ཀྲུང་གོའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་མཇུག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བོད་ལྗོངས་ལྷ་སར་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2026-07-27
ཀློག་གྲངས།:
ཟླ7པའི་ཚེས21ཉིན་ཀྲུང་གོའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་མཇུག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བོད་ལྗོངས་ལྷ་སར་འཚོགས། བོད་ལྗོངས་དང་། ནང་སོག ཀན་སུའུ་སོགས་ས་གནས་མང་པོ་ནས་ཡོང་བའི་ཆེད་མཁས་པ་དང་མཁས་དབང་མཉམ་དུ་འཛོམས་ནས་རང་སོ་སོའི་ལྟ་ཚུལ་བརྗོད། བགྲོ་གླེང་ཚོགས་འདུ་དེ་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་བཙུགས་ནས་ལོ་བཅུ་འཁོར་བའི་དུས་དང་སྐབས་འཁེལ་བ་དང་། དེའི་དམིགས་ཡུལ་ནི་ཆུ་ཚད་མཐོ་བའི་རིག་གཞུང་སྤེལ་རེས་ཀྱི་གོ་སྐབས་བསྐྲུན་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་དེ་ཆེད་ལས་ཅན་དང་། མ་ལག་ཅན། དབང་གྲགས་ཅན། གཙོ་རྒྱུན་ཅན་བཅས་ཀྱི་དུས་མཚམས་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

ཞིབ་མཇུག་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
བགྲོ་གླེང་ཚོགས་འདུའི་ཐོག་བོད་རིག་པ་དང་། གནའ་གཞུང་རྩོམ་རིག མི་རིགས་རིག་གནས། དམངས་སྲོལ་སྒྱུ་རྩལ། བཅའ་ཁྲིམས་སོགས་ཁྱབ་ཁོངས་ཀྱི་མཁས་དབང་རྒན་གཞོན་མཉམ་འཛོམས་བྱས་ཏེ་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལོ་རྒྱུས་ཁུངས་འཚོལ་ར་སྤྲོད། ཡིག་དེབ་དཔྱད་འགྲེལ། སྒྱུ་རྩལ་རྒྱུན་འཛིན། དེང་རབས་རིན་ཐང་། ཕྱི་ཕྱོགས་ཁྱབ་སྤེལ། གཅིག་མཐུན་ཚོགས་པ་འཛུགས་སྐྱོང་སོགས་གྲོས་གཞི་གཙོ་བོར་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་ལ་གཟབ་ནན་དང་། དབང་གྲགས་ཀྱི་ཞིབ་མཇུག་གསལ་འགྲེལ་མ་ལག་འཛུགས་ཡོད།
ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་འགན་འཁུར་བ་ལིའུ་ཕེང་གིས་གཏམ་བཤད་སྤེལ་སྐབས། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་དང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་ལྟ་བ་མཐའ་འཁྱོངས་བྱས་ནས། ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཀྲུང་གོའི་བོད་ལྗོངས་ཀྱི་ལྷོ་རྒྱུད་ནི་ཀྲུང་གོའི་ཡིན་པ་དང་ཚངས་དབྱངས་རྒྱ་མཚོའི་རིག་གནས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པ་གསལ་འགྲེལ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཅེས་བརྗོད།
བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་གཡང་འཛོམས་ཀྱིས་དུས་ཡུན་རིང་པོའི་ནང་དམངས་ཁྲོད་བརྒྱུད་བསྒྲགས་དང་། གསལ་འགྲེལ་མི་གཅིག་པ། ས་ཁོངས་ཀྱི་ཕྱོགས་རེས་འགྲེལ་པ་སོགས་ལས་ཚངས་དབྱངས་རྒྱ་མཚོའི་རིག་གནས་བརྒྱུད་བསྒྲགས་ཐད་འགྲེལ་པ་ཆ་མི་ཚང་བ་དང་འགྲེལ་པ་གང་འདོད་བྱེད་པ། ཀུ་རེ་ཚུལ་དུ་བྱེད་པ་སོགས་ཀྱི་སྣང་ཚུལ་ཡོད་ལ། ལྷག་པར་ཏུ་རྒྱལ་ཕྱིའི་སྟོབས་ཤུགས་ཁ་ཤས་ཀྱིས་ལུང་ཚིག་ལོག་འདྲེན་དང་འགྲེལ་པ་ནོར་འཁྲུལ། ཡིན་མིན་གོ་ལྡོག གླེང་ཕྱོགས་ལོག་འཁྲིད་བྱས་ཡོད་ཅེས་བཤད། ཚེ་རིང་གཡང་འཛོམས་ཀྱིས་རྩ་བ་ནས་དག་སེལ་བྱེད་པ་དང་། རིག་གཞུང་གཏམ་བཤད། འགྲེལ་པ་ཚད་ལྡན་དུ་གཏོང་བ། དྲང་ཕྱོགས་བརྒྱུད་བསྒྲགས་བཅས་ནི་དུས་རབས་གསར་པར་ངེས་པར་དུ་ཁུར་དགོས་པའི་དུས་རབས་ཀྱི་འགན་འཁྲིར་གྱུར་ཡོད་ཅེས་ནན་བཤད་བྱས།

