logo

ལོ་གསར་གྱི་གསར་ལ་གསར་ཡིག་དང་སར་ཡིག་གཉིས་གདམ་ངའི་ཚུལ་དུ་བྲི་རུང་མིན་ཐད་ཀྱི་དོགས་སློང་།

རྩོམ་པ་པོ།:ཀུན་ཁྱབ་ཀླུ་བྱམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-02-03 ཀློག་གྲངས།:
       2026ལོའི1ཚེས26ཉིན། དྲ་ལམ་ཞིག་ནས། མིང་ལ་ཤིས་ཚང་ལྗང་མྱུག་ཟེར་བ་ཞིག་གིས2017ལོར་བྲིས་པ་ཡིན་ཟེར་བའི་ལོ་གསར་གྱི་གསར་ལ་གསར་དང་སར་གཉི་ག་འབྲི་རུང་མིན་ཐད་ལ་དཔྱད་བརྗོད་ཐུང་ངུ་ཞིག་སྤེལ་བ་མཐོང་རྗེས། རང་གི་དྲན་ཚུལ་ཉུང་བསྡུས་འདི་ཤར་མར་བྲིས་ཏེ་རྩོམ་དེའི་ཞབས་མཆན་གྱི་ཚུལ་དུ་བཀོད་པ་ཡིན།
       ཁོ་བོས་དུས་རྣམ་ཀུན་ཏུ། གསར་རྙིང་གི་གསར་ནི་མིང་དང་། སར་རམ་བསར་ནི་ལས་ཚིག་ཏུ་འདོད་ཀྱིན་ཡོད་པས། ལོ་གསར་ཐོན་ལ་ཡོད་ཅེས་པའི་སྐབས་སུ་གསར་རྙིང་གི་གསར་དང་། ད་ལོར་ཁྱོད་ཀྱིས་ལོ་གང་ནས་བསར་རྒྱུ་ཡིན་ཞེས་དང་། ད་ལོར་ཁྱོད། རང་ཡུལ་ལ་ལོ་བསར་དུ་ཡོང་བ་ཡིན་ནམ། ལོ་སྐྱིད་པོ་ཞིག་བསོར་ར་སོང་ལྟ་བུའི་སྐད་ཆ་དག་ལ་བརྟག་ན། བསར་དང་བསོར་ཡིག་གི་འབྱུང་ཁུངས་དངོས་ནི་སྤར་དང་སྤོར་ཡིག་ལས་བྱུང་བ་ཡིན་ཏེ། དོན་དམ་དུ་ལོ་རྙིང་བའི་ཚབ་ལ་ལོ་གསར་བ་སྤར་བའམ་བརྗེ་བའི་དོན་ལ་གོ་རིགས། ཨ་མདོའི་ཡུལ་སྐད་དུ། སྤར་ཡིག་ལ་བསར་སྒྲ་ཐོན་ཏེ། རྐང་ཚིགས་སྤར་བ་ལ་རྐང་ཚིགས་བསར་ཟེར་ཞིང་། མིང་བརྗེས་པའམ་སྤོར་བའི་དོན་ལ་མྱིང་བསོར་ཟེར། གནས་སྤར་བའམ་སྤོར་བའི་དོན་ལ་གནས་བསོར་ཟེར། འོ་ན་སྤར་ཡིག་ལས་བསར་ཡིག་ཇི་ལྟར་ཐོན་པ་ཡིན་ཞེ་ན། སྤར་ཡིག་གི་མིང་གཞི་པ་དེ་རང་གི་མགོ་ཅན་ས་དང་རྗེས་འཇུག་ར་ཡིག་གཉིས་ཀྱི་སྔོན་ལ་བས་འཕུལ་གྱི་ཚུལ་དུ་ཡར་འཕོས་པས་ཡིན་ལ། སྤུ་ལ་བསུ་ཞེས་དང་། སྤུན་ལ་བསུན། སྤུངས་ལ་བསུངས། སྤེན་མ་ལ་བསེན་མ་ཟེར་བ་སོགས་ཀྱི་སྒྲ་ཐོན་སྟངས་ལ་རིགས་བསྒྲེ་བྱས་ན་ཤེས་ཡོང་། དེས་ན་གསང་གནད་བཀྲོལ་སྟངས་ཐུང་ཞིང་མྱུར་བ་དེ་ཡིས་གསར་དང་སར་ཡིག་གཉིས་གཞི་ཁུངས་གཅིག་ཏུ་དེད་ནས་དཔྱོད་རིགས་མིན་ལ་བློ་སྐྱེད་གསར་བ་ཞིག་འདོན་སྤྲོད་བྱས་སོང་བ་མིན་ནམ་སྙམ། །
འབྲེལ་ཡོད་འོས་སྦྱོར།