་ཀྱང་བརྡ་སྤྲོད་ཀྱི་ནུས་པ་ཁྱད་པར་ཅན་དེ་ཐོན་ཐུབ་པ་ནི། ཤིན་ཏུ་དཀོན་པ་ལ་དཀོནད་དང་། ཧ་ཅང་བཙན་པའམ་བརྟན་པ་ལ་བརྩནད། ཤིན་ཏུ་དཀར་བ་ལ་དཀརད། བཅིངས་པ་ལས་ཡོངས་སུ་ཐར་བ་ལ་ཐརད། ཧ་ཅང་སྡུག་བསྔལ་བ་ལ་བསྔལད། ཕྱོགས་ལས་རྣམ་པར་རྒྱལ་བ་ལ་རྒྱལད་སོགས་སུ་འབྲི་སྲོལ་ཡོད་པ་སྐད་གསར་བཅད་རིམ་པར་བརྒྱུད་དེ་ཡི་གེ་ཟོར་ཡང་བར་བྱས་རྗེས་ཀྱི་དཀོན་ཅོག་དང་། བཙན་པོ། དཀར་པོ། ཐར་པ། ཕ་རོལ་ཏུ་ཟེར་བ་ལ་སོགས་པའི་ཤུལ་རྗེས་སུ་སྣང་བའི་མིང་མཐའི་ཡང་འཇུག་གིས་རྟགས་མཚུངས་ཀྱི་ཡི་གེ་དྲངས་པ་རྣམས་ལ་བརྟེན་ནས་རྗེས་སུ་དཔོག་ཐུབ་པ་ཡིན།
ཀུན་གྱིས་ཚད་མར་འཛིན་པའི་བརྡ་སྤྲོད་ཀྱི་གཞུང་ཚད་ལྡན་ཁུངས་ཐུབ་དག་ཏུ་འདིའི་སྐོར་གསལ་ཁ་བཏོད་ནས་རྣམ་གཞག་མཛད་ཡོད་པ་མ་མཐོང་ཡང་། བརྗོད་བྱའི་དོན་གང་ཡང་རུང་བའི་ཁྱད་ཆོས་བརྗོད་པའི་ཐ་སྙད་དམ་རྒྱན་ཚིག་གི་ལྟོས་འཇོག་གི་ཚད་རིམ་སྟོན་པའི་བསྡུར་རིམ་གསལ་བྱེད་ཀྱི་ཚིག་སྦྱོར་དབྱིན་སྐད་དུ“comparative degree”དང་རྒྱ་སྐད་དུ“比较级”ཟེར་བ་དེ་རིགས་དང་མཚུངས་པའི་བརྡ་སྤྲོད་ཀྱི་གོམས་སྲོལ་བོད་སྐད་ཀྱི་ནང་ནའང་ཡོད་པ་བསྙོན་མེད་ཡིན་པ་ཤེས་པར་བྱའོ། །
ལོ་རྒྱུས་ཐོག་གི་སྐད་གསར་བཅད་རིམ་བརྒྱུད་ཀྱིས་གནའ་སྔ་མོའི་དུས་ནས་དར་ནས་ཡིག་སྲོལ་ལ་འགྱུར་བ་ཆེན་པོ་འབྱུང་དུ་བཅུག་པའི་ཁར། དེང་སང་ཀ་ངོ་ཡིག་ངོ་ལེགས་པར་ཆོད་མིན་ལ་མ་ལྟོས་པར་སྐྱ་སེར་ཀུན་གྱིས་ཚ་ཚ་འུར་འུར་དུ་གནའ་དཔེ་དག་སྒྲིག་བྱས་ནས། བརྡ་རྙིང་དང་སྔོན་གྱི་ཡིག་སྲོལ་རང་གིས་མ་མཐོང་བའམ«དག་ཡིག་གསར་བསྒྲིགས»སུ་བཙལ་ནས་མ་རྙེད་པ་ཚང་མ་ཡིག་ནོར་བརྡ་ལོག་ཏུ་བརྩིས་ཏེ་དག་པར་བཅོས་པའི་འཕྲུལ་པར“དག་སྒྲིག་མ”ཕལ་མོ་ཆེར་སྔོན་གྱི་ཡིག་སྲོལ་འདི་ལྟ་བུ་ད་ལྟ་ཉིན་རེ་བཞིན་དུ་མཐོང་དཀོན་པོར་གྱུར་དང་འགྱུར་བཞིན་པ་ཀུན་ལ་མཐུན་སྣང་དུ་གྲུབ་པས། སྐད་ཡིག་གི་སྲོལ་རྒྱུན་བཟང་བོ་མི་ཉམས་རིང་དུ་གནས་པ་དང་། དེང་གི་“དག་སྒྲིག་མ་”ཤ་སྟག་བཀླགས་ནས་འཚར་སྐྱེད་བྱུང་དང་འབྱུང་བཞིན་པའི་བློ་གསར་བུ་བ་དག་ལ་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཕྲན་ཚེགས་འདི་རིགས་རང་གི་ཤེས་ཚོད་ཅིག་གོ་བརྡ་རེ་འཕྲོད་ཐུབ་པ་བྱུང་ན་སྙམ་པའི་བློས། འདིར་དེའི་སྐོར་དཔེ་མཚོན་ཙམ་ཞིག་ཀུན་ལ་བགོ་བཤའ་བྱས་པའམ་མཉམ་སྤྱོད་ཞུས་པར་ཚང་མས་སྐྱོན་འདོན་དྲས་རྒྱག་གང་མང་གནང་བར་གསོལ་ལོ། །

འབྲེལ་ཡོད་འོས་སྦྱོར།