མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཏང་འཐུས་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2022-06-02
ཀློག་གྲངས།:
ཉིན་ཤས་རིང་། རང་ཁུལ་གྱིས་རིམ་པ་སོ་སོའི་མང་ཚོགས་རྩ་འཛུགས་བྱས་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས། ཏང་ཡོན་ལས་བྱེད་པས་ཏང་གིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། མང་ཚོགས་ཚོགས་པའི་ལས་དོན་གྱིས་བདེ་སྐྱིད་འཆམ་མཐུན་དང་། མཛེས་སྡུག་ལྡན་པའི་མཚོ་ལྷོ་གསར་བ་འཛུགས་སྐྲུན་བྱ་ཆེད་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན་ཟེར།
ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་ཞི་ཀླུ་མོ་མཚོས་ཏང་གི་འཐུས་མི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ”འཛུགས་སྐྲུན་གྱི་འབད་འཐབ་དམིགས་ཚད་ནི་ང་ཚོའི་སླད་ཕྱིན་གྱི་ལས་དོན་མཐའ་དག་གི་ཕྱོགས་སྟོན་ཞིག་རེད། གོམ་སྟབས་རྗེས་མར་ང་ཚོས་ཚོགས་ཆེན་ལ་དམིགས་ནས་འཆར་གཞི་བཀོད་དེ“བློ་བརྟན་འགྱུར་མེད་བརྒྱད”ཀྱི་བྱ་བའི་བྱ་ཐབས་གཞིར་བཟུང་ནས་ཚོགས་ཆེན་གྱི་དགོངས་དོན་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ལག་ལེན་སྟེང་འབབ་པར་བྱེད་པ་དང་། རང་འགུལ་ངང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་དེ་ཞིང་ཆེན་ཏང་ཨུའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ནང་མཉམ་འདྲེས་ཐུབ་པར་བྱས་ཏེ། ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་གཞིར་བཟུང་ནས་བུད་མེད་ལྷན་ཚོགས་ཀྱིས་བུད་མེད་དང་འབྲེལ་བ་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས། རིམ་པ་སོ་སོའི་ལག་བསྟར་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ཁྱབ་རྒྱ་ཇེ་ཆེར་བཏང་ནས། སྤྱི་ཚོགས་ཀྱི་སྤྱི་པའི་ལས་དོན་དོ་དམ་ཁྲོད་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་གནམ་གྱི་ཕྱེད་ཀ་འདེགས་པའི་ནུས་པ་འདོན་སྤེལ་ཐུབ་པར་བྱས་ཏེ། སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པ་དང་། མུ་མཐུད་དུ་བུད་མེད་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བུད་མེད་ཀྱིས་ལས་རིགས་གསར་བཏོད་བྱེད་པར་ཁྲིད་སྟོན་དང་བུད་མེད་ཀྱི་ལས་རིགས་གསར་བཏོད་ཡོང་འབབ་ལ་སྐུལ་འདེད་བྱེད་པ། བུད་མེད་ཚོས“བདེ་ཐང་གི་ཁྱིམ་ཚང”དང“དཔེ་བཟང་ཁྱིམ་ཚང”གཏོད་རྒྱུ་དང་། བུད་མེད་ཚོས་སྤུས་ཚད་མཐོ་བའི་འཚོ་བ་ཞིག་བསྐྲུན་པར་སྐུལ་ཁྲིད་བྱ་དགོས། སྐྱེ་ཁམས་དཔལ་ཡོན་གྱི“མཐོ་ས”བསྐྲུན་རྒྱུའི་བླང་བྱར་དམིགས་ཏེ། སྤྱི་ཚོགས་དང་ཁྱིམ་ཚང་ནང་བུད་མེད་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཁུལ་ཡོངས་ཀྱི་བུད་མེད་རྣམས“བུད་མེད་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་བསྐྲུན་བྱེད”ཅེས་པའི་བྱ་སྤྱོད་ཁྲོད་ཞུགས་རྒྱུར་སྐུལ་ཁྲིད་བཅས་བྱས་ཏེ་མཚོ་ལྷོའི་སྐྱེ་ཁམས་ལ་བུད་མེད་ཀྱི་སྟོབས་ཤུགས་འབུལ་རྒྱུ་རེད།
ཁུལ་སྤྱིའི་བཟོ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཡོན་ཀའོ་ཧེ་ཡིས་བཤད་རྒྱུར། ད་ནས་བཟུང་ཡིད་ཆེས་བརྟན་པོ་བཅངས་ནས་དོན་འཁྱོལ་ལ་དམ་འཛིན་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་ལས་ཞུགས་ངལ་རྩོལ་པ་ཚོགས་འདུར་ཞུགས་པའི་ལས་ཀར་སྐུལ་འདེད་བྱས་ཏེ། བཟོ་ཚོགས་རྩ་འཛུགས་ཀྱི་ཕན་ནུས་ལྡན་པའི་ཁེབས་ཚད་མཐོ་རུ་གཏོང་བ། ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་བྱ་འགུལ་རྒྱ་ཁྱབ་སྤེལ་བ། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བ་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ནང་ཞུགས་ཏེ། མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཙོ་ཤུགས་དམག་གི་ནུས་བ་འདོན་སྤེལ་བྱ་དགོས། ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་བའི་སྙིང་སྟོབས་བཅས་དར་སྤེལ་དུ་བཏང་སྟེ། མང་ཚོགས་ཚོགས་པ་མཐུན་སྦྱོར་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཤང་དང་གྲོང་རྡལ་གྱི་མང་ཚོགས་ཚོགས་པའི་ཞབས་ཞུའི་ལྟེ་གནས(ས་ཚིགས)དང་། “མང་ཚོགས་ཀྱི་གཞིས་ཁྱིམ”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཞི་རིམ་བཟོ་ཚོགས་ཀྱིས“རྫོང་གཅིག་ལ་སྤུས་རྟགས་གཅིག”གི་བསྒྱུར་བཅོས་གསར་གཏོད་འབུར་དུ་ཐོན་པར་བྱེད་པ། སྤུས་རྟགས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་དགེ་མཚན་གསར་བ་ཞིག་བསྐྲུན་དགོས། ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་བྱ་འགུལ་ཏན་ཏིག་སྤེལ་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བྱས་ཏེ། རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས།
རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་དང་དཔེ་བཟང་སྡེ་ཁག་གསར་འཛུགས་ཀྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། ཏང་ཀྲི་པུའུ་ཡི་ཚད་ལྡན་རང་བཞིན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཡང་དག་བྱས་ཏེ། མཚོ་ལྷོ་ཁུལ་གྱི་སྤུས་མཐོའི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།
ཐོན་ཀོས་ནན་རྫོང་ཨུའི་སྐབས་སྡོད་ཧྲུའུ་ཅི་གཞོན་པ་ཚའེ་ཡན་ཕེན་གྱིས་བཤད་རྒྱུར། ཏང་འཐུས་ཚོགས་ཆེན་གྱི་སྙན་ཞུ་ལས་མཚོ་སྔོན་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་ལ་ཁ་ཕྱོགས་བསྟན་ཏེ་མ་འོངས་བར་མདུན་ལམ་ཡག་པོ་ཞིག་བསྩལ་བ་རེད། ཐོན་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ངས་རང་ཉིད་ཀྱི་འགན་འཁྲི་ལྕི་བ་ཚོར་ཡོད། དེ་བས་ངས་མུ་མཐུད་དུ་རང་ཉིད་ཀྱི་ནུས་ཚད་མཐོར་འདེགས་སུ་གཏོང་ཆེད་ན་གཞོན་མང་པོར་སྣེ་ཁྲིད་དེ་ཀོས་ནན་རྫོང་གི་སྤུས་མཐོའི་འཕེལ་རྒྱས་ལ་བརྩོན་པའི་སྔོན་ཐོན་གདོང་མཆོངས་རུ་ཁག་དེ་བྱ་སྲིད་ལ། ཚོགས་ཆེན་གྱི་སྙན་ཞུའི་དགོངས་དོན་གཞིར་བཟུང་སྟེ་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འགྲང་བ་དེ་གུང་གཞོན་སྡེ་ཚོགས་ཀྱི་བྱ་བའི་རྩ་དོན་ཞིག་ཏུ་བརྩི་བར་རྒྱུན་འཁྱོངས་བྱ་ངེས།
གུང་ཧོ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་མགོ་གཙོ་ཀྲོའོ་ཅིན་ཨིས་བཤད་རྒྱུར། ང་ཚོས་གསར་གཏོད་ཀྱི་འཕེལ་རྒྱས་བསམ་ཕྱོགས་དང་དངོས་བསྒྲུབ་ཀྱི་བྱ་བའི་ཐབས་ལམ། སྤོབས་སེམས་ཆེན་པོ་བཅས་ལ་བརྟེན་ནས་དབང་བོ་སྐྱོན་ཅན་གྱི་ལས་དོན་དེ་དེང་རབས་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱ་དགོས། ཁྱོན་ཡོངས་ནས་དབང་བོ་སྐྱོན་ཅན་གྱི་མི་རྣམས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བྱས་ཏེ་ཁོ་ཚོའི་གཞི་རྩའི་ཐུན་མོང་གི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། རྒྱུན་འཇགས་རང་བཞིན་གྱིས་དམངས་ལ་དོན་དངོས་བསྒྲུབ་པའི་བྱ་འགུལ་སྤེལ་བ་དང་། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་དབང་བོ་སྐྱོན་ཅན་ཡིན་པའི་མང་ཚོགས་ལ་མཉམ་འབྲེལ་བྱས་ཏེ་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འགྲང་བ། ཏང་གི་དྲིན་དྲན་པ་བཅས་དོན་དངོས་ཀྱི་ལག་ལེན་ཁྲོད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་རྒྱུར་བསུ་མ་བྱ་དགོས།

འབྲེལ་ཡོད་འོས་སྦྱོར།