ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཁྲི་ཀ་རྫོང་གི་རིམས་འགོག་བྱ་བར་རྟོག་ཞིབ་བྱས།
རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-05-13
ཀློག་གྲངས།:
རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། ཁུལ་རིམས་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། ཟླ༥པའི་ཚེས༡༡ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཁྲི་ཀ་རྫོང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་།
ཁོང་གིས་དུས་རྟག་ཏུ་མི་དམངས་གཙོ་བོར་འཛིན་པ་དང་ཚེ་སྲོག་བླ་ན་མཐོ་བ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་དོ་སྣང་ཤུགས་ཆེན་དང་དོགས་ཟོན། འགན་འཁྲི་དྲག་པོས་རིམས་འགོག་ལས་འགན་དག་ལག་བསྟར་ཞིབ་མོ་བྱེད་པ་དང་། ང་ཚོས་དཀའ་སྡུག་གི་རྔུལ་ཆུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོ་བདེ་ཐང་ལ་སྲུང་སྐྱོབ་བྱ་དགོས་པ་བསྟན།
ཁྲི་ཀ་རྫོང་དཀར་བརྗིད་ཤང་གཞུང་མར་ནང་སྡེ་བ་དང་ཨ་སྐུང་སྡེ་བར་ཀརྨ་ཕུན་ཚོགས་ཀྱིས་སྡེ་བ་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་དང་ཉིང་སྐྱུར་བརྟག་དཔྱད་བྱ་བ་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། ཁོང་གིས་བསྟན་དོན། ཤང་དང་སྡེ་བ་རིམ་པ་གཉིས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་འགན་འཁྲི་ཕྲག་ཏུ་ལེན་པ་དང་རིམས་ནད་ནང་ལ་མི་མཆེད་པའི་ལས་འགན་ལྗི་མོ་དང་དུ་བླངས་ཏེ་སྡེ་བའི་ལས་རེས་དང་ལུས་དྲོད་འཇལ་བ། ཨང་གཉིས་བཤེར་རིས་ལ་ལྟ་བ། མི་དང་རླངས་འཁོར་གྱི་ཆ་འཕྲིན་ཐོ་འགོད་བྱེད་པ་སོགས་ལས་དོན་ལ་ཤུགས་རྒྱག་པ་དང་། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་སློབ་གསོར་ཤུགས་སྣོན་པ་དང་རྫོང་ཕྱིའི་མི་དག་དགོས་པ་མེད་ན་ཕ་ཡུལ་དུ་མི་ལོག་པ་དང་། གལ་ཏེ་ངེས་པར་ཕ་ཡུལ་དུ་ལོག་དགོས་ན་སྔོན་ལ་ཐོ་འགོད་སྙན་སེང་ཞུ་དགོས་པར་མ་ཟད། ཕ་ཡུལ་དུ་སླེབས་མ་ཐག ཉིང་སྐྱུར་བརྟག་དཔྱད་བྱེད་པའམ་དོན་དངོས་གནས་ཚུལ་དང་བསྟུན་ནས་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱོད་པ་དང་། ཤང་སྡེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་དགོས་པ་བསྟན།
