logo

བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་གལ་ཆེན་ཞིག་འབར་ཁམས་ནས་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་བོད་སྐད་རླུང་འཕྲིན། དུས་ཚོད།:2025-09-15 ཀློག་གྲངས།:
       2025ལོའི་ཟླ9བའི་ཚེས12ཉིན། རྒྱལ་ཡོངས་བོད་ཡིག་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་གི་མཐོ་རིམ་གླེང་སྟེགས་སྐབས་བདུན་པ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་འགོ་ཚུགས། བགྲོ་གླེང་ཚོགས་འདུ་གལ་ཆེན་འདི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་གནང་ཞིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་གཞུང་ལས་ཁང་། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་བཅས་ཀྱིས་འགན་སྒྲུབ་མཛད་ནས་འཚོགས་པ་རེད། བོད་ཡིག་གནའ་དཔེ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་སྒྲིག་གཞིའི་ལོ་རྒྱུས་དཔྱད་གཞིའི་མ་ལག་འཛུགས་ཞེས་པའི་བརྗོད་གཞིར་བཟུང་ནས། རྒྱལ་ཡོངས་ཀྱི་མཐོ་སློབ་དང་ཚན་ཞིབ་ལས་ཁུངས།རིག་གནས་རྟེན་རྫས་བཤམས་མཛོད་ཁང་སོགས་སྡེ་ཁག40ལྷག་ཙམ་ནས་ཕེབས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམ་གྱིས་གནའ་དཔེ་ཉར་ཚགས་དང་གྲངས་འཛིན་ཅན་དུ་བསྒྱུར་བ་སོགས་ཀྱི་ཐད་ནས་བགྲོ་གླེང་མཛད།
       གླེང་སྟེགས་དེ་མཐའ་མཚམས་བཅོས་སྐྱོང་དང་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་།གནའ་དཔེ་གྲངས་འཛིན་ཅན་སོགས་ཀྱི་ཁྱབ་ཁོངས་ཚུད་བགྲོ་གླེང་ཚན་ཁག་ཀྱི་འགའ་ཕྱེས་ཡོད་ལ།བོད་ལྗོངས་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན། རྔ་བ་ཁུལ་དགེ་འོས་སློབ་ཆེན་སོགས་མཐོ་སློབ་མང་པོ་ཞིག་གི་མཁས་དབང་ཚོས་གཙོ་དོན་གཏམ་བཤད་གནང་ནས་གྲུབ་འབྲས་མཉམ་སྤྱོད་བྱས་ཡང་། ཚོགས་ཆུང་བགོས་ནས་གྲོས་བསྡུར་བྱེད་པའི་སྐབས་སུ་རིགས་གཅིག་མཁས་ཅན་དང་མཁས་དབང40ལྷག་ཙམ་གྱིས་ཡིག་དེབ་ཞིབ་འཇུག་དང་སྐད་ཡིག་སྲུང་སྐྱོང་།རིག་གནས་སྤེལ་རེས་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་དང་དགོངས་འཆར་ལྷུག་པོ་བསྩལ།
       གནས་ཚུལ་རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་ཀྱི་བོད་ཡིག་གནའ་དཔེའི་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག་མཐོ་རིམ་གླེང་སྟེགས་དེ2017ལོར་བཙུགས་པ་ནས་བཟུང་། དེ་ནི་ལས་རིགས་ཁྱབ་ཁོངས་དེའི་ཐུན་མོང་ངོས་འཛིན་གཅིག་སྡུད་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། སྐབས་འདིའི་གླེང་སྟེགས་དེའང་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ60འཁོར་བའི་དུས་དང་ཁེལ་བས་དོན་སྙིང་གལ་ཆེན་ལྡན། གོམ་སྟབས་རྗེས་མར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་དཔྱད་རྩོམ་དཔེ་སྐྲུན་དང་ཀྲུང་གོའི་བོད་རིག་པ་ཚད་ལྡན་ཡིག་ཆའི་ཐོན་ཁུངས་གཞི་གྲངས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གནའ་དཔེ་གྲངས་འཛིན་ཅན་དང་ཐོན་ཁུངས་མཉམ་སྤྱོད་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།