ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་དུ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2022-05-19
ཀློག་གྲངས།:
ཚང་འཛོམས་གྲོས་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ2022ལོའི་ཟླ5པའི་ཚེས23ཉིན་ཟི་ལིང་དུ་བསྡུ་རྒྱུ་ཐག་བཅད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འདེམས་སྒུག་མི་སྣ་དང་གྲ་སྒྲིག་མི་སྣ་གཏན་འཁེལ་བྱས།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས།
ཟླ5པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཚབ་མ་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པེ།ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཡུས་ཚུང་ལེ་དང་མ་ཅི་ཞའོ། ཁྲེན་རེའུ་ཧྥེང་། ལིའུ་གི་ཕིང་། ཝང་ལི་མིང་། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཝང་ཏ་ནན་བཅས་གྲོས་ཚོགས་སུ་ཞུགས།ཚང་འཛོམས་གྲོས་ཚོགས་སུ«མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ནམ་བསྡུ་བའི་སྐོར་གྱི་ཐག་གཅོད»ལ་གྲོས་ཞིབ་བྱས་པར་མ་ཟད་གྲོས་འཆམ་བྱུང་སྟེ། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ2022ལོའི་ཟླ5པའི་ཚེས23ཉིན་ཟི་ལིང་དུ་བསྡུ་རྒྱུ་ཐག་བཅད། ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འདེམས་སྒུག་མི་སྣ་དང་གྲ་སྒྲིག་མི་སྣའི་འཆར་བཀོད་མིང་ཐོའི་སྐོར་གྱི་གསལ་བཤད་ལ་ཉན་ཞིང་། «ཏང་གི་སྒྲིག་ཡིག»དང«ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག»གི་འབྲེལ་ཡོད་གཏན་འཁེལ་ལ་གཞིགས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འདེམ་སྒུག་མི་སྣའི་གྲ་སྒྲིག་མི་སྣའི་མིང་ཐོ་འདེམ་ཤོག་ལྟར་གཏན་འཁེལ་བྱས།
གྲོས་ཚོགས་ལ་ཞུགས་མཁན་རྣམས་ཀྱིས་ཚན་ཆུང་གྲོས་བསྡུར་བརྒྱུད་ནས་གྲོས་ཐོག་གཅིག་ལ་བབས་དོན། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་བསྡུ་བ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན་ཞིང་། དེ་ལ་ཀྲུང་དབྱང་གིས་དོ་སྣང་དང་ཞིང་ཆེན་ཡོངས་ཀྱིས་ཐུགས་ཁུར་དང་མང་ཚོགས་ཀྱིས་རེ་སྒུག་བྱས་ཡོད་པར་མ་ཟད། གྲ་སྒྲིག་གི་བྱ་བ་སྣ་ཚོགས་ཀྱང་ཚགས་སུ་ཆུད་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འདེམས་སྒུག་མི་སྣའི་ཐོག་མའི་འོས་མི་འདེམས་པའི་བྱ་བའི་ལས་རིམ་ཚད་དང་ལྡན་ཏེ། “གོང་གསུམ་འོག་གསུམ”གྱི་བླང་བྱ་རྒྱུན་འཁྱོངས་བྱས་ནས་ཏང་ནང་གི་དམངས་གཙོ་སྔར་ལས་རྒྱ་བསྐྱེད་ཡོད་པ་དང་། རྩ་འཛུགས་རྟོག་ཞིབ་གཟབ་ནན་གཏིང་ཟབ་ཀྱིས་སྤེལ་ནས་བཟང་པོའི་གྲས་ནས་རྩེ་མོ་འདེམས་ཐུབ་པར་བྱས་ཡོད། འདེམས་མིའི་གྲུབ་ཚུལ་ལ་ཕྱོགས་ཡོངས་ནས་བསམ་བློ་བཏང་ནས་སྔོན་ཐོན་རང་བཞིན་དང་འཐུས་ཚབ་རང་བཞིན་ཐོན་པར་བྱས་ཡོད་པས། ཀྲུང་དབྱང་གི་བླང་བྱ་དང་ཞིང་ཆེན་རང་གི་དངོས་ཡོད་དང་མཐུན།
ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་ཞིང་ཆེན་ཏང་ཨུའི་འདེམས་སྒུག་ཨུ་ཡོན་རྣམས་གྲོས་ཚོགས་སུ་ཞུགས།
འབྲེལ་ཡོད་འོས་སྦྱོར།