ཁྲི་ཀ་རྫོང་སྨན་ཁང་དང་རྫོང་རིམས་ནད་སྔོན་འགོག་ལྟེ་གནས་སུ་ཀརྨ་ཕུན་ཚོགས་ཀྱིས་སྨན་བཅོས་མི་སྣར་འཚམས་འདྲི་བྱས་པར་མ་ཟད། ཉིང་སྐྱུར་བརྟག་དཔྱད་ཀྱི་དངོས་དཔེ་ལེན་ས་དང་ཚ་རྒྱས་ཚན་ཁག རིམས་འགོག་དངོས་རྫས་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ལ་གཟིགས་རྗེས། ཁོང་གིས་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་གི་ཁྲོད་དུ་སྨན་བཅོས་ལས་ཁུངས་ཀྱི་ནུས་པ་འདོན་སྤྲོད་བྱས་ནས་རིམས་འགོག་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པ་དང་། དངོས་དཔེ་ལེན་སའི་གོ་རིམ་ཚད་ལྡན་དུ་གཏོང་བ། དངོས་དཔེ་ལེན་པའི་བྱ་བའི་དུས་ཆོད་མཐོར་འདེགས་གཏོང་དགོས། སྔར་ཕྱིར་ཡན་ལག་སྨན་བཅོས་དང་ཚ་རྒྱས་ཚན་ཁག་གི་དོ་དམ་ཚད་ལྡན་དུ་གཏོང་བ་དང་ཚ་རྒྱས་ནད་པར་བརྟག་དཔྱད་བྱེད་པ། ཞིབ་བཤེར་ཐོ་འགོད་བྱེད་པ། ཡར་ཞུ་བྱེད་པ་སོགས་ཀྱི་གོ་རིམ་ལག་བསྟར་ནན་མོ་བྱེད་དགོས་ལ། རིམས་འགོག་དངོས་རྫས་ཀྱི་གྲ་སྒྲིག་དང་དོ་དམ་ལ་ཤུགས་སྣོན་དགོས། ལས་རྐང་དང་པོར་ཞུགས་པའི་སྨན་བཅོས་མི་སྣར་ཐུགས་ཁུར་བྱེད་པ་དང་དངོས་དཔེ་ལེན་པའི་སྨན་བཅོས་མི་སྣའི་སྐོར་ཞིབ་ལས་རེས་འོས་འཚམ་གྱིས་བཀོད་སྒྲིག་བྱས་ནས་སྨན་བཅོས་མི་སྣའི་བྱ་བ་དང་འཚོ་བའི་ཁྲོད་དུ་དཀའ་ངལ་གྱི་གནད་དོན་ཐག་གཅོད་བྱེད་དགོས་པར་བསྟན།
ཁྲི་ཀ་རྫོང་རྨ་ཆུའི་ཡའེ་ཡོན་མགྲོན་ཁང་གི་གཅིག་བསྡུས་ལོག་བཀར་ས་ཁུལ་དུ། ཀརྨ་ཕུན་ཚོགས་ཀྱིས་ལས་རྐང་དང་པོར་ཞུགས་པའི་རིམས་འགོག་མི་སྣ་དང་བྱམས་བརྩེའི་ངང་ཁ་བརྡ་བྱས་ཏེ། ཁོ་ཚོའི་རིམས་འགོག་བྱ་བའི་ཁྲོད་ཀྱི་སྒེར་སེམས་མེད་པར་བྱས་རྗེས་འབུལ་བའི་སྙིང་སྟོབས་དང་འབད་ཐབས་ཀྱི་བསམ་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པར་མ་ཟད། མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས་པའི་ངག་བཅོལ་ཡང་ཡང་བཏོན། ཁོང་གིས་ནན་གྱིས་བསྟན་དོན། གཅིག་བསྡུས་ལོག་བཀར་ས་ཁུལ་གྱི་འཁོར་སྐྱོད་དོ་དམ་ལ་ཤུགས་བསྣན་ཏེ་ཚན་རིག་དང་མཐུན་ཞིང་གནད་ལ་ཁེལ་བའི་སྒོ་ནས་ལོག་བཀར་ས་ཁུལ་དུ་རིམས་འགོག་བྱེད་ཐབས་ལག་བསྟར་བྱས་ནས། ལས་རེས་མི་སྣའི་འགན་ནུས་ལག་བསྟར་བྱེད་པ་དང་། ལོག་བཀར་མི་སྣར་དོ་དམ་ལེགས་པོ་བྱེད་པ། ཉེན་ཁ་སྔོན་འགོག་བཟང་པོ་བཅས་བྱས་ནས་གཅིག་བསྡུས་ལོག་བཀར་ས་ཁུལ་དུ། རིམས་ནད་མི་འགོ་བར་གཏན་འགོག་བྱེད་དགོས། གཅིག་བསྡུས་ལོག་བཀར་ས་ཁུལ་གྱི་བཙོག་ཆུ་དང་འཚོ་བའི་གད་སྙིགས་སོགས་ནད་དུག་འགོ་བའི་འགག་སྒོར་དོ་དམ་ནན་མོ་བྱས་ཏེ། གཅིག་བསྡུས་ལོག་བཀར་ས་ཁུལ་བདེ་འཇགས་དང་ཚད་ལྡན་ངང་ནས་འཁོར་སྐྱོད་བྱེད་པར་འགན་སྲུང་བྱེད་དགོས་པ་ནན་གྱིས་བསྟན།
པར་གྱི་ཡོང་ཁུངས་ནི་མཚོ་ལྷོའི་ཚགས་པར།
པར་གྱི་ཡོང་ཁུངས་ནི་མཚོ་ལྷོའི་ཚགས་པར།
འབྲེལ་ཡོད་འོས་སྦྱོར།