བོད་ཀྱི་ལོ་རྒྱུས་རིག་གནས་བགྲོ་གླེང་ཚོགས་འདུ་ཞིག་པེ་ཅིང་དུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2025-12-01
ཀློག་གྲངས།:
སྐབས་གཉིས་པའི་བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་གླེང་སྟེགས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཀྱི་མཐོང་སྣེ་འོག་གི་བོད་བཙན་པོའི་ལོ་རྒྱུས་ཞིབ་འཇུག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས།
ཟླ༡༡ཚེས༢༨ཉིན། སྐབས་གཉིས་པའི་བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་གླེང་སྟེགས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཀྱི་མཐོང་སྣེ་འོག་གི་བཙན་པོའི་ལོ་རྒྱུས་ཞིབ་འཇུག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།

གླེང་སྟེགས་འདི་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་རྟ་མགྲིན་དབང་འབུམ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལིའུ་ཝེ་དང་བཀྲ་ལོ་ཚོགས་འདུར་ཞུགས་པ་རེད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། པེ་ཅིང་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། ཐའེ་ཝན་ཀྲུང་གོའི་རིག་གནས་སློབ་ཆེན། ནན་ཁའེ་སློབ་ཆེན། ཧྥུའུ་ཏན་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ནན་ཅིན་དགེ་འོས་སློབ་ཆེན། ཧྲང་ཧའེ་དགེ་འོས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན༡༣དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཁག་ནས་ཡོང་བའི་ཆེད་མཁས་པ་དང་ཤེས་ཡོན་པ༡༠༠ཙམ་ཞུགས་ཡོད།

བགྲོ་གླེང་ཚོགས་འདུའི་ཐོག་དགུང་ལོ་༩༢ལོན་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཁྲེན་ཅན་གྱིས་བརྙན་ལམ་ཐོག་ནས་གཏམ་བཤད་གནང་བཞིན་པ།
ཆེད་མཁས་པ་དང་ཤེས་ཡོན་པ༡༩ཡིས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཐད་ཀྱི་བོད་བཙན་པོའི་ལོ་རྒྱུས་ཞིབ་འཇུག་གི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་བྱས་པ་དང་། བོད་བཙན་པོའི་ལོ་རྒྱུས་ཀྱི་སྤྱི་ཁོག་དང་། ཕྱི་ནང་འགྲོ་འོང་། ནང་བསྟན་རིག་གནས། མི་ཆོས་རིག་གནས། ཁྱིམ་རྒྱུད་ལོ་རྒྱུས་སོགས་ཕྱོགས་ལྔའི་ཐད་ནས་བགྲོ་གླེང་ཟབ་མོ་བྱས་ཏེ། བོད་བཙན་པོའི་ལོ་རྒྱུས་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་དང་སྣ་མང་མཐོང་ཕྱོགས་མངོན་པར་བྱས་ཡོད། བོད་ལྗོངས་ལོ་རྒྱུས་རིག་གནས་གླེང་སྟེགས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གིས་བཙུགས་པའི་སྤེལ་རེས་བགྲོ་གླེང་སྟེགས་བུ་ཆེན་པོ་གསུམ་གྱི་གྲས་ཡིན་ལ། ལོ་གཉིས་རེར་ཐེངས་རེ་འཚོག་བཞིན་ཡོད། དེའི་དམིགས་ཡུལ་ནི་ཕྱི་ཕྱོགས་ལ་རིགས་གཞུང་འབྲེལ་ལམ་འཛུགས་པ་དང་། བོད་ཀྱི་ས་གནས་ལོ་རྒྱུས་ཞིབ་འཇུག་ལ་སྐུལ་འདེད་བཏང་ནས། ཞིབ་འཇུག་ཁང་གི་སྣེ་ཁྲིད་དང་མཐུན་སྦྱོར་ནུས་པ་འདོན་རྒྱུ་དེ་རེད། ༢༠༢༣ལོར་སྐབས་དང་པོའི་གླེང་སྟེགས་དེས་བོད་ཀྱི་གནའ་བོའི་ཤེས་རིག་ལོ་རྒྱུས་ཞིབ་འཇུག་དེ་བརྗོད་བྱ་གཙོ་བོར་བཟུང་ལ། རིགས་གཞུང་ལས་རིགས་ཀྱི་དོ་སྣང་དང་ཁས་ལེན་ཐོབ་ཡོད།

བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
སྐབས་འདིའི་གླེང་སྟེགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ལ་དམིགས་ནས། ཐང་རྒྱལ་རབས་དུས་ཀྱི་བོད་བཙན་པོས་རང་རྒྱལ་གྱི་མི་རིགས་ཁག་དང་ལྷན་དུ་མངའ་ཁོངས་རྒྱ་བསྐྱེད་བྱེད་པ་དང་། མཉམ་དུ་མི་རིགས་མང་པོའི་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་པ། མཉམ་དུ་ངོ་མཚར་གྱི་ལོ་རྒྱུས་རིང་པོ་བསྐྲུན་པ། མཉམ་དུ་འོད་སྟོང་འབར་བའི་རིག་གནས་བསྐྲུན་པ། མཉམ་དུ་རླབས་ཆེན་གྱི་བསམ་བློ་བསྐྲུན་པར་བྱས་རྗེས་བཞག་པ་དང་། བོད་བཙན་པོའི་ལོ་རྒྱུས་ནི་བོད་ཀྱི་ས་གནས་ལོ་རྒྱུས་ཙམ་མ་ཡིན་པར། ཀྲུང་གོའི་མི་རིགས་མང་པོའི་གཅིག་གྱུར་གྱི་རྒྱལ་ཁབ་ཆགས་པ་དང་། མི་རིགས་མཉམ་འདྲེས། རིག་གནས་ཕན་ཚུན་སློབ་སྦྱོང་བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། དེ་ནི་བོད་དང་འབྲེལ་བ་ཡོད་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་གནས་སྟངས་ཀྱི་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་བགྲོ་གླེང་བྱས་ཡོད།

བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
སྐབས་འདིའི་གླེང་སྟེགས་ཐོག་བོད་བཙན་པོའི་ལོ་རྒྱུས་ཞིབ་འཇུག་གི་ཡིག་ཚང་སྔོག་འདོན་དང་མཐོང་སྣེ་རྒྱ་བསྐྱེད། བྱེད་ཐབས་གསར་གཏོད་ཀྱི་བྱ་གཞག་མངོན་པ་མ་ཟད། གྲུབ་འབྲས་མང་པོ་ཞིག་གིས་བོད་བཙན་པོའི་ལོ་རྒྱུས་ལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱ་རྒྱུར་དེ་བས་སྲ་བརྟན་དང་སྣ་མང་གི་རིག་གཞུང་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

སྐབས་གཉིས་པའི་བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་གླེང་སྟེགས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཀྱི་མཐོངསྣེ་འོག་གི་བོད་བཙན་པོའི་ལོ་རྒྱུས་ཞིབ་འཇུག་གི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་ཞུགས་པའི་ཆེད་མཁས་པའི་མཉམ་པར།
འབྲེལ་ཡོད་འོས་སྦྱོར།
