ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-06-04
ཀློག་གྲངས།:
ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས།
ཉེ་སྔོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་ཕྱོགས་བརྟན་བརླིང་ཡོང་བར་བྱེད་པའི་བརྙན་ལམ་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་སློབ་སྦྱོང་ལེགས་པོ་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བཀོད་སྒྲིག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
གྲོས་ཚོགས་ཀྱིས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་སྟེང«ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་བྱ་བའི་སྲོལ་ཡིག»ལ་གྲོས་ཞིབ་བྱས་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་གྲོས་མོལ་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་པ་མཚོན་ཡོད་པས། ཆབ་སྲིད་གྲོས་མོལ་བྱ་གཞག་འཕེལ་རྒྱས་གཏོང་བའི་ལམ་ཚད་རྡོ་རིང་ལྟ་བུ་ཡིན། སྲོལ་ཡིག་གི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས། ལག་ལེན་དུ་བསྟར་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི«ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག»དང་ཟུང་དུ་སྦྲེལ་ཏེ། བསམ་བློའི་ཆབ་སྲིད་ཀྱིས་སྣེ་ཁྲིད་པ་དང་ཐུན་མོང་གི་ངོས་ཟིན་རྒྱ་ཁྱབ་སྒོས་གཅིག་ཏུ་བསྡུ་བའི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཆབ་སྲིད་གྲོས་མོལ་བརྒྱུད་དེ་ཐུན་མོང་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ལྟེ་མཐུན་སྒོར་དབྱིབས་ཆེས་ཆེན་མོ་འབྲི་དགོས།
གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་སོ་དགུ་པའི་སྟེང་གསུང་བཤད་གལ་ཆེན་གནང་ནས། ལོ་རྒྱུས་ཀྱི་མིག་རྒྱང་རིང་མོ་དང་འཛམ་གླིང་གི་མཐོང་རྒྱ་ཡངས་མོ་ཡིས། ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་འཚོལ་ཞིབ་བྱེད་པའི་བཟོ་འགོད་ལ་ཁ་ཕྱོགས་གསལ་པོ་བསྟན་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་དཔལ་ཡོན་གྱི་སྟོབས་ཤུགས་བསྣན་ཞིང་བསྲུང་བྱ་འདོན་སྤྲོད་བྱས། ཀྲུང་ཧྭའི་རིག་གནས་དང་ཀྲུང་ཧྭའི་སྙིང་སྟོབས་ཀྱི་དུས་རབས་ཉིང་བཅུད་ལ་གོ་བ་ཟབ་མོ་བླངས་ནས། ལོ་རྒྱུས་ཀྱི་རང་རྟོགས་ཇེ་དྲག་དང་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་དགོས་ལ། མཚོ་སྔོན་གྱི་ཡུལ་གྲུ་ལ་རྐང་བཙུགས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་འབྱུང་བ་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བ་དང་། ལོ་རྒྱུས་ལ་བརྟེན་ནས་མི་ལ་སློབ་གསོ་གཏོང་བ་དང་རིག་གནས་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དངོས་གནས་སྲ་བརྟན་དུ་བཏང་སྟེ། ཀྲུང་ཧྭའི་དཔལ་ཡོན་དང་ཀྲུང་ཧྭའི་རིག་གནས་ཁྲོད་དུས་རབས་གསར་པར་འབད་པས་བསྐྱོད་པའི་ནུས་ཤུགས་སྡུད་ལེན་བྱེད་དགོས།
