རེབ་གོང་ཐང་ག་སྒྱུ་རྩལ་གྱི་བགྲོ་གླེང་ཚོགས་འདུ་འཚོགས།
རྩོམ་པ་པོ།:ཚེ་རྡོ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-10-16
ཀློག་གྲངས།:
ཟླ10པའི་ཚེས15ཉིན་གྱི་ཕྱི་དྲོའི་ཆུ་ཚོད2སྟེང་། དུས་རབས་གསར་པའི་རེབ་གོང་ཐང་གའི་སྒྱུ་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་ལས་བསམ་བློ་བརྗེ་རེས་ཚོགས་འདུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་འཚོགས།
ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་མཁས་པ་མང་པོ་གདན་ཐོག་གཅིག་ཏུ་འཛོམས་ནས་ཚོགས་ར་བཞི་རུ་དབྱེ་བ་དང་། ཆེད་མཁས་པ་སོ་སོས་བརྙན་རིས་དང་དཔྱད་རྩོམ་སྒྲོག་འགྲེལ་གྱི་ལམ་ནས་ཐང་ག་རིག་གནས་ཀྱི་ལོ་རྒྱུས་དང་། རེབ་གོང་སྒྱུ་རྩལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་བརྗོད་དོན་གཙོ་བོར་དམིགས་ནས་སོ་སོའི་བསམ་ཚུལ་བརྗོད།
ཚོགས་ཐོག་ཏུ་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་། སློབ་གྲྭ་ཆེན་མོའི་དགེ་རྒན་དག་གིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི”འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་རྣམ་འབྱེད་རྣམ་པ”དང་། “གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་མཐོང་རྒྱ་འོག་གི་ཐང་གའི་སྒྱུ་རྩལ་དང་དེའི་རིག་གནས་ཀྱི་སྐྱེ་ཁམས” “གྲངས་ཀའི་དུས་རབས་ཐང་གའི་སྒྱུ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ཐབས་ལམ” “ཀྲུང་གོའི་རེབ་གོང་སྒྱུ་རྩལ་སྒྲོག་ཐག་ཏུ་བྱས་ནས། མིའི་རིགས་ཀྱི་ཤེས་རིག་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ཟབ་སྤེལ”སོགས་ཀྱི་བརྗོད་དོན་གཙོ་བོར་གྲོས་བསྡུར་དང་དཔྱད་གླེང་ཕྱོགས་བསྡོམས་གནང་།
རྒྱུས་ལོན་པ་ལྟར་ན། དུས་རབས་གསར་པའི་རེབ་གོང་ཐང་གའི་སྒྱུ་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས་པའི་དམིགས་ཡུལ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་རེབ་གོང་ཐང་གའི་སྒྱུ་རྩལ་གྱི་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གཏོད་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ། རེབ་གོང་མི་རིགས་ཁག་གི“ཁས་ལེན་ལྔ”ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། རེབ་གོང་ཐང་གའི་སྒྱུ་རྩལ་གྱི་རྒྱལ་ཁབ་ཕྱི་ནང་གི་སྐད་གྲགས་ཆོད་ཚད་དང་། མཚན་སྙན་ཐོབ་ཚད། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་གཏོང་བར་འབད་ནས། གཟུགས་འདས་ཤུལ་བཞག་རིག་གནས་ལ་གསོན་ཤུགས་རྒྱས་སུ་འཇུག་རྒྱུ་དེ་རེད།
ཕྱི་དྲོའི་ཆུ་ཚོད6སྟེང་། དུས་རབས་གསར་པའི་རེབ་གོང་ཐང་གའི་སྒྱུ་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསམ་བློ་བརྗེ་རེས་ཚོགས་འདུས་ཐུན་རིན་གྲོང་ཁྱེར་ཏང་ཨུའི་ཐོག་ཁང5པའི་ཚོགས་ར་ནས་མཇུག་བསྒྲིལ་མཛད་སྒོ་སྤེལ། །
འབྲེལ་ཡོད་འོས་སྦྱོར།