logo

2025ལོའི་གེ་སར་རིག་གནས་ཀྱི་མགོ་ལོག་གླེང་སྟེགས་དར་ལག་ནས་སྤེལ་མགོ་བརྩམས།

རྩོམ་པ་པོ།: ཡོང་ཁུངས།:གངས་ལྗོངས་མེ་ལོང་། དུས་ཚོད།:2025-08-27 ཀློག་གྲངས།:
       ཟླ8པའི་ཚེས25ཉིན། 2025ལོའི་གེ་སར་རིག་གནས་ཀྱི་མགོ་ལོག་གླེང་སྟེགས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ནས་སྤེལ་མགོ་བརྩམས། ཐེངས་འདིའི་གླེང་སྟེགས་ཀྱིས་གེ་སར་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བརྗོད་གཞིར་བཟུང་ཡོད་ཅིང་། དམིགས་ཡུལ་ནི་གེ་སར་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། རིག་གནས་ཀྱི་ངོས་འཛིན་ཇེ་དྲག་ཏུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཁྱད་དུ་འཕགས་པའི་རིན་ཐང་དང་དངོས་ཡོད་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་ཆེད་རེད།
       གླེང་སྟེགས་སྐབས་སུ། ཞིན་ཅང་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཧྲིན་ཝེ་ཆུང་གིས«མཱ་ན་སིལོ་རྒྱུས་སྙན་རྩོམ་རིག་གནས་གཞི་གྲངས་ཅན་གྱི་སྲུང་སྐྱོབ་དང་དངོས་བཀོལ་ཞིབ་འཇུག»བརྗོད་གཞིར་བྱས་ཏེ། གཞི་གྲངས་ལག་རྩལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཁྲོད་ཀྱི་གསར་གཏོད་ལག་ལེན་མཉམ་སྤྱོད་བྱས། དབྱང་ཀྲིའུ་ལས་རིགས་ལག་རྩལ་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན། ཀྲུང་གོ་རིག་གནས་ཐོན་ལས་མཐུན་ཚོགས་རིག་གནས་སྟོང་བའི་འཇིག་རྟེན་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་ཨུ་ཡོན་སང་ཙི་ཝིན་གྱིས«མགོ་ལོག་གི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྲུབ་འབྲས་ཀྱི་རྒྱུན་མཐུད་འཕེལ་རྒྱས་རྐྱེན་སྲོལ་ཞིབ་འཇུག»ཐད་ནས་གཏམ་བཤད་སྤེལ་བ་དང་། ཁ་གཏད་རང་བཞིན་ཤུགས་དྲག་ཅིང་། སྤྱོད་གོ་ཆོད་པའི་འཕེལ་རྒྱས་གྲོས་གཞི་གང་མང་བཏོན།
       ཉེ་བའི་ལོ་འདི་འགར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་གེ་སར་རིག་གནས་གཙོར་བཟུང་བའི་གཟུགས་འདས་ཤུལ་བཞག་རིག་གནས་དང་། མི་གཞུང་ཁོར་ཡུག་དང་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་ཁྱོན་ཡོངས་རང་བཞིན་གྱིས་སྲུང་སྐྱོབ་བྱེད་པར་མུ་མཐུད་དུ་ཤུགས་སྣོན་བཞིན་ཡོད། 2014ལོར་མགོ་ལོག་གི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་བཙུགས་ཤིང་། 2023ལོའི་ཟླ7པར་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དུ་རིམ་པ་སྤར།
       མིག་སྔར། སྲུང་སྐྱོབ་ཁུལ་ནང་ཁུལ་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་ལས་གཞི་རིགས་སྣ383དང་། རིམ་པ་བཞི་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རྒྱུན་འཛིན་པ377ཡོད་ལ། གེ་སར་གྱི་མཛད་རྗེས་བཀོད་པའི་གནའ་ཤུལ132ཉར་འཇོག་བྱས་ཡོད། སྔ་གཞུག་ཏུ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བརྒྱུད་སྦྱོང་རྟེན་གཞི76དང་། གཟུགས་འདས་ཤུལ་བཞག་རིག་གནས་ཕྱོགས་བསྡུས་ཡུལ་སྐོར་ཉམས་ལེན་ཁུལ30བཙུགས་ཤིང་། རིམ་བཞིན་ཤུལ་བཞག་རྒྱུ་ནོར་ཕུན་སུམ་ཚོགས་ལ་རིག་གནས་ཀྱི་རྫོང་མཐུག་པ། ཁྱད་ཆོས་མངོན་པར་གསལ་བ། མང་ཚོགས་ལ་ཕན་ཐོགས་པའི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་པ་ཞིག་གྲུབ་ཡོད།
འབྲེལ་ཡོད་འོས་སྦྱོར།