གྲོས་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ཉོ་འཚོང་ཡར་སྐུལ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར70འགོར་བར་རྟེན་འབྲེལ་ཞུ་བའི་ལོ་ཚོགས་དང་འཛམ་གླིང་ཉོ་འཚོང་དངུལ་གཏོང་སྐུལ་འདེད་རྩེ་གྲ་ཚོགས་འདུ་ལ་ཕུལ་བའི་ཤིས་ཚིག་གི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་འདྲེས་པ་དང་འཛུགས་སྐྲུན་བྱེད་པའི་ཁྲོད་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་པ། “རྒྱུད་གཅིག་ལམ་གཅིག”དང་ནུབ་རྒྱུད་སྐམ་མཚོ་བརྒྱུད་ལམ། ཨ་ཤེ་ཡ་ལྷོ་མར་ཕྱོགས་པའི་ཉོ་འཚོང་བརྒྱུད་ལམ་འཛུགས་སྐྲུན་བྱེད་པའི་ནང་གཏིང་ཟབ་ཏུ་ཞུགས་པ། ཁྲལ་སྲུང་ཁུལ་དང་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་འཁོར་སྐྱོད་ཆུ་ཚད་ཇེ་མཐོར་གཏོང་བ་དང་། མཚོ་སྔོན་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་སོགས་ཀྱི་བྱ་འགུལ་མུ་མཐུད་དུ་ལེགས་པོར་སྤེལ་བ་བཅས་བྱས་ནས། གསར་སྐྲུན་སྒོ་འབྱེད་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་སྐྲུན་དགོས།
གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ཡོང་བར་བྱེད་པའི་བརྙན་ལམ་ཁ་པར་གྲོས་ཚོགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རིམས་ནད་འགོག་པ། དཔལ་འབྱོར་བརྟན་པ། འཕེལ་རྒྱས་བདེ་འཇགས་ཡོང་བ”ཞེས་པའི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། དེང་སྐབས་ཀྱི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་དགོས་པ་གསལ་པོར་བསྟན་པའི་ཚད་མཐའི་བླང་བྱ་དང་གནས་བབ་ལས་འགན། སྲིད་ཇུས་ཕྱོགས་སྟོན། བྱེད་ཐབས་གལ་ཆེན། བྱ་བའི་འགན་འཁྲི་བཅས་ཀྱང་ཡིན། དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་གནས་བབ་ལ་ངོས་འཛིན་ལེགས་པོ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་གཡོ་འགུལ་མི་འབྱུང་བ་དང་། སེམས་ཤུགས་གཅིག་ཏུ་བསྡུས་ནས་དུས་ཚིགས་གཉིས་པའི་དཔལ་འབྱོར་འགག་སྒྲོལ་འཐབ་འཛིང་ལེགས་པོར་བརྒྱབ་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལུགས་མཐུན་གྱི་བར་གསེང་དུ་འཁོར་སྐྱོད་ཡོང་བར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་དང་རང་ཞིང་གིས་བཏོན་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་བཀོལ་སྤྱོད་ལེགས་པོ་བྱས་ཏེ། སྲིད་ཇུས་ཀྱི་ཁེ་སྤོགས་མྱུར་དུ་ལྷོད་གྲོལ་གཏོང་བ་དང་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་བྱེད་དགོས་ལ། ཡོང་སྒོ་བརྟན་བརླིང་ངང་འཕར་བ་དང་ལས་ཞུགས་ལ་ཕན་པའི་སྲིད་ཇུས་ཤིག་ཡིན་ན་བཀོལ་སྤྱོད་བྱེད་ཐུབ་ཚོད་ཀྱིས་བཀོལ་སྤྱོད་དང་དགོས་མཁོ་ཡོད་ན་མྱུར་དུ་འདོན་དགོས། ཚོང་རའི་བདག་པོ་བརྟན་བརླིང་ཡོང་བར་བྱེད་པ་དང་ལས་ཀ་དང་ཐོན་སྐྱེད་རིམ་པ་བཞིན་སླར་གསོ་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚད་མཐོ་བའི་ཚོང་རར་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚོང་ར་སོ་སོར་སྲིད་ཇུས་སྐྱེལ་བ་དང་དོན་དངོས་སྒྲུབ་པ། དཀའ་ཁག་སེལ་རོགས་བྱེད་པ། དཀའ་ངལ་ལས་སྒྲོལ་རོགས་བྱེད་པ་བཅས་ཀྱིས། ཡོང་སྒོ་བརྟན་བརླིང་དང་ལས་ཞུགས་དང་དམངས་འཚོར་འགན་སྲུང་བྱེད་དགོས། ཉེན་ཁ་འགོག་སྲུང་བྱེད་ཚད་ཇེ་དྲག་དང་ཆད་ལུས་ཁ་སྐོང་བྱས་ཏེ། བདེ་འཇགས་ཡོང་བར་འགན་སྲུང་དང་བརྟན་བརླིང་ཡོང་བར་སྲུང་སྐྱོབ་བྱེད་པའི་བྱ་བ་སྣ་ཚོགས་དངོས་འབེབས་ལེགས་པོ་བྱེད་དགོས།
