logo

བྲག་དཀར་རྫོང་གིས“མི་རིགས་མཐུན་སྒྲིལ+སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང”ཐད་ལམ་བུ་གསར་པ་བཏོད།

རྩོམ་པ་པོ།: ཡོང་ཁུངས།:བྲག་དཀར་རྫོང་ཉི་ཟེར་སྲིད་དོན་འཕྲིན་སྟེགས། དུས་ཚོད།:2022-06-15 ཀློག་གྲངས།:
        བྲག་དཀར་རྫོང་གིས་ཕྱོགས་ཡོངས་ནས་གཏིང་ཟབ་དང་རྒྱུན་སྲིང་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་བསྒྲུབ་པའི་སྐབས་སུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་བོར་བཟུང་སྟེ་རྫོང་ཁོངས་ཐོན་ཁུངས་ཀྱི་ལྷན་སྐྱེས་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། “མི་རིགས་མཐུན་སྒྲིལ+སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང”བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ“ཐིག་གསུམ་རྐྱང་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཉིས་མཉམ་འདྲེས་མཉམ་སྤེལ་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་མཛེས་སྡུག་དང་མང་ཚོགས་འབྱོར་ཕྱུག མི་རིགས་འཆམ་མཐུན། མཐུན་སྒྲིལ་བརྟན་ལྷིང། མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་ལམ་བུ་གསར་པ་ཞིག་བཏོད།
        སྐྱེ་ལྡན་ཐོན་ལས་དར་སྤེལ་བཏང་སྟེ་ལྗང་མདོག་ཅན་གྱི་འཕེལ་རྒྱས་ཀྱིས་མི་རིགས་སོ་སོའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་། “དཔལ་ཁའི་སྐྱེ་ལྡན”ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་དུ་བྱས་ཏེ་འབྲོག་ལུག་དང་ནོར་ནག ནས། པད་ཁ། གཟན་རྩྭ་བཅས“ཕུལ་བྱུང་ལྔའི”ཐོན་ལས་འབུར་དུ་ཐོན་པར་བྱས་ཤིང་། གཙོ་བོ་དཔལ་ཁའི་རྩྭ་སའི་སྐྱེ་ཁམས(སྐྱེ་ལྡན)ཕྱུགས་ལས་དང་རྨ་ཆུའི་གྲོག་རོང་གི་དེང་རབས་ཅན་གྱི་སྐྱེ་ཁམས་རེས་འཁོར་ཞིང་ཕྱུགས་ལས། ལྷོ་རྒྱུད་ཀྱི་མཐོ་གྲང་སྐྱེ་ཁམས་ཕྱུགས་ལས་བཅས་དར་སྤེལ་བཏང་། ཐོན་ལས་མནའ་འབྲེལ་གྱིས་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བརྒྱུད་དེ་ལྗང་མདོག་ཞིང་ཕྱུགས་ལས་ཀྱི་སྤུས་རྟགས་འཐབ་ཇུས་ལག་བསྟར་ཧུར་ཐག་བྱས་ནས་བྲག་དཀར་ནོར་ཤ་དང་ལོ་ལེགས་རྟགས་ཅན་གྱི་པད་སྣུམ། སེང་ལྡེང་སྡེ་བའི་འཕང་འབྲས། བྲག་དཀར་བོད་ཕག་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས31བཏོད་པ་དང་། ཁོར་ཡུག་གི་ཐེག་ནུས་དང་འཚམ་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་བཏོད་ནས་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་འཕེལ་རྒྱས་མཉམ་འདྲེས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་ས་ཞིང་དང་ངལ་རྩོལ་ནུས་ཤུགས། རྒྱུ་ནོར། རང་བྱུང་མཛེས་ལྗོངས་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་གསོན་ཤུགས་རྒྱས་སུ་འཇུག་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་སྔོ་ལྗང་རི་ཀླུང་སྲུང་སྐྱོང་བྱེད་ཐུབ་ལ་འཚོ་བ་སྐྱིད་པོའང་རོལ་ཐུབ་པར་བྱས།
