མི་རིགས་གསོ་རིག་བོད་ལུགས་གསོ་རིག་གི་རིག་གཞུང་ཚོགས་འདུ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2026-06-15
ཀློག་གྲངས།:
2026ལོའི་ཟླ6ཚེས12ཉིན་གྱི་སྔ་དྲོར། ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་བོད་ལུགས་གསོ་རིག་ཡན་ལག་ཚོགས་པའི2026ལོའི་རིག་གཞུང་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཐང་ཆེན་གྲོས་ཚོགས་ལྟེ་གནས་ཀྱི་ཐོག་བརྩེགས་གཉིས་པའི་དོམ་ཁྲའི་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། ལས་རིགས་ཀྱི་འགོ་ཁྲིད། ཚོགས་ཞུགས་འཐུས་མི་བཅས་མཉམ་དུ་འཛོམས་ནས་ཐུན་མོང་ཐོག་ནས་རིག་གཞུང་ཚོགས་འདིའི་རྟེན་འབྲེལ་གྱི་ཐོག་མ་བསྒྲིགས།

སྔ་དྲོའི་ཆུ་ཚོད9པར་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། རྔ་བ་ཁུལ་ཏང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་ཡི་དམ་མཚོ་ཡིས་རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ་རྔ་བ་ཁུལ་གྱི་བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་རྨང་གཞི་ཟབ་མོ་དང་ཉེ་བའི་ལོ་ཤས་རིང་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་ངོ་སྤྲོད་ཀྱང་གནང་བ་རེད། མ་ཚད་པར་རྔ་བ་ཁུལ་གྱིས་ད་ཐེངས་ཀྱི་ལོ་ཚོགས་གོ་སྐབས་སུ་བྱས་ནས་བོད་ལུགས་གསོ་རིག་དང་སྨན་རྫས་རྒྱུན་འཛིན་གསར་གཏོད་ལ་སྔར་བས་སྐུལ་འདེད་བཏང་ནས་ས་མཐོའི་ནད་འགོག་བཅོས་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས།

དེ་རྗེས་ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་བོད་ལུགས་གསོ་རིག་ཡན་ལག་ཚོགས་པའི་ཚོགས་གཙོ་བདེ་སྐྱིད་ཀྱིས་ཤིས་ཚིག་གནང་སྟེ། བོད་ལུགས་གསོ་རིག་ཡན་ལག་ཚོགས་པའི་འདས་ཟིན་པའི་ལོ་གཅིག་གི་ལས་ཀའི་གྲུབ་འབྲས་ལ་ཕྱིར་མིག་བལྟས་ནས་བོད་ལུགས་གསོ་རིག་ལ་ས་མཐོའི་ནད་འགོག་བཅོས་དང་། གཅོང་ནད་སྙོམས་སྒྲིགདེ་བཞིན་བདེ་ཐང་ཅན་གྱི་ཀྲུང་གོ་འཛུགས་སྐྲུན་བཅས་ཀྱི་ཁྲོད་དུ་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད་ཅེས་ནན་བཤད་གནང་བ་དང་། རྒྱ་ཆེའི་ལས་རོགས་ཚོས་རིག་གཞུང་གི་ཐོག་མའི་བསམ་འདུན་བརྟན་སྲུང་དང་ཚན་ཞིབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏང་དགོས་གསུངས།

ཚོགས་ཆེན་ཐོག་རང་རྒྱལ་གསོ་རིག་མཁས་ཅན་དགྲ་འདུལ་དང་། རྒྱལ་ཡོངས་ཀྱི་གྲགས་ཅན་ཀྲུང་ལུགས་གསོ་རིག་མཁས་པ་བསྟན་སྲུང་གྲགས་པ། མཚོ་སྔོན་སློབ་ཆེན་ས་མཐོའི་ནད་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་གྷི་ལི་རི་བཅས་ཀྱི་བརྙན་ལམ་ཤིས་ཚིག་བསྟན་པ་རེད། རིགས་གཅིག་མཁས་ཅན་གསུམ་པོས་ཕྱོགས་སོ་སོ་ནས་ད་ཐེངས་ཀྱི་ལོ་ཚོགས་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་བོད་ལུགས་གསོ་རིག་གི་འབྱུང་འགྱུར་ཞིབ་འཇུག་ཁ་ཕྱོགས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་རེ་བ་ནན་པོ་བཏོན།