གྲོས་ཚོགས་སྟེང«ཡིག་སྐུར་ངོ་གཏུག་བྱ་བའི་སྲོལ་ཡིག»དང་རྒྱལ་ཡོངས་ཡིག་སྐུར་ངོ་གཏུག་བྱ་བའི་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཡིག་སྐུར་ངོ་གཏུག་བྱ་བ་ནི“སྒོ་ཁར་སྐྱེལ་ཡོང་བའི་མང་ཚོགས་ཀྱི་བྱ་བ”ཡིན་ལ། ཆེས་ཐད་ཀར་གྱི་སྤྱི་ཚོགས་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་ཡིན་པར་མ་ཟད། ཆེས་ཕན་འབྲས་ཐོབ་སླ་བའི་མགོ་ཁུངས་ཀྱི་བཅོས་སྐྱོང་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་སྐུར་ངོ་གཏུག་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་དགོས་པའི་སྐོར་གྱི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས། འགན་འཁྲི་དངོས་འབེབས་བྱེད་པར་དམིགས་པ་དང་བཅོས་བསྒྱུར་གསར་སྐྲུན་ཁོང་དུ་ཆུད་དགོས་ལ། རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པས་ངོ་བཅར་ཡོང་མཁན་སྣེ་ལེན་དང་གཤམ་ལ་བཅར་འདྲི་བྱེད་པ། གྱོད་དོན་ཐག་གཅོད་བྱེད་འགན་འཁུར་བ་སོགས་ཀྱི་ལམ་ལུགས་དངོས་འབེབས་ལེགས་པོ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་བདེ་བླག་ངང་འཚོག་པར་རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས།
གྲོས་ཚོགས་སྟེང«ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་བྱེད་དགོས་པའི་སྐོར་གྱི་བརྡ་སྦྱོར»ལ་གྲོས་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་ནང་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དེ་ཞིང་ཆེན་ཡོངས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་པའི་སྤྱིའི་བྱེད་ཕྱོགས་དང་སྤྱིའི་རྩ་འཛིན། སྤྱིའི་སྲུང་བྱ་བཅས་སུ་བརྩི་དགོས་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་བྱེད་པའི་གོ་རིམ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་སྔར་ལས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་གོ་རིམ་དུ་འགྱུར་དུ་འཇུག་དགོས་ལ། དྲིན་ཚོར་འབད་བརྩོན་དང་ཁག་ཁུར་ཇེ་དྲག དངོས་འཛིན་དངོས་གཉེར་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་ཅི་ཐུབ་བྱ་དགོས།
གྲོས་ཚོགས་སྟེང«མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ཇུས་གཞི(2022ལོ་ནས2025ལོའི་བར)»ལ་གྲོས་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། གྲོང་གསེབ་འཛུགས་སྐྲུན་ནི་གྲོང་གསེབ་དར་སྤེལ་གཏོང་བའི་ལས་འགན་གལ་ཆེན་ཡིན་པས། འདུ་ཤེས་སྟེང་ནས་མི་དམངས་བསམ་ཤུགས་ཇེ་དྲག་ཏུ་བཏང་ནས་བཙུགས་པ་ཞིག་ཡིན། དམིགས་འབེན་གྱི་སྟེང་ནས་དངོས་ཐོག་བདེན་འཚོལ་ཡོང་བ་རྒྱུན་འཁྱོངས་དང་། སྐུལ་སྤེལ་སྟེང་ནས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ། བྱེད་ཐབས་ཀྱི་སྟེང་ནས་ཞིང་སྡེའི་ཁྱད་ཆོས་མངོན་པ་བཅས་བྱས་ཏེ། རོང་འབྲོག་པའི་འདོད་བློར་བརྩི་འཇོག་གང་ལེགས་དང་རོང་འབྲོག་པའི་གཙོ་བདག་ནུས་པ་འདོན་སྤེལ་བྱེད་པ་དང་། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐིལ་རྟོལ་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་བཅས་བྱེད་པ་དང་། གྲོང་གསེབ་འཛུགས་སྐྲུན་དང་རང་བྱུང་སྐྱེ་ཁམས་ཁོར་ཡུག་ཕན་ལྡན་མཉམ་འདྲེས་ཡོང་བ་མངོན་འགྱུར་བྱས་ཏེ། སྡོད་འཚམ་ལས་འཚམ་གྱི་མཛེས་པའི་གྲོང་གསེབ་ཧུར་བརྩོན་གྱིས་སྐྲུན་དགོས།

འབྲེལ་ཡོད་འོས་སྦྱོར།