logo

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་རྒྱས་འཛོམས་གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2022-05-31 ཀློག་གྲངས།:
        ཟླ5པའི་ཚེས29ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཐེངས་གྱ་བདུན་པའི(རྒྱ་སྐྱེད)ཚོགས་འདུ་འཚོགས་ནས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བརྒྱུད་སྒྲོག་དང་། སློབ་སྦྱོང་། ལག་བསྟར་བཅས་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཡུས་ཚུང་ལེ་ཚོགས་འདུར་གཙོ་སྐྱོང་བྱས་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཝང་ལི་མེང་གིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བརྒྱུད་སྒྲོག་བྱས་ནས། ཏང་ཙུའུ་ཡི་ཁོངས་མི་མཱ་ཝེ་དང་། ཉའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ཀྲང་ཧོང་ཡོན། ཅ་དབྱིང་ཀྲུང་བཅས་ཚོགས་འདུར་ཞུགས།
        ཚོགས་འདུའི་སྟེང་། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་པའི་འགག་རྩའི་དུས་སུ་འཚོགས་པའི་ཤིན་ཏུ་གལ་ཆེ་བའི་ཚོགས་འདུ་ཞིག་ཡིན་པས། ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དོན་སྙིང་ཁོང་དུ་ཆུད་པར་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པ་བྱས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་བསྒྲུབ་པ་དང་། ཚོགས་འདུའི་སྟེང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་གོ་བ་གཏིང་ཟབ་བླངས་ནས་ཆབ་སྲིད་ཀྱི་ཚུགས་གནས་ཇེ་མཐོར་དང་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཇེ་ཆེར་བཏང་ནས་བསམ་བསམ་སྦྱོར་གཉིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཏན་ཏིག་ཡོང་དགོས་པ་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་ཇུས་འགོད་བཟང་པོ་དང་སྐུལ་འདེད་ཧུར་ཐག་བྱ་་དགོས་པ་བསྟན།
        གྲོས་ཚོགས་སྟེང་། ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་གཏན་ལ་ཕབ་པའི་ཐབས་ཇུས་དང་བཀོད་སྒྲིག་སོ་སོ་དམངས་འཐུས་ཚོགས་ཆེན་གྱི་འགན་ནུས་ལ་རྐང་བཙུགས་ཏེ། ལག་ལེན་མཐར་ཕྱིན་བྱེད་པའི་མཇུག་སྒོ་དང་ཟུང་འབྲེལ་གནད་ལ་འཁེལ་བར་བྱེད་པ་དང་། བཅའ་ཁྲིམས་ལེགས་པོ་བཙུགས་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་། འཕེལ་རྒྱས་ལ་འགན་སྲུང་། བཅོས་སྐྱོང་ལ་འགན་སྲུང་བཅས་བྱ་རྒྱུ་མཐའ་འཁྱོངས་དགོས་པ་དང་། ལྟ་སྐུལ་ནུས་ལྡན་དང་ཁྲིམས་ལྟར་ལྟ་སྐུལ་བྱ་བ་མཐའ་འཁྱོངས་བྱས་ཏེ། “གཅིག་གྱུར་གཉིས”མངོན་འགྱུར་བྱ་བ་དམིགས་འབེན་དུ་བཟུང་ནས་ཐག་གཅོད་དབང་ཆ་དང་བསྐོ་འཐེན་དབང་ཆ་ལག་བསྟར་བྱེད་དགོས། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་གཙོ་བོར་བྱེད་པའི་འཐུས་མིའི་བྱ་བ་ཡག་པོ་བསྒྲུབ་ནས། དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས་པའི་བླང་བྱ་བཏོན།
        གྲོས་ཚོགས་ཀྱིས་སྟེང་། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་་ལག་བསྟར་བྱ་རྒྱུ་སྒུལ་ཤུགས་སུ་བཟུང་སྟེ། “ལས་ཁུངས་བཞིའི”འཛུགས་སྐྲུན་ལ་དམིགས་པ་དང་། སློབ་སྦྱོང་དང་དྲིལ་སྒྲོག་ལ་དམ་འཛིན་གཏིང་ཟབ་བྱེད་པ། ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་ལ་དམ་འཛིན་བྱེད་པ། སྤུས་ཚད་དང་ཕན་འབྲས་ལ་བརྟེན་ནས་ལོ་འཁོར་གྱི་ལས་འགན་སོ་སོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལག་ལེན་དངོས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དུ་བསྟར་པའི་ཕན་འབྲས་དངོས་ལ་ཞིབ་བཤེར་བྱ་དགོས་ཟེར།
འབྲེལ་ཡོད་འོས་སྦྱོར།