མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་རིང་གི་འབད་བྱའི་དམིགས་འབེན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2022-05-26
ཀློག་གྲངས།:
༡ མཚོ་སྔོན་གྱིས་མི་དམངས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་པོར་བསྐྲུན་རྒྱུ།
གཞི་རྩའི་སྤྱི་གཞུང་གི་ཞབས་ཞུའི་ཆུ་ཚད་མུ་མཐུད་ནས་ཇེ་མཐོར་དང་། ལས་ཞུགས་ཀྱི་དགོས་མཁོ་ལེགས་པོར་བསྐང་ནས་སྡོད་དམངས་ཀྱི་ཡོང་འབབ་དང་དཔལ་འབྱོར་མཉམ་འཕར་རྒྱུན་འཁྱོངས་བྱས་ནས་ཡོང་འབབ་འབྲིང་བའི་རིགས་ཀྱི་སྡུར་ཚད་ཇེ་ཆེར་གཏང་རྒྱུ།
སློབ་གསོ་དང་བདེ་ཐང་གི་ཆུ་ཚད་ཇེ་མཐོར་གཏང་རྒྱུ་མ་ཟད། སྤྱི་ཚོགས་འགན་སྲུང་དང་། རྒན་གསོ། སྡོད་ཁང་སོགས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏང་རྒྱུ།
ཞིང་གྲོང་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་པའི་ཁྲོད། མི་རིགས་ས་ཁུལ་དར་སྤེལ་གྱི་གོམ་ཁ་ཇེ་མགྱོགས་སུ་བཏང་སྟེ། ཕྱུག་པོར་མཉམ་འགྱུར་གྱི་ལམ་དུ་སྲ་ཞིང་བརྟན་པའི་གོམ་པ་སྤོས་ནས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་དང་བདེ་འཇགས་ཀྱི་ཁོར་ཡུག་དོན་ལ་གནས་ཤིང་། འགན་སྲུང་ཡོད་པ། རྒྱུན་མཐུད་ཐུབ་པ་ཞིག་བསྐྲུན་རྒྱུ།
སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་བསྐྲུན་རྒྱུ། སྐྱེ་ཁམས་དཔལ་ཡོན་མ་ལག་སྔར་བས་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁོངས་ས་ཞིང་གི་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་ཀྱི་བཀོད་པ་སྔར་བས་ཇེ་ལེགས་སུ་གཏང་རྒྱུ།
ཐཱན་རྩེར་སོན་གྱི་ཕྱོགས་ནས་སྔོན་ལ་ཚོད་ལྟའི་ཚུལ་གྱིས་ཕན་འབྲས་བླངས་ཏེ། སྐྱེ་ཁམས་ཁོར་ཡུག་གི་རྒྱུ་སྤུས་མུ་མཐུད་ནས་ཇེ་ལེགས་སུ་གཏང་རྒྱུ།
༢ ཤེས་རིག་དར་ཞིང་ཕན་ཚུན་འཆམ་ཞིང་མཐུན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་རྒྱུ།
གོ་རིམ་ཧྲིལ་བོར་མི་དམངས་དམངས་གཙོའི་ལམ་ལུགས་དར་སྤེལ་བཏང་སྟེ། ཕྱོགས་ཡོངས་ནས་ཁྲིམས་བཞིན་དུ་ཞིང་ཆེན་སྐྱོང་བའི་སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་བླངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་ཀྱི་གནད་སའི་ནུས་པ་གཟེངས་སུ་འདོན་རྒྱུ།
མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་སྒྲིག་གཞིའི་འདུ་ཤེས་དར་སྤེལ་གྱི་བློ་གཤོག་ཇེ་བརྟན་དུ་གཏང་རྒྱུ།
སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཆེ་ཆེར་དར་སྤེལ་བཏང་སྟེ། སྤྱི་གཞུང་རིག་གནས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་ཇེ་ལེགས་སུ་བཏང་ནས་སྔར་བས་འཕྱོར་སྒེག་གིས་ཕྱུག་ཅིང་། ཡིད་དབང་ཅིག་ཅར་དུ་འཕྲོག་པའི་མཚོ་སྔོན་གྱི་རིག་གནས་གཟུགས་བརྙན་བཏོད་རྒྱུ།
