༄༅། །ཨམ་སྐད་དུ་ཉི་མ་འགྱ་ཞེས་པ་ཡིག་ཐོག་ཏུ་ཇི་ལྟར་འབྲི།
རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-10-18
ཀློག་གྲངས།:
ཨམ་སྐད་དུ“ཉི་མ་འགྱ”ཟེར་བ་ནི། “ཉི་མ་འགྱལ”ཞེས་པ་སྟེ“ཉི་མ་འགྱེལ”ཞེས་པའི་དབྱངས“ཨེ”དང་རྗེས་འཇུག“ལ”ཟུར་ཉམས་པ་རེད་ཅེས་བཤད་པ་འདྲ་ཞིག་གང་ཞིག་ནས་མཐོང་མྱོང་ཡང་། “ཉི་མ་འགྱེལ”ཞེས་པ་ཉི་མ་ནུབ་པའི་དཔེ་དོན་དུ་མི་འགྲོ་སྟེ། གཞན་ཤུགས་ཀྱིས་བསྒྱེལ་བའམ་རང་ཤུགས་ཀྱིས་འགྱེལ་བའི་དངོས་པོ་གང་ཞིག་ཡིན་ཡང་། སྔར་བཞིན་ཚུགས་ཐུབ་ཏུ་ཡོད་མེད་དམ་གྱེན་དུ་འགྲེང་ཡོད་མེད་ཀྱི་འགྱུར་བ་འབྱུང་བ་ལས་དབང་ཤེས་ལ་མི་སྣང་བར་མི་འགྱུར་བས། གནའ་མྱི་ཚོས་ཉི་མ་དང་ཟླ་བ་ནུབ་པ“འགྱེལ”སོང་བར་རྟོག་བཏགས་བྱེད་མི་སྲིད་དོ། །
དེས་ན་ཨ་མདོ་ཕྱོགས་ཀྱི་ཁ་སྐད་དུ“ཉི་མ་འགྱ”ཞེས་རྗོད་ཀྱིན་པ་དེ་ཡིག་ཐོག་ཏུ“ཉི་མ་འཇའ”ཞེས་འབྲི་དགོས་པར་ངེས་ཏེ། ཨམ་སྐད་དུ“འཇའ”དང“འགྱ”གཉིས་སྒྲ་གདངས་ཅུང་ཉེ་ཞིང་། «བོད་རྒྱ་ཚིག་མཛོད་ཆེན་མོར»། འཇའ་བ་ནི། “ཞུམ་པ་དང་། ཉམས་པ། ཞ་བ”བཅས་ཀྱི་དོན་ལ་འཇུག་པར་བཤད་ཡོད་པས། ཉི་མ་ནུབ་ཕྱོགས་སུ་ནུབ་ནས་འོད་སྟོང་མི་མངོན་དབྱིངས་སུ་ཉམས་པར་གྱུར་ཏེ། གླིང་ངམ་ས་ཁུལ་ག་གེ་མོ་དེ་གའི་མི་རྣམས་ཀྱི་མིག་གི་མཐོང་ཡུལ་དུ་ཉི་མ་འོད་དང་བཅས་པ་མི་སྣང་བར་གྱུར་པ་ལ“ཉི་མ་འཇའ་བ”ཞེས་པའི་བཤད་སྟངས་བྱུང་བར་ངེས་ཤིང་། དུས་ཚེས་སམ་དུས་ཚིགས་གང་ཞིག་བཟུར་བའམ་ཉམས་པ་ལའང་ཨམ་སྐད་དུ་“འཇའ་བ་”ཞེས་ཟེར་སྲོལ་ཡོད་པ་ནི། “ཚེས་པ་བཅོ་ལྔ་འཇའ་བའི་རྗེས་ལ་སླེབས་འོང”ཞེས་སམ། “དབྱར་ཁ་འཇའ་ནས་སྟོན་ཁ་སླེབས”ཟེར་བ་ལྟ་བུའོ། །
འདི་ལ་ལྷ་ཡིད་ཆེས་པ་དང་། འདྲེ་ཁོ་ཐག་ཆོད་པའི་ཤེས་བྱེད་ཡིག་ཚང་ཁུངས་ཐུབ་ད་ལན་རེ་ཞིག་ལག་ཐོག་ནས་ཁྱེད་ལ་སྟོན་རྒྱུ་མ་བྱུང་ཡང་། རང་ཉིད་ན་ཚོད་ཅུང་ཟད་གཞོན་དུས་དཔེ་རྙིང་ཁ་ཤས་ལྟ་ཀློག་ཕྲན་ཚེགས་རེ་བྱེད་ཁུལ་བྱས་སྐབས“ཉི་མ་འཇའ་བ”ཟེར་བ་མིག་ལ་ཐོགས་མྱོང་བ་དྲན་སོས་ཀྱི་འདུག་ཀྱང་དཔེ་ཆ་གང་ཡིན་དང་མཛད་པ་བོ་སུ་ཡིན་ད་ལྟ་གསལ་བོ་མི་དྲན། ལར་ཉིད་ཀྱིས་གཞན་གྱི་བསམ་ཚུལ་ག་འདྲ་ཡིན་པ་ཤེས་འདོད་ཡིན་ན་མ་གཏོགས་སླན་ཆད་དོགས་གནས་ཙག་ཙིག་འདི་རིགས་གཞན་ལ་འདྲི་བ་ལས་རང་གིས་དཔེ་ཀློག་དང་བསམ་གཞིག་ཞིབ་དཔྱོད་སུམ་སྒྲིལ་གྱིས་ངེས་ཤེས་རྙེད་ཨེ་ཐུབ་བལྟས་ན་ལེགས་པར་སྙམ་མོ་ཞེས་ཞུའོ། །

འབྲེལ་ཡོད་འོས་སྦྱོར།