logo

མངགས་བཅོལ་སེམས་སུ་འཛིན། དངོས་སྒྲུབ་ལག་བསྟར་བྱེད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-06-21 ཀློག་གྲངས།:
ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་ཞིང་ཆེན་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་པའི་སྒྲོག་འགྲེལ་སྐུལ་སློང་ཚོགས་འདུ་དང་ཐུན་མོང་གིས་སློབ་ཁྲིད་ལ་གྲྭ་སྒྲིག་བྱེད་པའི་ཚོགས་འདུ་བསྡུས།
    
        ཉེ་སྔོན། ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་ཞིང་ཆེན་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་པའི་སྒྲོག་འགྲེལ་སྐུལ་སློང་ཚོགས་འདུ་དང་ཐུན་མོང་གིས་སློབ་ཁྲིད་ལ་གྲྭ་སྒྲིག་བྱེད་པའི་ཚོགས་འདུ་བསྡུས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་ཧྲི་ཀྲང་ཀྲི་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་།
        ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་དང་དྲིལ་སྒྲོག་བཟང་བོ། ལག་ལེན་དོན་འཁྱོལ་བཟང་བོ་བཅས་བྱེད་པ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཞིང་ཨུ་དང་ཁུལ་ཨུའི་ཞིང་ཆེན་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་དྲིལ་སྒྲོག་ལས་དོན་འབྲེལ་ཡོད་ཀྱི་བཀོད་འདོམས་བླང་བྱར་སློབ་སྦྱོང་བཟང་བོ་བྱས་ཏེ། དྲིལ་སྒྲོག་དང་རྩ་འཛུགས་བཟང་བོའི་ལམ་ནས་ཞིང་ཆེན་ཏང་འཐུས་ཚོགས་ཆེན་གྱི་བརྗོད་དོན་དང་དོན་སྙིང་གལ་ཆེན། སླད་ཕྱིན་ལོ་ལྔའི་ལས་དོན་གྱི་གྲུབ་འབྲས་དང་འཕེལ་རྒྱས་ཉམས་མྱོང་། སླད་ཕྱིན་ལོ་ལྔའི་ལས་དོན་གྱི་སྤྱིའི་བཀོད་འདོམས་དང་དམིགས་འབེན་འབད་བརྩོན། འགྱུར་བ་མེད་པ་བརྒྱད་ཀྱི་ལས་དོན་བཀོད་འདོམས་བཅས་མངོན་གསལ་དུ་བསྒྲགས་དགོས། སློབ་གསོའི་ལམ་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་མང་ཚོགས་ཀྱི་བསམ་བློའི་འགུལ་སྐྱོད་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཚད་གཞིའི་སྟེང་གཅིག་གྱུར་ཡོང་བར་བྱ་དགོས། དེ་མིན་དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་སྟེ་མདུན་དུ་བསྐྱོད་པ། ནུས་ཤུགས་གཅིག་ཏུ་སྒྲིལ་ཏེ་ཞིང་ཆེན་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བའི་དམིགས་འབེན་འགན་འཁྲི་ལག་ལེན་དོན་དོན་འཁྱོལ་ཡོང་བར་བྱ་དགོས།
        ཚོགས་འདུའི་བླང་བྱ་ནི་སྒྲོག་འགྲེལ་ཚོགས་པའི་ཚོགས་མིས་ཞིང་ཆེན་ཏང་འཐུས་ཚོགས་ཆེན་གྱི་དོན་སྙིང་དང་རྒྱབ་ལྗོངས་བཅས་ལ་ཞིབ་འཇུག་དང་། སླད་ཕྱིན་ལོ་ལྔའི་བྱ་བའི་གྲུབ་འབྲས་དང་མ་འོངས་བའི་ལོ་ལྔའི་སྤྱིའི་བླང་བྱར་སློབ་སྦྱོང་བྱས་ཏེ། བྱ་བར་གྲྭ་སྒྲིག་ལེགས་པོ་དང་དྲིལ་སྒྲོག་རྒྱ་ཆེར་སྤེལ་བ། ཐབས་ལམ་ཡང་དག་ཅིག་འཚོལ་བ་བཅས་ཀྱི་སྒོ་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བསམ་བློ་དངོས་འབེབ་དང་ས་གནས་སོ་སོའི་ལས་དོན་ལ་བསྟུན་ནས་སྒྲོག་འགྲེལ་བཟང་བོ་བྱ་དགོས། ཞིང་ཨུ་དང་ཁུལ་ཨུའི་ཚད་ལྡན་གཏན་འབེབས་ལྟར་ནང་དོན་ལ་གོ་བ་ཟབ་མོ་བླངས་ནས་ལས་བྱེད་མང་ཚོགས་ཀྱིས་ཐུགས་ཁུར་བྱེད་ཀྱིན་པའི་དཀའ་གནད་སེལ་དགོས། དེ་མིན་སྒྲོག་འགྲེལ་བྱ་འགུལ་དྲིལ་སྒྲོག་བཟང་བོ་བྱས་ཏེ་ཏང་ཡོན་ལས་བྱེད་ཀྱི་བསམ་ཚུལ་བརྗོད་པ་བཅས་ཁུལ་ཡོངས་སུ་གླེང་མོལ་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།
འབྲེལ་ཡོད་འོས་སྦྱོར།