༣ འཚེ་མེད་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་བསྐྲུན་རྒྱུ།
འཚེ་མེད་ཐཱན་ཉུང་གི་འཁོར་རྒྱུན་ལེགས་པོའི་འཕེལ་རྒྱས་དང་། ས་གནས་རིང་གི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བཟོ་བའི་ཐད་ནས་གོམ་པ་བརྟན་པོ་སྤོ་རྒྱུ།
༤ ཐོན་ལས“ས་ཁུལ་བཞི”དཔལ་འབྱོར་གོང་སྤེལ་གྱི་སྒུལ་ཤུགས་སུ་བསྒྱུར་རྒྱུ།
སྲོལ་རྒྱུན་ཐོན་ལས་བཅོས་སྒྱུར་རིམ་སྤར་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དར་སྤེལ་བཏང་ནས་ནུས་ཁུངས་ལེགས་བསྒྱུར་གྱི་ཕྱོགས་ནས་ཐོལ་བརྒལ་གསར་པ་ལེན་རྒྱུ།
རྨང་གཞི་སྒྲིག་ཆས་མ་ལག་སྔར་བས་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀྱི་ས་ཁོངས་མཉམ་འབྲེལ་ཐོག་གོང་དུ་སྤེལ་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་ཁ་ཇེ་ཡངས་སུ་གཏང་རྒྱུ།
༥ ཆབ་སྲིད་དྭངས་གསལ་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་བསྐྲུན།
ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཏང་ལ་དོ་དམ་དང་བཅོས་སྐྱོང་གཟབ་ནན་དང་། ཏང་གི་ལོ་རྒྱུས་སློབ་གསོ་དུས་རྒྱུན་ནས་ཡན་རིང་དུ་སྤེལ་རྒྱུ།
རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཇེ་དྲག་ཏུ་བཏང་ནས་ཏང་གི་སྲིད་སྐྱོང་རྩ་བ་སྔ་བས་ཇེ་བརྟན་དུ་གཏང་རྒྱུ།
མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་ལ་ཕན་འབྲས་གསར་པ་བླངས་ཏེ། ཏང་སྲོལ་དང་སྲིད་ལུགས་དམངས་སྲོལ། སྤྱི་ཚོགས་ཀྱི་དར་ལུགས་ཐམས་ཅད་སྤོབས་པའི་ཁེངས་ཤིང་། དྲང་བདེན་ལ་དགའ་བ། ཀུན་སྤྱོད་བཟང་བའི་ཆབ་སྲིད་ཀྱི་སྐྱེ་ཁམས་སྲ་བརྟན་དུ་གཏང་རྒྱུ།
༦ གསར་གཏོད་དང་བསྡམས་གློད་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་བསྐྲུན་རྒྱུ།
འཇོན་མི་དར་སྤེལ་གྱི་ནང་རྐྱེན་ལམ་ལགས་སྔར་བས་འཐུས་ཚང་དང་། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བས་ཇེ་དྲག་ཏུ་བཏང་སྟེ། “ས་ཁུལ་བཞི”ཡི་ཐོན་ལས་གསར་གཏོད་མ་ལག་རིམ་བཞིན་ཆགས་སུ་འཇུག་རྒྱུ།
དཔལ་འབྱོར་སྤྱི་ཚོགས་གྲངས་ཀ་ཅན་དེ་ཁྱབ་ཁོངས་གལ་ཆེན་དང་གནད་འགག་གི་བཅོས་སྒྱུར་ཁྲོད་བེད་སྤྱད་དེ་ཐོལ་བརྒལ་གསར་བ་གཏོད་རྒྱུ།
ཕན་འབྲས་ཅན་གྱི་ཁྲོམ་ར་དང་ངེས་དོན་གཉེར་མཁན་གྱི་སྲིད་གཞུང་གཉིས་ཟུང་དུ་སྦྲེལ་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། “རྒྱུད་གཅིག་ལམ་གཅིག”ཁྲོད་ཟབ་ཞུགས་བྱ་རྒྱུ་དང་། ཕྱི་ཕྱོགས་བསྡམས་གློད་ཀྱི་སྡིངས་ཆ་དང་འབྲེལ་ལམ་རྒྱ་བསྐྱེད་དེ། འཕེལ་རྒྱས་གསར་པའི་བློ་བཀོད་ཆེན་པོའི་ལམ་དུ་ཞུགས་ནས་ཞབས་ཞབས་ཆེན་པོ་འདོན་རྒྱུ།

འབྲེལ་ཡོད་འོས་སྦྱོར།