        དེ་དང་ཆབས་ཅིག་བྲག་དཀར་རྫོང་གིས་མ་དངུལ་སྒོར་ཁྲི4990བཏང་སྟེ་རྫོང་མཁར་དང་དཔལ་ཁ་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་མཇུག་ཆུའི་འདམ་ར་གཙང་བཟོ་གཏིང་ཟབ་བྱེད་པའི་ལས་གཞི་ལག་བསྟར་བྱ་རྒྱུའི་རེ་ཞུ་བྱས། སྨན་བཅོས་སྙིགས་རོ་ཚད་ལྡན་ཅན་གྱི་གསོག་ཉར་ལ་དམ་འཛིན་ནན་མོ་བྱ་ཆེད་བསྡོམས་པས་མ་དངུལ་སྒོར་ཁྲི299བཏང་སྟེ་བྲག་དཀར་རྫོང་གི་སྨན་བཅོས་གད་སྙིགས་གསོག་ཉར་གྲང་མཛོད་འཛུགས་སྐྲུན་རྣམ་གྲངས་བསྐྲུན་ཏེ་སྨན་བཅོས་གད་སྙིགས་གསོག་ཉར་དང་སྐྱེལ་འདྲེན་ཚད་ལྡན་དུ་བཏང་། མི་རིགས་སོ་སོའི་མང་ཚོགས་ལ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ལས་བྱུང་བའི“ཁེ་སྤོགས”ལོངས་སྤྱོད་གང་ལེགས་བྱེད་ཐུབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་གཟུག་ཆེད་ཁོར་ཡུག་བཟང་པོ་ཞིག་བསྐྲུན།
        སྐྱེ་ཁམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ་སྐྱེ་ཁམས་ཐོན་ཁུངས་མཉམ་སྤྱོད་མཉམ་སྐྱོང་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྣེ་ཁྲིད་ལ་སྐུལ་འདེད་བཏང་། «བྲག་དཀར་རྫོང་གི“སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི»བཟོ་འགོད་སྐུལ་སློང་ཚོགས་འདུ་རྩ་འཛུགས་བྱས་པ་དང་འབྲེལ། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་གསལ་ཐོ་བཟོས་པ་དང་། «བྲག་དཀར་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ལྟ་བཤེར་ཚུར་ལན་གནད་དོན་དག་ཐེར་ཇུས་གཞི»དང«བྲག་དཀར་རྫོང་གི་རྫོང་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འགན་འཁྲིའི་གསལ་ཐོ»དུས་ཐོག་ཏུ་པར་འགྲེམས་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་ཡོངས་ནས“བདེ་ཐང་བརྟག་དཔྱད”བྱེད་དུས་ཤེས་རྟོགས་བྱུང་བའི་གནད་དོན10དག་ཐེར་བྱས་པ་དང་། འཆར་ཅན་གྱི་ལྟ་ཞིབ་དང་གྱོད་གཞི་སྒྲུབ་གཉེར་བྱ་བ་ལེགས་པོར་སྤེལ་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། སྐྱེ་ཁམས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གཏོད་རྒྱུར་སྐུལ་འདེད་ནན་མོ་བཏང་།
