ཏང་གི་འཐུས་མིའི་ཚོགས་ཆེན་དང་འབྲེལ་བའི་རྒྱུན་ཤེས་འགའ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།
དུས་ཚོད།:2022-05-23
ཀློག་གྲངས།:
ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པ་མི་འགྱངས་པར་འཚོགས་རྒྱུ་རེད། འོ་ན། ཁྱེད་ཀྱིས་ཏང་གི་འཐུས་མིའི་ཚོགས་ཆེན་ཤེས་སམ། ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཚང་འཛོམས་གྲོས་ཚོགས་ལོ་རེར་ཐེངས་ག་ཚོད་འཚོགས་དགོས། ཏང་གི་ས་གནས་ཀྱི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འགན་དབང་གང་དག་ཡོད། གཤམ་ནས་འུ་ཅག་གིས་མཉམ་དུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འབྲེལ་ཡོད་ཤེས་བྱ་འགར་སློབ་སྦྱོང་ཐེངས་ཤིག་བྱ།
༡ ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཚང་འཛོམས་གྲོས་ཚོགས་ལོ་རེར་ཐེངས་ག་ཚོད་འཚོགས་དགོས། ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཚང་འཛོམས་གྲོས་ཚོགས་ལོ་རེར་ཉུང་མཐར་ཡང་ཐེངས་གཉིས་རེ་འཚོགས་དགོས།
༢ ཏང་གི་ས་གནས་ཀྱི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འགན་དབང་གང་དག་ཡོད།
ཏང་གི་སྒྲིག་ཡིག་གི་དོན་ཚན་ཉེར་དྲུག་པའི་ནང་གཏན་འབེབས་གསལ་པོ་བྱས་ཡོད་པ་གཤམ་གསལ།
1. རང་དང་རིམ་པ་མཉམ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ཉན་རྒྱུ་དང་དེར་ཞིབ་བཤེར་བྱ་རྒྱུ།
2. རང་དང་རིམ་པ་མཉམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་ཞིབ་བཤེར་བྱ་རྒྱུ།
3. ས་ཁུལ་དེ་གའི་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་གྲོས་བསྡུར་བྱེད་པར་མ་ཟད་གྲོས་ཆོད་ཀྱང་འཇོག་རྒྱུ།
4. རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་དང་། རང་དང་རིམ་པ་མཉམ་པའི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུ།
༣ གྲ་སྒྲིག་ཏང་ཡོན་ཏང་གི་འཐུས་མིའི་ཚོགས་ཆེན་ལ་ཟུར་ཞུགས་བྱས་ཆོག་གམ།
ཞུགས་ཆོག་སྟེ། མགོ་ཁྲིད་ཀྱི་ལས་འགན་འཁུར་བའི་གྲ་སྒྲིག་ཏང་ཡོན་ཁ་ཤས་ཏང་གི་འཐུས་མིའི་ཚོགས་ཆེན་ལ་ཟུར་ཞུགས་བྱས་ན། ཁོ་ཚོས་ཏང་ནང་གི་འཚོ་བའི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་ལ། ཁོ་ཚོས་འཐུས་མིའི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་ནས་ལས་ཀ་ལེགས་བཅོས་བྱེད་པར་ཡང་ཕན་ཐོགས་ཡོད།
༡ ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཚང་འཛོམས་གྲོས་ཚོགས་ལོ་རེར་ཐེངས་ག་ཚོད་འཚོགས་དགོས།

འབྲེལ་ཡོད་འོས་སྦྱོར།