logo

ལིས་ཀང་དང་ཀརྨ་ཕུན་ཚོགས་གཉིས་ཀྱིས་ཁྲི་ཀར་ཞིང་ཆེན་ཏང་འཐུས་ཚོགས་ཆེན་ཐེངས14བའི་དགོངས་དོན་སྒྲོག་འགྲེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-06-09 ཀློག་གྲངས།:
        ཟླ6པའི་ཚེས1ཉིན་ནས་ཚེས3བར། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་གཉིས་ཁྲི་ཀར་བསྐྱོད་དེ་ཞིང་ཆེན་ཏང་འཐུས་ཚོགས་ཆེན་ཐེངས14བའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། ཁྲི་ཀ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་མཐུན་སྦྱོར་ནུས་ལྡན་ཡོང་བར་བྱེད་པའི་གནད་དོན་དག་ཐེར་བྱེད་པའི་སྐུལ་སློང་བཀོད་འདོམས་ཚོགས་འདུར་ཞུགས་ནས་སྡེ་བའི་ཐོན་ལས་འཕེལ་རྒྱས་དང་ལས་གཞི་འཛུགས་སྐྲུན། མང་ཚོགས་ཀྱི་ཡོང་འབབ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་བྱས་ཏེ། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་སྒོས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་མཐུན་སྦྱོར་ནུས་ལྡན་ཡོང་བར་བྱེད་པའི་གནད་དོན་དག་ཐེར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
        ལིས་ཀང་གིས་ཁྲི་ཀ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་མཐུན་སྦྱོར་ནུས་ལྡན་ཡོང་བར་བྱེད་པའི་གནད་དོན་དག་ཐེར་བྱེད་པའི་སྐུལ་སློང་བཀོད་འདོམས་ཚོགས་འདུ་དང་རྨ་ནུབ་གྲོང་རྡལ་གྱི་སྡེ་བ་ཁག་ཅིག་གི་ཨུ་ལྷན་གཉིས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་བཤད་རྒྱུར། རྫོང་དང་ཤང་། སྡེ་བའི་ཏང་ཡོན་ལས་བྱེད་པས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སྒྲོག་འགྲེལ་གཏོང་ཟབ་བྱ་དགོས།
        ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། མཚོ་སྔོན་གྱི་ལས་དོན་ལ་གནང་བའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་འདོམས་གལ་ཆེན་ཁག་བཅས་ལ་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་ཡོང་བར་བྱས་ཏེ། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་འཚོགས་ཚུན་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་། འདས་ཟིན་པའི་ལོ་ལྔའི་འཕེལ་རྒྱས་ཁྲོད་གསོག་འཇོག་བྱས་པའི་ཉམས་མྱོང་བདུན་སྤྱི་བསྡོམས་བྱས་པར་མ་ཟད། རང་ཞིང་འཕྲད་སྲིད་པའི་གོ་སྐབས་དང་འགྲན་སློང་ལ་དབྱེ་ཞིབ་ནན་མོ་དང་། སླད་ཕྱིན་ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱི་ལས་དོན་གྱི་སྤྱིའི་བླང་བྱ་དང་འབད་འཐབ་དམིགས་འབེན་གསལ་བོར་བཏོན་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་འོས་འགན་ལ་རྨང་གཞི་བརྟན་པོ་ཞིག་བཏིངས།
འབྲེལ་ཡོད་འོས་སྦྱོར།