logo

ཁུལ་སྲིད་ཁྲིམས་ཀྱིས་ཞིང་ཆེན་ཏང་འཐུས་ཚོགས་ཆེན་ལ་བགྲོ་གླེང་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-06-07 ཀློག་གྲངས།:
        ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་བགྲོ་གླེང་ཚོགས་འདུ་བསྡུས།
        ཟླ5བའི་ཚེས31ཉིན། ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ལས་བྱེད་པས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་གཞིར་བཟུང་སྟེ་གཅིག་སྡུས་སྒོས་བགྲོ་གླེང་ཚོགས་འདུ་བསྡུས་པ་དང་། ཚན་སྐོར་གྱི་ཁོངས་མི་དང་ཁའོ་སོ་སོའི་འགན་འཁུར་བ། དེ་མིན་ཏང་ཡོན་ལས་བྱེད་པ་སོ་སོས་རང་རང་གི་ལས་གནས་དང་བསྟུན་ནས་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས།
        ཚང་མས་བགྲོ་གླེང་བྱེད་པའི་གོ་རིམ་ཁྲོད་མཚོན་དོན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྙན་ཞུ་ལས་འདས་པའི་ལོ་ངོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱི་ལས་དོན་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་བ་དང་ཉམས་མྱོང་གསར་བར་སྤྱི་བསྡོམས་བྱས་ཡོད་པར་མ་ཟད། ཚན་རིག་དང་མཐུན་པའི་སྒོ་ནས་རྗེས་ཀྱི་ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་ལས་དོན་གྱི་སྤྱིའི་བླང་བྱ་དང་དམིགས་འབེན་འབད་བརྩོན་ལ་འཆར་བཀོད་བཟོ་བ་དང་། ཁྱོན་ཡོངས་ནས་དེང་རབས་རང་བཞིན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་གཙོ་བོ་དང་ཐབས་ལམ་མངོན་འགྱུར་ཡོང་བར་བཀོད་འདོམས་བྱ་དགོས། སྙན་ཞུ་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་འཐབ་ཇུས་ཇུས་འགོད་གཏིང་ཟབ་པ། ལས་དོན་གྱི་བསམ་ཕྱོགས་ཡང་དག་པ་དང་དམིགས་འབེན་བྱེད་ཐབས་ཏན་ཏིག་བཅས་ཡིན་པས། ཞིང་ཆེན་ཡོངས་ཀྱི་སླད་ཕྱིན་ལོ་ལྔའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད།
        ཚང་མས་བཤད་རྒྱུར། དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱ་དགོས། ཁྱོན་ཡོངས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ཁོང་དུ་ཡང་དག་པར་ཆུད་པ། འཕེལ་རྒྱས་གསར་བའི་དུས་མཚམས་དང་འཕེལ་རྒྱས་གསར་བའི་འདུ་ཤེས། འཕེལ་རྒྱས་གསར་བའི་གནས་སྟངས་ལ་ངོས་འཛིན་བྱེད་པ། དེ་མིན་སྲིད་ཁྲིམས་སྡེ་ཁག་གི་ལས་གནས་ཀྱི་ནུས་བ་འདོན་སྤེལ་གང་ལེགས་བྱས་ཏེ། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་དང་འཕེལ་རྒྱས་གསར་བའི་རྣམ་པ་བཟང་བོ་ཞིག་ཆགས་པར་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་འདིང་དགོས།
        འཕེལ་རྒྱས་དང་བདེ་འཇགས་ཀྱི་བླང་བྱར་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་ངོས་འཛིན་ཡང་དག་དང་ཏང་གིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྣེ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་ངོས་འཛིན་ཡང་དག་བྱེད་པ། ཏང་གིས་སྲིད་ཁྲིམས་ལས་དོན་ལ་སྣེ་ཁྲིད་བྱ་རྒྱུ་སྔར་ལས་རང་རྟོགས་སྒོས་རྒྱུན་འཁྱོངས་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་ཤུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་བརྩི་བཀུར་དང་སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་ཕྱོགས་གང་ཅིའི་འགན་ནུས་མཐུན་སྦྱོར་བྱེད་པ། སྲིད་ཁྲིམས་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བྱེད་པ། ཁྲིམས་ལྟར་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། ཁུལ་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་ཡང་དག་པའི་ལམ་ནས་མདུན་དུ་བསྐྱོད་པར་འགན་ལེན་བྱེད་པ་བཅས་བྱས་ཏེ། ཁྱོན་ཡངས་པའི་གུང་ཧོའི་གཤོངས་ས་དར་རྒྱས་ཡོང་བར་འགན་ལེན་བྱ་ཆེད། གཡུར་དུ་ཟ་བའི་གྲུབ་འབྲས་གསར་བ་ཞིག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་བྱ་དགོས།
འབྲེལ་ཡོད་འོས་སྦྱོར།