logo

གཡང་འཁྱིལ་ཆུ་གློག་ས་ཚིགས་ཀྱི་གནས་སྤོའི་གནས་ཚུལ་ལ་ལྟ་ཞིབ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-06-16 ཀློག་གྲངས།:
        ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། རྨ་ཆུ་ཀུང་སིའི་ཏང་ཙུའུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཡའོ་ཞའོ་ཡན་སོགས་ཞིན་ཧེ་རྫོང་དུ་བསྐྱོད་ནས་དཀར་མོ་གཡང་འཁྱིལ་ཆུ་ཤུགས་གློག་འདོན་ས་ཚུགས་ཀྱི་གནས་སྤོའི་བཀོད་སྒྲིག་དང་གནས་ཚུལ་ལ་ལྟ་ཞིབ་བྱས།
        ཟླ༦པའི་ཚེས༡༣ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། རྨ་ཆུ་ཀུང་སིའི་ཏང་ཙུའུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཡའོ་ཞའོ་ཡན་སོགས་ཞིན་ཧེ་རྫོང་དུ་བསྐྱོད་ནས་དཀར་མོ་གཡང་འཁྱིལ་ཆུ་ཤུགས་གློག་འདོན་ས་ཚུགས་ཀྱི་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་འདེམས་པ་དང་འཆར་འགོད་ཇུས་འགོད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སྒྲིག་འཛུགས་བྱས་ཏེ་མཐུན་སྦྱོར་ཚོགས་འདུ་འཚོགས་ནས་ཐང་ནག་གྲོང་རྡལ་དང་དེ་བཞིན་གནས་སྤོས་གྲོང་མིའི་སྡོད་གནས་ཇུས་འགོད་དང་ལས་གཞི་ལ་སྐུལ་འདེད། རྗེས་མཐུད་ཐོན་ལས་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་ཉན་པ་བརྒྱུད་ལས་གཞི་འཛུགས་སྐྲུན་ཁྲོད་ལྷག་པའི་དཀའ་ངལ་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་དཀར་མོ་གཡང་འཁྱིལ་ཆུ་ཤུགས་གློག་འདོན་ས་ཚིགས་ཀྱི་གནས་སྤོ་ཡུལ་མིའི་བཀོད་སྒྲིག་དང་ལས་གཞི་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་བ་རེད།
        ཟླ༦པའི་ཚེས༡༣ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། རྨ་ཆུ་ཀུང་སིའི་ཏང་ཙུའུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཡའོ་ཞའོ་ཡན་སོགས་ཞིན་ཧེ་རྫོང་དུ་བསྐྱོད་ནས་དཀར་མོ་གཡང་འཁྱིལ་ཆུ་ཤུགས་གློག་འདོན་ས་ཚུགས་ཀྱི་གནས་སྤོའི་བཀོད་སྒྲིག་དང་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།
        ཚོགས་འདུའི་ཐོག་བསྟན་དོན། གཡང་འཁྱིལ་ཆུ་ཤུགས་གློག་འདོན་ས་ཚིགས་ནི་རྨ་ཆུའི་སྟོད་རྒྱུད་ནས་འཆར་འགོད་བྱས་པའི་ས་ཚིགས་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་དང་ཧོ་ནན་བར་གློག་ཕྱི་ལ་འདྲེན་པར་རོགས་འདེགས་བྱེད་པའི་གློག་ཁུངས་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་མཐོ་ས་དང་མཚོ་ལྷོས“གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་གློག་ཤུགས”འཚོལ་ཞིབ་དང་ལག་བསྟར་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན། ལས་གཞི་དེ་ན་ནིང་ལོ་མཇུག་ཏུ་ལས་འགོ་ཚུགས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚད་མཐོའི་དོ་ཁུར་དང་འབྲེལ་ཡོད་ཐིང་ཅུའུ་ཡིས་ཤུགས་ཆེའི་རྒྱབ་སྐྱོར་འོག་མཚོ་ལྷོ་ཁུལ་དང་རྨ་ཆུ་ཀུང་སིས་ཚད་མཐོའི་མཐོང་ཆེན་དང་གཞོགས་འདེགས་དམ་ཟབ་བྱས་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་བ་རེད།
        གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི“ཨར་ལས་ས་ཁྲ”དང“ལས་འགན་ཡི་གེ”གཏན་འཁེལ་བྱས། ཁུལ་དང་རྫོང་གི་ཏང་ཨུའི་སྲིད་གཞུང་དང་རྨ་ཆུ་ཀུང་སིས་རང་རྟོགས་ངང“ཨར་ལས་རུ་ཁག”དང“ཨར་ལས་པ”ཡག་པོ་བྱས་ནས་གཡང་འཁྱིལ་ཆུ་ཤུགས་གློག་འདོན་ས་ཚིགས་ཀྱི་གནས་སྤོ་ཡུལ་མི་བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་སོགས་ལ་དམ་འཛིན་ཡག་པོ་བྱས་ཏེ་ལས་གཞི་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ལྷག་པའི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། ལས་གཞི་འཛུགས་སྐྲུན་གྱི་ཕན་འབྲས་ལ་བརྟེན་ནས་གུང་ཧོ་གཤོངས་ས་དར་སྤེལ་དུ་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་མཚོ་ལྷོའི་འགན་འཁྲི་འཁུར་སེམས་མཚོན་པ་དང་མཚོ་ལྷོའི་ལེགས་སྐྱེས་འབུལ་རྒྱུར་འབད་བརྩོན་བྱ་དགོས་ཞེས་བསྟན།
        གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་ལེགས་པར་སྐྱོང་བའི་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་པ། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་དང་ལས་བགོས་འགན་འཁུར་མགོ་ཁྲིད་ཀྱིས་གཡང་འཁྱིལ་ཆུ་ཤུགས་གློག་འདོན་ས་ཚིགས་བསྐྲུན་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ“སྡོད་མི་ཐུབ་པའི”དགོས་གཏུགས་ཀྱི་བསམ་པ་དང“དལ་ཡང་སྡོད་མི་ཐུབ་པའི”ཉེན་ཁའི་བསམ་པ། “སྒུག་མི་ཐུབ་པའི”འགན་འཁྲིའི་བསམ་པ། ལས་གཞི་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དཀའ་ངལ་གྱི་གནད་དོན་ཧུར་ཐག་སྒོས་སེལ་ནས་ཏང་སྲིད་ཁེ་ལས་ཀྱིས་མཉམ་དུ་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གཡང་འཁྱིལ་ཆུ་ཤུགས་གློག་འདོན་ས་ཚིགས་བསྐྲུན་ཆེད་ལས་དོན་ཁག་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱས་པ་རེད།
        ཁྲིམས་ལྟར་དངོས་ཐོག་བདེན་འཚོལ་གྱིས་གནད་དོན་ལ་དབྱེ་ཞིབ་བྱ་དགོས། གཡང་འཁྱིག་ཆུ་ཤུགས་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་པའི་དུས་ཚོད་རིང་བ་དང་ལས་གྲྭའི་གཞི་ཁྱོན་རྒྱ་ཆེ་བ་བཅས་ཀྱི་དོན་དངོས་ཁོང་དུ་ཆུད་པ་བྱས་ཏེ། བཅའ་ཁྲིམས་དང་ཁྲིམས་སྲོལ། གནད་དོན་གྱི་ཁྲིད་ཕྱོགས། མི་དམངས་ལྟེ་བར་འཛིན་པའི་རྩ་དོན་བཅས་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད། སྤྱི་ཚོགས་ཁྱོན་ཡོངས་བརྟན་པོ་ཡོང་བར་སྲུང་སྐྱོང་བཅས་བྱེད་པའི་མཐོ་ཚད་ནས་འགོ་བརྩམས་ཏེ། ཕྱོགས་ཁག་གི་ཁེ་ཕན་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་མིག་སྔར་ལས་གཞི་འཛུགས་སྐྲུན་བྱེད་པའི་ཁྲོད་གནས་པའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། དཀའ་ངལ་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་ལག་ལེན་དོན་འཁྱོལ་ཐུབ་པའི་དངོས་གཉེར་བྱ་ཐབས་བཟོ་བ་བཅས་བྱས་ནས་ལས་གཞི་འཛུགས་སྐྲུན་བདེ་བླག་ངང་ལག་བསྟར་དང་མང་ཚོགས་ཀྱི་ཁེ་ཕན་ལ་ཤུགས་རྐྱེན་མི་ཐེབས་པར་འགན་ལེན་བྱ་དགོས།
        སྟོབས་ཤུགས་གཅིག་སྒྲིལ་གྱིས་གནད་དོན་ཐག་གཅོད་བྱ་དགོས། ས་ཁུལ་དང་ཁེ་ལས་ཕྱོགས་གཉིས་པོས་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ནས། ༢༠༢༤ལོའི་གློག་འདོན་ས་ཚིགས་ཀྱི་ཆུ་གསོག་གློག་གཏོང་གི་དམིགས་ཚད་ལ་དམིགས་ཏེ་རང་འགུལ་ངང་ལས་གནས་ཐོག་བསྐྱོད་དེ་འགན་འཁྲི་འཁུར་བ་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་ཐུན་མོང་ཐོག་ལས་གཞི་འཛུགས་སྐྲུན་མགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལས་ཀའི་ཆེད་ལས་འཛིན་གྲྭ་འཛུགས་པ་དང་། འཛུགས་སྐྲུན་ས་ཆ་དང་གནས་སྤོས་ཡུལ་མི་བཀོད་སྒྲིག  མ་དངུལ་འགན་ལེན་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་འགལ་རྐྱེན་མཐའ་དག་མེད་པར་བཟོས་ནས་ལས་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཅེས་བསྟན།
འབྲེལ་ཡོད་འོས་སྦྱོར།