logo

རྒྱལ་ཁབ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་རྒྱུན་ཤེས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། དུས་ཚོད།:2022-04-15 ཀློག་གྲངས།:
༡ ཁྲིམས་འཛུགས་དམིགས་ཡུལ།
        རྒྱལ་ཁབ་བདེ་འཇགས་དང་མི་དམངས་དམངས་གཙོས་སྲིད་འཛིན་བྱེད་པའི་སྲིད་དབང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཁག་ཐེག་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད། རྩ་ཁྲིམས་གཞིར་བཟུང་སྟེཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་བདེ་འཇགས་བཅའ་ཁྲིམསའདི་བཟོས་པ་ཡིན།

༢ རྒྱལ་ཁབ་བདེ་འཇགས་བྱ་བའི་མགོ་ཁྲིད།
        ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་བདེ་འཇགས་བྱ་བར་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་བསྡུས་གཅིག་གྱུར་དང་ནུས་པ་མཐོ་ཞིང་ཟིལ་ཤུགས་ཆེ་བའི་རྒྱལ་ཁབ་བདེ་འཇགས་མགོ་ཁྲིད་ལམ་ལུགས་གཟུག་དགོས།
        ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་མགོ་ཁྲིད་སྡེ་ཁག་གིས་རྒྱལ་ཁབ་བདེ་འཇགས་བྱ་བའི་ཇུས་གཅོད་དང་གྲོས་སྡུར་སྙོམས་སྒྲིག རྒྱལ་ཁབ་བདེ་འཇགས་འཐབ་ཇུས་དང་འབྲེལ་ཡོད་ཁ་ཕྱོགས་སྲིད་ཇུས་གལ་ཆེན་ཞིབ་འཇུག་སྒྲིག་བཟོ་དང་མཛུབ་སྟོན་ལག་བསྟར་བྱེད་པ། རྒྱལ་ཁབ་བདེ་འཇགས་ཀྱི་དོན་ཚན་གལ་ཆེན་དང་བྱ་བ་འགངས་ཆེན་གཅིག་གྱུར་སྙོམས་སྒྲིག་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས།

༣ སྤྱི་དམངས་དང་རྩ་འཛུགས་ཀྱི་འོས་འགན།
        སྤྱི་དམངས་དང་རྩ་འཛུགས་ཀྱིས་གཤམ་གསལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་འོས་འགན་དག་ཀྱང་བསྒྲུབ་དགོས་པ་སྟེ།
        1.རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་བཅས་ཀྱི་ནང་དུ་བཀོད་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱ་རྒྱུ།
        2.རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་བྱེད་སྒོ་ཡི་ཁུངས་སྣེ་ལམ་སེང་སྙན་སེང་ཞུ་རྒྱུ།
        3.རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་འབྱུང་བར་འབྲེལ་བ་ཡོད་པའི་དཔང་རྟགས་རྣམས་ཇི་མ་ཇི་བཞིན་འདོན་སྤྲོད་བྱ་རྒྱུ།
        4.རྒྱལ་ཁབ་བདེ་འཇགས་བྱ་བར་སྟབས་བདེའི་ཆ་རྐྱེན་འདོན་པའམ་ཡང་ན་གཞོགས་འདེགས་གཞན་དག་བྱ་རྒྱུ།
        5.རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་སྤྱི་བདེ་ལས་ཁུངས། འབྲེལ་ཡོད་དམག་དོན་ལས་ཁུངས་བཅས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་རྒྱུ།
        6.རྒྱལ་ཁབ་ཀྱི་གསང་དོན་ཤེས་པ་རྣམས་དམ་སྲུང་བྱ་རྒྱུ།
        7.བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་བཀོད་པའི་འོས་འགན་གཞན་དག་བཅས་སོ། ། 
        མི་སྒེར་དང་རྩ་འཛུགས་གང་རུང་ལ་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་མི་རུང་བ་དང་། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་མི་སྒེར་དང་རྩ་འཛུགས་གང་རུང་ལ་རྒྱུ་ནོར་གྱིས་རོགས་རམ་དང་གཞོགས་འདེགས་གང་ཡང་བྱས་མི་ཆོག
        ལས་ཁུངས་དང་མི་དམངས་ཚོགས་པ། ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་སྡེ་ཚན་སོ་སོའི་མི་སྣར་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་སློབ་གསོ་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་བཀག་འགོག་བྱ་དགོས།
        ཁེ་ལས་དང་བྱ་ལས་རྩ་འཛུགས་ཀྱིས་རྒྱལ་ཁབ་བདེ་འཇགས་བྱ་བའི་བླང་བྱ་ལྟར་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་བདེ་སྲུང་གི་བྱེད་ཐབས་སྤྱོད་དགོས། 

