logo

ལིས་ཀང་སོཊ་ཀྱིས་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བྱ་བར་ཞིབ་བཤེར་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-05-12 ཀློག་གྲངས།:
        ཟླ5བའི་ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་གུང་ཧོ་རྫོང་གི་བྱིས་སྐྱོང་ཁང་དང་མཚོ་སྔོན་པོ་ཐང་ཆེན། དེ་མིན་ཁུལ་མི་དམངས་སྨན་ཁང་གི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སོགས་སུ་བསྐྱོད་དེ་རིམས་ནད་སྔོན་འགོག་བྱེད་པའི་མི་སྣ་ཡོངས་ཀྱིས་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ལས་དོན་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་ནས་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་འཚམས་འདྲི་བྱས་པ་དང་འབྲེལ། རིམས་ནད་སྔོན་འགོག་བྱེད་པའི་མི་སྣས་གཟབ་ནན་གྱི་བྱ་སྤྱོད་ཁུར་དུ་བཏེགས་ཏེ་ཚན་རིག་དང་མཐུན་པ། སྒྲིག་སྲོལ་དང་ལྡན་པ། གྲུབ་འབྲས་ཡོད་པ། བདེ་འཇགས་ཡིན་པ་བཅས་ཀྱི་སྒོ་ནས་ཉིང་སྐྱུར་བརྟག་དཔྱད་ནན་ཏན་གྱིས་བྱེད་དགོས་པར་རེ་བ་བཏོན།
ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་དཔོན་ཀརྨ་ཕུན་ཚོགས་གུང་ཧོ་རྫོང་བྱིས་སྐྱོང་ཁང་དུ་བསྐྱོད་པ།
        ས་ཁུལ་མི་འདྲ་བར་སླེབས་དུས། ལིས་ཀང་དང་ཀརྨ་ཕུན་ཚོགས་གཉིས་ཀྱིས་ཡུལ་དངོས་ཀྱི་བརྟག་དཔྱད་མི་སྣའི་གྲངས་འབོར་དང་དངོས་དཔེ་བརྒྱུད་འདྲེན། ཞིབ་བཤེར་གནས་ཚུལ། ཉེན་ཁའི་མངོན་མེད་ཀྱི་དོ་དམ་ཚོད་འཛིན་སོགས་ཀྱི་གནས་ཚུལ་ལ་འདྲི་རྩད་དང་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ཏེ་བཀོལ་སྤྱོད་ཚད་ལྡན་དང་ཞབས་ཞུ་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་གོ་རིམ་དང་ལྡན་པ། ནུས་པ་དང་ལྡན་པའི་སྒོ་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་པར་སྒྲིག་འཛུགས་ལེགས་པོ་བྱས་ཏེ་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བར་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་སྟེ་མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན།
ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་དཔོན་ཀརྨ་ཕུན་ཚོགས་མཚོ་སྔོན་པོ་ཐང་ཆེན་གྱི་བརྟག་དཔྱད་ས་ཚུགས་སུ་བསྐྱོད་པ།
        བརྟག་དཔྱད་ས་ཚུགས་རེ་རེ་ནས་ལིས་ཀང་དང་ཀརྨ་ཕུན་ཚོགས་གཉིས་ཀྱིས་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣའི་དོ་དམ་ལ་ཁྲིད་སྟོན་དང་མ་དཔེ་འཚོལ་བསྡུ་སོགས་ཀྱི་གནས་ཚུལ་ལ་ནན་ཏན་གྱིས་ལྟ་ཞིབ་བྱས་ནས་སྤྱི་ཚོགས་ཀྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་ཕྲུ་གུ་དང་སྦྲུམ་མ། རྒན་རྒོན་སོགས་ལ་དམིགས་བསལ་གྱི་ཞབས་ཞུའི་དགོས་མཁོ་སྐོང་དགོས་པའི་བླང་བྱ་བཏོན་པ་རེད། ཐོག་མཐའ་བར་གསུམ་དུ་གནད་དོན་ཐད་ཀྱི་ཡང་དག་པའི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་བསྡོམས་ཐེངས་དང་པོ་བྱེད་མཁན་ཡོངས་ཀྱི་ཉིང་སྐྱུར་བརྟག་བཤེར་ཁྲོད་ཐོན་སླ་བའི་གནད་དོན་ལ་ཤེས་རྟོགས་བྱེད་པར་མཐོང་ཆེན་བྱས་ཏེ“སྔོག་འཐུ་དང་ཕར་སྐྱེལ། ཞིབ་བཤེར། ཡར་ཞུ། སྤོ་སྒྱུར། བསྡུ་ལེན”བཅས་ཀྱི་བརྒྱུད་རིམ་ཧྲིལ་བོ་ཚད་གཞི་ཅན་དང་འཐུས་ཚང་ཅན་དུ་བཏང་སྟེ་བརྟག་དཔྱད་བྱེད་པའི་རིང་ལ་རིམས་ནད་འགོ་བར་དོགས་ཟོན་བྱས་ནས་ཉིང་སྐྱུར་བརྟག་དཔྱད་ཀྱི་བྱ་བར་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས་པར་བླང་བྱ་བཏོན་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་དཔོན་ཀརྨ་ཕུན་ཚོགས་ཁུལ་མི་དམངས་སྨན་ཁང་གི་བརྟག་དཔྱད་ས་ཚུགས་སུ་བསྐྱོད་པ།
        ལིས་ཀང་དང་ཀརྨ་ཕུན་ཚོགས་གཉིས་ཀྱིས་རིམས་འགོག་ས་ཚུགས་ཀྱི་ལས་དོན་མི་སྣའི་བདེ་འཇགས་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། གང་དུ་སླེབས་ཀྱང་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་མ་ཟད། ཡུལ་དངོས་ཀྱི་ལས་དོན་མི་སྣས་བདེ་འཇགས་འགོག་སྲུང་གི་ཐད་དུ་བཀོལ་སྤྱོད་ཚད་ལྡན་ཡོང་བ་བྱས་ནས་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་འགན་ལེགས་པར་སྒྲུབ་དགོས་པའི་སྐོར་ནས་མངགས་བཅོལ་དང་སྐུལ་འདེད་བཏང་བ་རེད།
འབྲེལ་ཡོད་འོས་སྦྱོར།