logo

“གནས་བཞི”འཛུགས་སྐྲུན་གྱི་རྣམ་པ་བཟང་བོ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-06-07 ཀློག་གྲངས།:
མངག་བཅོལ་ཡིད་ལ་དམ་པོར་འཆང་ནས་ལག་ལེན་དངོས་སུ་བསྟར། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་དུས་གནང་བའི་གསུང་བཤད་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱས་ནས་ལག་ཏུ་བསྟར།
རྨ་ཆུའི་སྟོད་རྒྱུད་ཀྱི་ལུང་གཡང་འགག་ཆུ་གློག་ས་ཚིགས།
མངག་བཅོལ་ཡིད་ལ་དམ་པོར་བཅིངས།
        2021ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་དུས། མཐོ་སྒང་ལ་ཡོད་པའི་ཐུན་མིན་གྱི་ཐོན་ཁུངས་ལ་རྐང་བཙུགས་ཏེ། གསར་དར་ཐོན་ལས་དར་སྤེལ་བཏང་ནས་འཛམ་གླིང་གི་རིམ་པ་གསུམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ཁུངས་ཐོན་ལས་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་གནས། འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་གནས་བཅས་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས་པའི་གསུང་བཤད་གལ་ཆེན་གནང་།
ལག་ལེན་དུ་བསྟར་བ།
        ཐོན་ལས་ཆེ་མི་ཆེ་དེ་རང་ཞིང་སྤུས་ལེགས་འཕེལ་རྒྱས་བརྟན་མི་བརྟན་ལ་འབྲེལ་བ་ཡོད། ལོ་གཅིག་རིང་ལ། མཚོ་སྔོན་གྱི་བུ་དང་བུ་མོ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་སློབ་སྟོན་དང་མངག་བཅོལ་ལྟར་“གནས་བཞི”འཛུགས་སྐྲུན་དང་། “མཐོ་ས”གསར་འཛུགས་བྱས་ནས་སྤུས་ལེགས་འཕལ་རྒྱས་ལ་རྣམ་པ་གསར་པ་མངོན།
འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་གང་མགྱོགས་ཅི་མགྱོགས་ཀྱིས་བསྐྲུན།
        ཐོན་ཁུངས་ཀྱི་དགེ་མཚན་གཟེངས་སུ་མངོན་པ། ཐོན་སྐྱེད་གཞི་ཁྱོན་དང་གསར་གཏོད་ནུས་པ། ལག་རྩལ་ཞབས་ཞུ་སོགས་བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ། ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་ཤུགས་བསྣན་ནས་ཚྭ་མཚེའུ་ཐོན་ལས་གོང་སྤེལ་ལ་ཐོལ་བརྒལ་གསར་པ་བྱུང་། གསེར་གྱི་ཁུ་ནུ་ཀུང་སིའི་ལྕགས་རིགས་ལིས་ཏུན1000ཅན་གྱི་རེབ་གཉིས་པའི་ལས་གཞི་དང་། ཀྲུང་ཞིན་ཀའོ་ཨན་ཀུང་སིའི་ཏུན་ཁྲི2ཅན་གྱི་གློག་རྡོ་རིམ་པའི་ཐཱན་སྐྱུར་ལིས་ལས་གཞི་སོགས་ལས་གཞི་གལ་ཆེན23ལག་བསྟར་བྱས་ནས་ཚྭ་མཚེའུ་ཐོན་ཁུངས་ཀྱི་ཐོན་ལས་འབྲེལ་རྒྱུན་ཇེ་རྒྱས་ཇེ་ལེགས་སུ་ཕྱིན། 2021ལོར་ཞིང་ཆེན་ཡོངས་ཀྱི་ཚྭ་མཚེའུ་ཐོན་ལས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར331ལ་བསླེབས་ཤིང་། དེ་ནི་དུས་མཉམ་ལས་བརྒྱ་ཆའི46.2%འཕར།
རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ཁུངས་ཀྱི་ཐོན་ལས་མཐོ་ས་ཅི་མགྱོགས་ཀྱིས་བསྐྲུན།
        འཕེལ་རྒྱས་གསར་པའི་བསམ་བློས་སྣེ་འཁྲིད་དེ། ནུས་ཁུངས་གཙང་མའི་སྡུར་ཚད་ཆེ་ཞིང་། སྤུས་ཚད་མཐོ་བ། རྟེན་གཞི་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཕྱོགས་སུ་སྐུལ་འདེད་བཏང་ནས་ནུས་ཁུངས་གཙང་མར་འཕེལ་རྒྱས་གསར་པ་བྱུང་། རྨ་ཆུའི་སྟོད་རྒྱུད་དུ་སྟོང་ཝ་ས་ཡ་རིམ་པའི་ཆུ་གློག་ས་ཚིགས་མར་ཐང་དང་གཡང་འཁྱིལ་ཆུ་འགག་གཉིས་མཉམ་དུ་བསྐྲུན་པ་དང་། རྒྱལ་ཁབ་ཀྱི་སྟོང་ཝ་བྱེ་བ་རིམ་པའི་རླུང་གློག་འོད་ཧྥུ་རྟེན་གཞི་ཆེ་གྲས་སྐོར་ཞིག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་བཙུགས། མཚོ་ལྷོ་དང་མཚོ་ནུབ་ཏུ་སྟོང་ཝ་བྱེ་བ་རིམ་པའི་སྐྱེ་ལྡན་ནུས་ཁུངས་རྟེན་གཞི་གཉིས་ཐོག་མར་ལེགས་འགྲུབ་བྱུང་ནས་ནུས་ཁུངས་གཙང་མ་གློག་གསོག་ཚད་སོ་སོ་སྟོང་ཝ་བྱེ་བ1985དང1128ལ་བསླེབས། ཟླ3པའི་ཟླ་མཇུག་བར་ཏུ་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་གསོག་ཚད་སྟོང་ཝ་བྱེ་བ4290ལ་བསླེབས་པ་དང་། ནུས་ཁུངས་གཙང་མས་གསོག་ཚད་ཀྱི90.9%ཟིན། ནུས་ཁུངས་གསར་པས་གསོག་ཚད་ཀྱི61.5%ཟིན་ནས་རྒྱལ་ཡོངས་ཀྱི་ཡང་རྩེར་རྒྱུན་འཁྱོངས་བྱས་ཡོད།
རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་གནས་གང་མགྱོགས་ཅི་མགྱོགས་ཀྱིས་བསྐྲུན།
        སྐྱེ་དངོས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དགེ་མཚན་གཞིར་བཟུང་སྟེ། རྨང་གཞི་སྒྲིག་ཆས་འཐུས་ཚང་། ཐོན་ལས་སྒྲིག་བཀོད་ལེགས་བསྒྱུར། ཐོན་རྫས་མ་ལག་སྣ་མང་། ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཡུལ་སྐོར་ཐད་འཕེལ་རྒྱས་གསར་པ་བྱུང་། གསར་བརྗེ་གནས་གཞི་ཡུལ་སྐོར་དང་། ཞིང་གྲོང་ཡུལ་སྐོར། གངས་འཁྱགས་ཡུལ་སྐོར། ཞིབ་སློབ་ཡུལ་སྐོར། མྱོང་རོལ་རང་བཞིན་གྱི་ཡུལ་སྐོར་སོགས་ཡུལ་སྐོར་བྱེད་སྟངས་གསར་པ་སྣ་ཚོགས་བྱུང་ནས་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་རྫས་སྣ་མང་གི་རྣམ་པ་གསར་པ་ཐོག་མར་ཆགས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། ཟི་ལིང་གྲོང་ཁྱེར་གཉིས་རྒྱལ་ཁབ་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཚོད་ལྟ་བྱ་ཡུལ་གྲོང་ཁྱེར་དུ་བདམས་ཤིང་། ཐང་ལམ637ཚོང་ལས་ཕྱོགས་བསྡུས་དང་། རིག་གནས་དང་ཡུལ་སྐོར་རྐང་ཐང་ཁྲོམ་སྲང་བཅས་རྒྱལ་ཁབ་རིམ་པའི་མཚན་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་འདུས་ཁུལ། ཡུལ་སྐོར་སྤྲོ་གསེང་སྲང་ལམ་སྐོར་དང་པོའི་གྲས་སུ་བླངས། ན་ནིང་ཞིང་ཆེན་ཡོངས་ནས་ཡུལ་སྐོར་བ་ཁྲི3937.42ལ་སྣེ་ལེན་བྱས་ཤིང་། དེ་ནི་དུས་མཉམ་ལས20%འཕར། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར349.9རག་པ་དང་། དེ་ནི་དུས་མཉམ་ལས20.7%འཕར།
འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་གནས་མགྱོགས་པོར་བསྐྲུན།
        ཞིང་འབྲོག་ལས་གོང་སྤེལ་གྱི་ཐབས་ལམ་བསྒྱུར་ཏེ། ཐོན་ལས་ཀྱི་སྤུས་འབོར་གཉིས་ཀར་དམ་འཛིན་བྱས་ནས་ཁྲོམ་རའི་དགོས་མཁོ་བསྐངས་པ་དང་། སྐྱེ་ལྡན་ཞིང་འབྲོག་ལས་ལ་ཕན་འབྲས་གསར་པ་ཐོབ། རྒྱལ་ཁབ་རིམ་པའི་དེང་རབས་ཐོན་ལས་གླིང་གསུམ་དང་། ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང30། ཞིང་ཆེན་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་འགྱུར་མཉམ་འབྲེལ་ཚོགས་པ40བཙུགས་པ་དང་། འཚེ་མེད་བཟའ་ཆས་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་ཅན་གྱི་ཐོན་རྫས་བཅས་དཔང་ཡིག་ཐོབ་པའི་ཐོན་རྫས925ལ་བསླེབས། ནོར་གནག་དང་། བོད་ལུག ནས། ཀེ་ཚེ། ཉ་རིགས། ལི་མད་སོགས་སྤུས་ལེགས་ལ་ཁྱད་ཆོས་ལྡན་པའི་ཐོན་ལས་གོང་དུ་སྤེལ། ཡུལ་ཤུལ་གྱི་ནོར་གནག མདོ་ལའི་བོད་ལུག ལུང་གཡང་འགག་གི་ཉ། ཚྭ་འདམ་གཞུང་གི་འཕང་འབྲས་སོགས་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་དགེ་མཚན་ལྡན་པའི་ས་ཁུལ་དུ་གཏན་འཁེལ་བྱས།
        ལོ་གཅིག་རིང་ལ། རང་ཞིང་གིས་འཕེལ་རྒྱས་གསར་པའི་བསམ་བློ་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་ལྟེ་བ་ཡིན་ཞིང་། བརྟན་འཇགས་ཁྲོད་ནས་ཡར་རྒྱས་ལ་བརྩོན་པའི་ལས་ཀ་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྒོ་རྒྱ་ཡངས་པོར་གློད་པ་དང་། རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གཉིས་གཅིག་གྱུར་འཆར་འགོད་བཟོས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་དང་མཐུན་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་སྟེང་འབད་པས་བསྐྱོད་ཡོད།
འབྲེལ་ཡོད་འོས་སྦྱོར།