        “རི་བོ་གཉིས་ཀྱི་གཞུང་ལུགས”ལག་ལེན་ནན་ཏན་བྱས་ཏེ་མི་རིགས་སོ་སོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་སྐུལ་འདེད་གཏོང་རོགས་བྱས། དྭངས་གཙང་གི་མཁའ་དབུགས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ལ་རྒྱལ་ཁ་བླངས་ཏེ་ནམ་མཁའ་སྔར་ལས་སྔོ་བར་མངོན་འགྱུར་བྱས། རྫོང་ཁོངས་ཀྱི་གཙོ་གནད་རླུང་ཁམས་ཆེན་མོའི་བཙོག་འབུད་ཁེ་ལས་ལ་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་སྟེ“བཟོ་གྲྭ་གཅིག་ལ་ཡིག་ཚགས་གཅིག”བཟོས་ཤིང་དུས་ལྟར་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱས་པ་དང་། བཙོག་འབུད་ཁེ་ལས་སོ་སོས་ཚད་གཞི་ལོན་པའི་ངང་བཙོག་འབུད་ཐུབ་པའི་འགན་ལེན་བྱས། རྫོང་འཕེལ་སྒྱུར་ཅུས་དང་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས། རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་གསུམ་གྱིས་སྦགས་བཙོག་འགོག་བཅོས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་དུས་ཐོག་ཏུ་སྐུལ་འདེད་བཏང་ཞིང་། དུས་ལྟར་ཐལ་རྡུལ་བཅོས་སྐྱོང་དང་སྣུམ་གྱི་དུ་དྲེག་གི་སྦགས་བཙོག་འགོག་བཅོས། སྣུམ་རླངས་ཚུར་བསྡུ་སོགས་ཀྱི་གནད་དོན་གཙོ་བོར་བཟུང་སྟེ་ཆེད་དམིགས་བཅོས་སྐྱོང་བྱས། ཟླ4པའི་ཟླ་མཇུག་བར་དུ་བྲག་དཀར་རྫོང་གིས་ཉིན119ལ་ལྟ་ཞིབ་ཚད་ལེན་ནུས་ལྡན་བྱས་པ་དང་ཉིན117ལ་ཕུལ་བྱུང་མཁའ་རླུང་ལེགས་ཚད98.3%ཟིན། ཆུ་གཙང་སྲུང་སྐྱོབ་ཀྱི་འཐབ་ཇུས་ལེགས་པོར་སྤྱད་དེ་ཆུ་བོ་སྔར་ལས་དྭངས་གཙང་ཡོང་བར་བྱས། རིམས་ནད་ཀྱི་སྐབས་སུ་བཙོག་ཆུ་གཙང་སེལ་བཟོ་གྲྭས་ཆུ་འདོན་ཚད་གཞི་བརྟན་པོའི་ངང་འཁོར་རྒྱུག་བྱེད་པར་འགན་ལེན་བྱས་ཤིང་། བཙོག་ཆུ་གཙང་གསིང་ལེགས་པོ་མ་བྱས་པར་སྦགས་བཙོག་ཐེངས་གཉིས་པ་མི་འབྱུང་བར་བྱ་ཆེད་རྫོང་མཁར་དང་དཔལ་ཁའི་བཙོག་ཆུ་གཙང་སེལ་བཟོ་གྲྭར་ཐེངས་མང་སོང་སྟེ་མཛུབ་ཁྲིད་བྱས་པ་དང་། ཁེ་ལས་ཀྱིས་དུས་བཀག་ལྟར་ཕྱོགས་ཡོངས་ནས་དུག་སེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཆུའི་སྤུས་ཚད་ཚད་ལོན་ཡོང་བར་འགན་ལེན་བྱས་ཤིང་། བཙོག་ཆུ་དང་འདམ་རྫབ་བརྒྱུད་དེ་ཐེངས་གཉིས་པར་འགོས་ནད་མི་ཁྱབ་པར་སྔོན་འགོག་གང་ལེགས་བྱས། མིག་སྔར་རྨ་ཆུ་དང་ཧང་ཆུ། ཆུ་སྔོན་ཆུ་སོགས་ས་ངོས་ཀྱི་ཆུ་གཙོ་བོའི་སྤུས་ཚད་རྒྱལ་ཁབ་རིགས་ཀྱི་ཚད་གཞིའི་ཡན་ཟིན་པ་དང་། རྫོང་མཁར་དང་གྲོང་གསེབ་ཀྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་སྤུས་ཚད་ཚད་གཞི་ལོན་ཚད100%ཟིན་ཡོད། ས་གཙང་སྲུང་སྐྱོབ་ཀྱི་འཐབ་ཇུས་གང་ལེགས་སྤྱད་དེ་ཁོར་ཡུག་སྔར་ལས་གཙང་བར་ཁག་ཐེག་བྱས། ས་རྒྱུའི་སྦགས་བཙོག་གཙོ་གནད་ཁེ་ལས་ཀྱི་མིང་ཐོ་བཟོ་བ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ས་རྒྱུའི་གཙོ་གནད་ལྟ་སྐུལ་དོ་དམ་ཚན་པ2ལ་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་དུས་ཐོག་ཏུ་སྐུལ་འདེད་བཏང་བ་དང་། དུག་དང་གནོད་པ་ལྡན་པའི་དངོས་པོ་འབུད་སྐྱུར་བྱེད་པར་ཚོད་འཛིན་ནན་མོ་བྱས་ཤིང་། འབུད་སྐྱུར་བྱས་ཚུལ་རང་རྟོགས་གྱིས་སྙན་ཞུ་བྱེད་པ་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་བབ་བསྟུན་སྔོན་ཇུས་འཐུས་སྒོ་ཇེ་ཚང་དུ་བཏང་། ས་རྒྱུའི་སྦགས་བཙོག་གི་ཉེན་ཁ་འབྱུང་བར་སྔོན་འགོག་བྱས་ཏེ། 2021ལོར་བྲག་དཀར་རྫོང་གིས་ལྟ་ཞིབ་ཚད་ལེན་ནུས་ལྡན་བྱས་པའི་ཉིན་གྲངས355དང་ཕུལ་བྱུང་ཉིན་གྲངས349ཟིན་པ་དང་། མཁའ་རླུང་ལེགས་ཚད98.3%ཟིན་ཏེ་ཁུལ་རིམ་པའི་བཀོལ་འདོམས་བྱས་པའི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱས། ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞིའི་སྟེང་ནས་མཁའ་རླུང་གི་སྤུས་ཚད་ལོ་སྔོན་མ་ལས་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད། གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་དང་འཚོ་བའི་བཙོག་ཆུ་བཅོས་སྐྱོང་། འཚོ་བའི་གད་སྙིགས་བཅོས་སྐྱོང་བཅས་ཀྱི་ཡུན་ཕན་དོ་དམ་སྲུང་སྐྱོང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། སྡེ་བའི་ཁོར་ཡུག་གི་རྣམ་པ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་སྟེ། མང་ཚོགས་ཀྱིས་ཏང་གི་ངག་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་། ཏང་གི་བཀའ་དྲིན་དྲན་པ་བཅས་ཀྱི་ཆོད་སེམས་སྔར་བས་བརྟན་པོར་གྱུར་ཞིང་། “ངོས་འཛིན་གཅིག་མཐུན་ལྔའི”བསམ་བློ་སྔར་ལས་ཟབ་པར་གྱུར།
        བྲག་དཀར་རྫོང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ཀྱི་བྱ་བའི་ཁྲོད་ཟུག་པར་བྱས་ཤིང་། རྫོང་ཡོངས་ཀྱི་དབུལ་ཐར་མཁྲེག་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་སོང་བ་དང་གྲོང་གསེབ་དར་སྤེལ་གྱི་དམིགས་ཚད་ལ་སྐུལ་འདེད་ནན་མོ་བཏང་བས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་པོར་བསྐྲུན། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་དང་བདེ་འཇགས་ཀྱི་སེམས་ཚོར་ཇེ་དྲག་ཏུ་སོང་སྟེ། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གཏོད་པར་བྲག་དཀར་གྱི་སྟོབས་ཤུགས་ཕུལ་བ་དང་བྲག་དཀར་གྱི་འགན་འཁྲི་གང་ལེགས་ཁུར་ཡོད།
འབྲེལ་ཡོད་འོས་སྦྱོར།