མཚོ་ལྷོ་ཁུལ་སྲིད་གཞུང་གིས་ཏང་ཙུའུ་ཡི་ཚོགས་འདུ་བསྡུས་ནས་དུས་ཚིགས་དང་པོའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས།
རྩོམ་པ་པོ།:འདི་ག་རྩོམ་སྒྲིག་ཁང་།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-04-27
ཀློག་གྲངས།:
ཟླ༤ཚེས༢༥ཉིན་ཁུལ་སྲིད་གཞུང་གིས་ཏང་ཙུའུ་ཡི་ཚོགས་འདུ་བསྡུས་ནས་དུས་ཚིགས་དང་པོའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀརྨ་ཕུན་ཚོགས་ལགས་ནས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།
ཚོགས་ཐོག་ཏུ། དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར། བརྟན་འཁྱོངས་བྱ་རྒྱུ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། ལོ་འགོའི་ཁུལ་ཨུའི་ཚང་འཛོམས་ཚོགས་འདུ་དང་ཁུལ་མི་དམངས་འཐུས་ཚོགས་སྟེང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལ་དམ་པོར་དམིགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། ནུས་ཤུགས་ཡོད་རྒུས“བརྟན་པོ་དྲུག་”དང་“འགན་ལེན་དྲུག”གི་ལས་དོན་ཡག་པོ་བསྒྲུབས་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ཐད་བརྟན་ཐོག་ཡར་འཕེལ་དང་སྤྱིའི་ཆ་ནས་ལེགས་པའི་དགེ་མཚན་ལྡན་པའི་རྣམ་པ་མངོན་ཡོད་པས། “སྒོ་འབྱེད་བརྟན་པོ”དང“འགོ་ཡག་པོ་འཛུགས་པའི”དམིགས་ཚད་མངོན་འགྱུར་བྱུང་བ་རེད།
གཞན་ཡང་། མིག་སྔར་རྒྱལ་སྤྱི་དང་རྒྱལ་ནང་གི་རིམས་ནད་གནས་ཚུལ་སྔར་བཞིན་ཛ་དྲག་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་ཕྱི་ནང་གཉིས་གྱི་ཁོར་ཡུག་སྔར་ལས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ། ངེས་གཏན་མེད་པའི་རྒྱུ་རྐྱེན་སྔར་བཞིན་ཅུང་མང་བ། ཉེན་ཁ་དང་འགྲན་སློང་དུས་ཡུན་རིང་པོར་འགྲོགས་པར་མ་ཟད། རང་ངོས་ཀྱི་གྲུབ་ཆའི་རང་བཞིན་གྱི་འགལ་བ་དུས་ཐུང་ནང་འགྱུར་ལྡོག་གཏོང་དཀའ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོག་ཤུགས་ཆེ་བ་དང་ཚོད་འཛིན་མང་བས། དཔལ་འབྱོར་འཁོར་སྐྱོད་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་དང་བརྡར་ཤ་གཏིང་ཟབ་བཅད་དེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། སྲིད་ཇུས་ཀྱི་གོ་སྐབས་སྣ་ཚོགས་དམ་འཛིན་དང་། གྲུབ་ཚུལ་ལེགས་སྒྲིག་དང་བྱེད་སྟངས་བསྒྱུར་བ། ལས་གཞི་དམ་འཛིན་གྱིས་མ་འཇོག་མང་དུ་གཏོང་རྒྱུ། འཛད་སྤྱོད་རྒྱ་སྐྱེད་ཀྱིས་ནང་མཁོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག དུས་ཚིགས་གཉིས་པའི་དཔལ་འབྱོར་འཁོར་སྐྱོད་ཀྱིས་ལོ་སྟོད་ལ་ཤུགས་རྐྱེན་ཐེབས་པར་མ་ཟད་ལོ་ཧྲིལ་པོར་ཡང་ཤུགས་རྐྱེན་ཐེབས་པས་གལ་འགངས་ཤིན་ཏུ་ཆེ་བའི་དུས་མཚམས་ཤིག་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་འཁྱོངས་བྱས་ཏེ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང་ཡིད་ཆེས་བརྟན་པོ་དང་། དམིགས་ཚད་ལ་དམ་པོར་དམིགས་པ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་བཅས་བྱས་ཏེ“ཕྱེད་བརྒལ་གཉིས”ཀྱི་དམིགས་འབེན་ཤུགས་ཆེན་པོས་མངོན་འགྱུར་བྱས་ནས”ལོ་ཧྲིལ་པོའི་གཏན་འཇགས”ལ་རྨང་གཞི་བརྟན་པོ་འདིང་བ། བློ་བརྟན་འགྱུར་མེད་ངང་ལས་གཞི་གལ་ཆེན་དམ་འཛིན་བྱས་ནས་དཔལ་འབྱོར་ལས་དོན་ལག་ལེན་དུ་བསྟར་བ་དང་། དཀའ་ངལ་ཁྱད་བསད་ཀྱིས་ལས་གཞི་བརྩོན་ལེན་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ལས་གཞི་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་ལས་གཞི་ཆེན་པོར་བརྟེན་ནས་མ་འཇོག་ཆེན་པོར་སྐུལ་ཁྲིད་བྱེད་པ་དང་། མ་འཇོག་ཆེན་པོར་བརྟེན་ནས་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་གཏོད་རྒྱུར་དམིགས་ནས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། འབྲི་གཡག་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་རྒྱས་སྐྲུན་བྱེད་པ། གཞི་ཁྱོན་ཅན་གྱི་ཁྱད་ལྡན་གསོ་ཚགས་རྟེན་གཞིར་རོགས་སྐྱོར་བྱེད་པ། དེང་རབས་ཞིང་འབྲོག་ལས་ཀྱི་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་ནུས་ཤུགས་ཡོད་རྒུས་སྐྲུན་དགོས། ཐོན་ལས་ཀྱི་ཁུར་པོ་འཁུར་བ་དང་། ཞིང་ཆེན་ནང་ཁུལ་གྱི་གློག་སྤྱོད་ཁེ་ལས་ཀྱིས་ཐད་ཀར་ཉོ་སྒྲུབ་བྱེད་པ། གཙང་གསུམ་འགོ་ཁུངས་ཀྱི་དྭངས་གཙང་དྲོད་ལེན་སོགས་ཀྱི་བྱེད་ཐབས་སྤྱད་དེ་ས་གནས་རང་དུ་སྤྱོད་ཚད་ཀྱི་བསྡུར་ཚད་མཐོ་རུ་བཏང་ནས་ནུས་རྒྱུ་གཙང་མ་གཅིག་བསྡུས་དང་། ཕྱིར་གཏོང་། བེད་སྤྱོད་བཅས་བྱེད་པའི་ལྟེ་བའི་རྟེན་གཞི་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཚུལ་ནན་བཤད་གནང་། ད་དུང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚོང་པར་གོང་བཅག་ཁེ་སྤྲོད་དང་སྐད་འཕྲིན་གྱི་ཤོག་ཆག་སྤྲོད་རྒྱུ། འཛད་སྤྱོད་ཕྱིར་སློག་འཛིན་ཤོག་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་དམངས་ཕན་དང་ཁེ་ལས་ཀྱི་བདེ་ཐང་འཛད་སྤྱོད་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་འཛད་སྤྱོད་བསྐྱར་འཕར་དང་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བྱེད་དགོས། ཁྲལ་ཁུངས་གཙོ་བོ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། གཙོ་གནད་ཁྲལ་ཁུངས་སྐྱེད་སྲིང་ཧུར་ཐག་བྱེད་པ། ཁྲལ་འབབ་བསྡུ་ལེན་དང་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱས་ཏེ་མངོན་མེད་ཡོང་འཕར་དང་བསྡུ་དགོས་རིགས་ཚང་མ་བསྡུ་བ་བྱེད་ཐུབ་དགོས། ནོར་སྲིད་མ་དངུལ་གྱོང་གུན་ཆུད་ཟོས་སུ་འགྲོ་བ་དང་བེད་སྤྱོད་ནུས་ལྡན་བྱེད་མི་ཐུབ་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་བསྟུན་ནས་ཚོང་འགུག་མ་འདྲེན་ཐོན་ལས་མཛུབ་ཁྲིད་ཞིབ་འཇུག་དང་གཏན་འབེབས་བྱེད་པ། ཚོང་ལས་ལ་བརྟེན་ནས་ཚོང་འགུག་དང་། མཚམས་སྦྱོར་ཚོང་འགུག། ཐོན་ཁུངས་ཚོང་འགུག དྲ་ཐོག་ཚོང་འགུག་བཅས་ཀྱི་ལམ་སྲོལ་གསར་པ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྒོ་དབྱེ་ཚོང་འགུག་གི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་གཏོད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་གིས་ལོ་འགོར་ཁས་བླངས་པའི་དོན་དངོས་ཀྱི་འདུ་འགོད༢༠མགྱོགས་མྱུར་ངང་བསྒྲུབས་པ་དང་། གྲོང་གསེབ་དར་རྒྱས་དང་ལས་ཞུགས། ཡོང་འབབ། སློབ་གསོ། འཕྲོད་བསྟེན། རིག་གནས། སྡོད་ཁང་། རྒན་གསོ་སོགས་ཀྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་འབབ་དང་བདེ་སྐྱིད་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
གཞན་ཡང་ཚོགས་འདུའི་ཐོག་ཏུ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དུ་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་བཅས་བྱས་ཏེ་སྔར་བས་ལྷག་པའི་གཟབ་ནན་གྱི་སྤྱོད་ཚུལ་དང་ནུས་ལྡན་གྱི་བྱ་ཐབས་བཀོལ་ནས་འགག་སྒྲོལ་དཀའ་སེལ་དང་དཀའ་སྤྱད་དངོས་སྒྲུབ་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། ད་ལོའི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཏེ། ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་བྱེད་དགོས་ཞེས་བླངས་བྱ་ནན་མོ་བཏོན།
འབྲེལ་ཡོད་འོས་སྦྱོར།