ཞིབ་མཇུག་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
ཚོགས་འདུའི་ཐོག་བསྟན་དོན། ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་ནི་ལས་སླ་བའི་རྩོམ་རིག་མྱོང་དཔྱད་ཅིག་གཏན་ནས་མིན་པར། དེ་ནི་བོད་ལྗོངས་ཀྱི་ཤེས་རིག་འཕེལ་རྒྱུན་རྒྱུན་བསྲིང་དང་། མི་རིགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། རྒྱལ་ཁབ་མངའ་ཁོངས་ཀྱི་བདག་དབང་གསལ་བསྒྲགས་བྱེད་པ། ཕྱི་ཕྱོགས་རིག་གནས་ཀྱི་སྐད་ཆ་ཤོད་དབང་ཁོང་དུ་ཆུད་པ་བཅས་ཀྱི་རིག་གནས་ལས་གྲྭ་གལ་ཆེན་ཞིག་རེད། ཁུངས་འཚོལ་ར་སྤྲོད་དང་ལོ་རྒྱུས་ཀྱི་དོན་དངོས་གསེད་བཀྲོལ་ཏན་ཏིག་བྱེད་པ་ནི་རིག་གཞུང་གྲུབ་འབྲས་ལ་བརྟེན་ནས་ལོ་རྒྱུས་ཀྱི་དོན་དངོས་དང་ཁྲིམས་གཞིའི་གཞི་འཛིན་ས་ར་སྤྲོད་བྱེད་པ་དང་། རིག་གནས་ཞིབ་འཇུག་གི་བྱེད་སྟངས་ལ་བརྟེན་ནས་རང་རྒྱལ་གྱི་མངའ་ཁོངས་བདག་དབང་ཆ་ཚང་སྲུང་སྐྱོང་བྱེད་པ་དེ་རེད།
ད་ཆ། ཚངས་དབྱངས་རྒྱ་མཚོའི་རིག་གནས་དེ་རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱ་ཁྱབ་ངང་དགའ་པོ་བྱེད་པའི་མཐོ་སྒང་རིག་གནས་ཀྱི་མིང་བྱང་ཞིག་ཏུ་གྱུར་པ་དང་། མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་རིག་གནས་ཀྱི་གཞི་རྟེན་ཞིག་ཡིན་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། ཚད་ལྡན་དང་བརྒྱུད་རིམ་ལྡན་པའི་རིག་གཞུང་ཞིབ་འཇུག་དང་། དོན་དངོས་དང་མཐུན་པའི་རིག་གནས་གསལ་འགྲེལ། རྒྱུན་མཐུད་ཀྱི་དྲང་ཕྱོགས་བརྒྱུད་བསྒྲགས་བཅས་བྱས་པ་བརྒྱུད། བོད་ལྗོངས་ཀྱི་མཆོག་ནོར་དེས་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་དང་། མི་རིགས། རྒྱལ་ཁབ་བཅས་ཀྱི་ངོས་འཛིན་གཅིག་མཐུན་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད།

ཞིབ་མཇུག་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
བརྒྱུད་རིམ་དང་དབང་གྲགས་ལྡན་པའི་ཞིབ་འཇུག་གྲུབ་འབྲས་དེས་རང་ཉིད་གཙོ་བོར་འཛིན་པ་དང་རྩ་བ་ནས་དག་སེལ་བྱེད་པ་མཐའ་འཁྱོངས་ཀྱིས་བོད་ལྗོངས་དང་འབྲེལ་བའི་རིག་གནས་འགྲེལ་བཤད་ཀྱི་གཙོ་ཁྲིད་དབང་ཆ་དང་། རིག་གཞུང་སྐད་ཆ་ཤོད་དབང་། གླེང་ཕྱོགས་ཁྲིད་སྟོན་དབང་ཆ་བཅས་ཁོང་དུ་ཆུད་པར་ཕན་ཐོགས་ཡོད་པ་དང་ནོར་འཁྲུལ་གྱི་བསམ་ཕྱོགས་བཀག་འགོག་བྱས་ཏེ། གནད་ལ་འཁེལ་བ་དང་མིག་མཐོང་ལག་འཛིན་ཐུབ་པ། དོན་དངོས་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་བརྗོད་དགོས། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་། སྲུང་སྐྱོབ། རྒྱུན་འཛིན། དར་སྤེལ་བཅས་ཀྱི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ནས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་གནས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བསྟན།ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་མཐུན་ཚོགས་ཀྱི་ལོ་བཅུའི་རིང་གི་གསོག་འཇོག་ལ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་རིག་གནས་འཐབ་ཇུས་དང་དམ་པོར་འབྲེལ་བ། རིག་གཞུང་ལས་རིགས་ཀྱི་བློ་གྲོས་གཅིག་ཏུ་འདུས་པ། ཞིབ་འཇུག་གི་ཞན་ཆ་གསབ་པ། ཐུན་མོང་གི་ངོས་འཛིན་གཅིག་གྱུར་འགྲེལ་བཤད་བྱེད་པ་བཅས་བྱས་ནས་རིག་གཞུང་ལ་བརྟེན་ནས་གནས་ལུགས་གསལ་འགྲེལ་དང་། རིག་གནས་ལ་བརྟེན་ནས་མི་སེམས་གཅིག་ཏུ་སྒྲིལ་བ། ཡང་དག་པའི་སྨྲ་བརྗོད་ལ་བརྟེན་ནས་ནོར་འཁྲུལ་སེལ་བ་བཅས་དངོས་སུ་ཐུབ་པ་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