ཀྲུང་གོ་མི་རིགས་གསོ་རིག་དང་སྨན་རྫས་སློབ་ཚོགས་ཀྱི་ཚོགས་གཙོ་སུའུ་ཀང་ཆང་གིས་ཤིས་ཚིག་ནང་དུ་བོད་ལུགས་གསོ་རིག་དང་སྨན་རྫས་ཡན་ལག་ཚོགས་པའི་རྩ་འཛུགས་ལས་དོན་དང་རིག་གཞུང་ཐོག་གི་བྱས་རྗེས་ལ་ཁས་ལེན་གནང་ཞིང་། བོད་ལུགས་གསོ་རིག་ནི་ཀྲུང་ཧྭ་མི་རིགས་ཀྱི་གསོ་རིག་བང་མཛོད་ནང་གི་གཅེས་ནོར་གལ་ཆེན་ཞིག་ཡིན་པས་ཡན་ལག་ཚོགས་པས་ལས་སྟེགས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས་བོད་ལུགས་གསོ་རིག་ཚད་ལྡན་ཅན་དང་། དེང་རབས་ཅན། རྒྱལ་སྤྱིའི་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
འགོ་ཚུགས་མཛད་སྒོའི་ཐོག་དུ་ད་དུང་རྔ་བ་ཁུལ་གྱིས་བོད་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་དང་དེ་བཞིན་ས་མཐོའི་ནད་འགོག་བཅོས་ཐད་ཀྱི་གདན་ཞུའི་རིགས་གཅིག་མཁས་ལ་དཔང་ཡིག་སྤྲོད་པའི་མཛད་སྒོ་སྤེལ། བོད་ཀྱོ་གསོ་རིག་དང་ས་མཐོའི་ནད་སྨན་བཅོས་ཐད་ལ་བྱས་རྗེས་བཞག་པའི་དགེ་རྒན་ཁག་ཅིག་གདན་ཞུས་གནང་། བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་དང་ས་མཐོའི་ནད་འགོག་བཅོས་ལས་དོན་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་རིག་སྟོབས་འགན་ལེན་ནུས་ལྡན་མཁོ་འདོན་ཐུབ་རྒྱུ་རེད།
འགོ་ཚུགས་མཛད་སྒོའི་ཐོག་དུ་ད་དུང་རྔ་བ་ཁུལ་གྱིས་བོད་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་དང་དེ་བཞིན་ས་མཐོའི་ནད་འགོག་བཅོས་ཐད་ཀྱི་གདན་ཞུའི་རིགས་གཅིག་མཁས་ལ་དཔང་ཡིག་སྤྲོད་པའི་མཛད་སྒོ་སྤེལ། བོད་ཀྱོ་གསོ་རིག་དང་ས་མཐོའི་ནད་སྨན་བཅོས་ཐད་ལ་བྱས་རྗེས་བཞག་པའི་དགེ་རྒན་ཁག་ཅིག་གདན་ཞུས་གནང་། བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་དང་ས་མཐོའི་ནད་འགོག་བཅོས་ལས་དོན་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་རིག་སྟོབས་འགན་ལེན་ནུས་ལྡན་མཁོ་འདོན་ཐུབ་རྒྱུ་རེད།

ད་ཐེངས་ཀྱི་རིག་གཞུང་ལོ་ཚོགས་དུས་ཡུན་ཉིན་གཉིས་ཡིན་པ་དང་གཙོ་དོན་སྙན་ཞུ་དང་། ཆེད་དོན་སྤེལ་རེས། དཔྱད་རྩོམ་མཉམ་སྤྱོད་སོགས་གོ་རིམ་མང་པོ་བཀོད་སྒྲིག་བྱས་འདུག བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ས་ཁུལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། ས་མཐོའི་ནད་འགོག་བཅོས། ནད་ཐོག་སྨན་བཅོས་ཀྱི་ལག་ལེན། གནའ་གཞུང་ཚད་ལྡན་ཡིག་ཆ་སོགས་ཀྱི་གྲོས་གཞི་ལ་བགྲོ་གླེང་མཛད།
འབྲེལ་ཡོད་འོས་སྦྱོར།