༤ སྤྱི་དམངས་དང་རྩ་འཛུགས་ཀྱི་ཁེ་དབང་།
        སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་བདེ་འཇགས་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་དགོས། 
        རྒྱལ་ཁབ་བདེ་འཇགས་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་པའི་རྐྱེན་གྱིས་རང་ཉིད་དང་ཡང་ན་རང་གི་གཉེན་ཉེའི་མི་ལུས་བདེ་འཇགས་ལ་ཉེན་ཁ་བྱུང་ན། སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་སྲུང་སྐྱོང་བྱེད་རོགས་ཞུས་ཆོག་ལ། སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁྲིམས་ལྟར་སྲུང་སྐྱོང་བྱེད་ཐབས་སྤྱོད་དགོས། 
        སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་བདེ་འཇགས་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་པའི་རྐྱེན་གྱིས་རྒྱུ་ནོར་ལ་གྱོང་གུན་ཐེབས་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྐྱིན་ཚབ་གཞལ་དགོས་ལ། ལུས་པོར་རྨས་སྐྱོན་ཐེབས་པའམ་ཤི་བ་ཡིན་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གྱོང་གུན་ཁ་གསབ་བྱ་དགོས། 
        སྤྱི་དམངས་དང་རྩ་འཛུགས་ལ་རྒྱལ་ཁབ་བདེ་འཇགས་བྱ་བའི་ཐད་ནས་རྒྱལ་ཁབ་ལས་ཁུངས་ལ་སྐྱོན་བརྗོད་དང་བསམ་འཆར་འདོན་པའི་ཁེ་དབང་ཡོད་པ་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་དེའི་ལས་བྱེད་པས་རྒྱལ་ཁབ་ཀྱི་བདེ་སྲུང་བྱ་བའི་ཁྲོད་ཁྲིམས་འགལ་དང་ནོར་འཁྲུལ་གྱི་བྱ་སྤྱོད་བྱུང་ན། དེའི་སྐོར་ནས་སྙན་འབུལ་དང་ཞུ་གཏུག ཐེར་འདོན་བྱེད་དབང་ཡོད།
        རྒྱལ་ཁབ་བདེ་འཇགས་བྱ་བའི་ཁྲོད་དུ། སྤྱི་དམངས་ཀྱི་ཁེ་དབང་དང་རང་དབང་ལ་དམིགས་བསལ་གྱིས་ཚོད་འཛིན་བྱེད་དུས། བཅའ་ཁྲིམས་བརྩེ་སྲུང་བྱ་དགོས་པར་མ་ཟད། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་དགོས་མཁོ་དང་དངོས་ཚད་གཞིར་འཛིན་དགོས།

༥ རྒྱལ་ཁབ་བདེ་འཇགས་ཐད་ཀྱི་འགན་འཁྲི།
        རྒྱལ་ཁབ་སྡེ་ཁག་གི་ལས་བྱེད་མི་སྣས་རྒྱལ་ཁབ་བདེ་འཇགས་བྱ་བ་དང་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་བྱ་འགུལ་ཁྲོད། འགན་དབང་གང་འདོད་དུ་སྤྱོད་པ་དང་འགན་འཁྲི་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་ཟོལ་བྱེད་པ་བཅས་བྱས་ཚེ། ཁྲིམས་ལྟར་བཅའ་ཁྲིམས་འགན་འཁྲི་བདའ་འདེད་བྱ་དགོས།
        མི་སྒེར་དང་རྩ་འཛུགས་གང་རུང་བཅའ་ཁྲིམས་འདི་དང་འབྲེལ་ཡོད་བཅའ་ཁྲིམས་ལ་འགལ་ཏེ། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་འོས་འགན་ལག་བསྟར་མི་བྱེད་པའམ་ཡང་ན་རྒྱལ་ཁབ་བདེ་འཇགས་བྱ་འགུལ་ལ་གནོད་སྐྱོན་ཐེབས་པའི་བྱ་སྤྱོད་སྤེལ་ཚེ། ཁྲིམས་ལྟར་བཅའ་ཁྲིམས་འགན་འཁྲི་བདའ་འདེད་བྱ་དགོས།
འབྲེལ་ཡོད་འོས་སྦྱོར།