logo

རྒྱལ་ཡོངས་སྲིད་གྲོས་སྐབས༡༣པའི་གྲོས་ཚོཊ་ཐེངས༥པ་གཟབ་རྒྱས་ངང་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2022-03-07 ཀློག་གྲངས།:
        ཟླ༣པའི་ཚེས༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད༣སྟེང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གྲོས་ཚོགས་ལ་ཞུགས། ཀྲང་ཆིང་ལི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་ཅིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ་བ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་འབུལ་བཞིན་པའི་ཚུལ།
ཀྲང་ཆིང་ལི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་བཞིན་པའི་ཚུལ།
ལིའུ་ཞིན་ཁྲེང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གྲོས་གཞི་བྱ་བའི་སྐོར་གྱི་སྙན་ཞུ་འབུལ་བཞིན་པའི་ཚུལ།
འབྲེལ་ཡོད་འོས་སྦྱོར།