logo

ཏང་འཐུས་ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-06-23 ཀློག་གྲངས།:
        བསྟུན་མར་ཉིན་འགའི་རིང་། ཀོས་ནན་རྫོང་གི་རིམ་པ་སོ་སོའི་སྒྲོག་འགྲེལ་ཚོགས་པས་གོ་བདེ་བའི་སྐད་ཆས་ལམ་ནས་ཏང་འཐུས་ཚོགས་ཆེན་གྱི་དགོངས་དོན་ལ་འགྲལ་བཤད་བརྒྱབ་སྟེ། ཞིང་ཆེན་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་དེ་་གཞི་རིམ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱལ་ནས་དམངས་སེམས་ལ་ཟུག་པར་བྱས།
        སྒྲོག་འགྲེལ་ཚོགས་པས་མང་ཚོགས་འདུ་འཛོམས་ཆེ་སའི་སྡེ་བའི་ལམ་འགྲམ་གྱི་སྡོང་གསེབ་དང་ཏང་ཡོན་བྱ་འགུལ་ལྟེ་གནས། ཞིང་ཚིགས་བར་བཅས་སུ་གོ་དཀའ་བའི་གཞུང་ལུགས་དེ་དག་མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆའི་ལམ་ནས་འགྲེལ་བཤད་བྱས་ཏེ་ཁོ་ཚོའི་སེམས་ལ་སིམ་པར་བྱས།
        རྫོང་ཨུའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པས་བྱ་མདོ་ཤང་གི་སྡེ་བ་དང་རུ་ཁག་སོ་སོར་སློབ་སྦྱོང་གི་རྣམ་པ་གསར་གཏོད་དང་ལས་འགན་གཙོ་བོར་དམིགས་པ། ཡུལ་བབ་དང་བསྟུན་པ་བཅས་ཀྱི་སྒོ་ནས་དུས་རབས་གསར་བའི་ཤེས་དཔལ་ལག་ལེན་ས་ཚིགས་དང་ཤེས་དཔལ་སློབ་ཁྲིད་ཆེན་མོ། ཏང་ཡོན་བྱ་འགུལ་ཁང་སོགས་སུ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱ་འགུལ་སྤེལ།
        སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་བྱ་མདོ་ཤང་གི“མགོ་དཀྲིས་དམར་པོའི”སྒྲོག་འགྲེལ་རུ་ཁག་གི་ཁོངས་མི18ལ་ཡུལ་དངོས་སུ་ཟུར་ཁྲིད་གསོ་སྦྱོང་བྱས་ཏེ། མང་ཚོགས་དང་འབྲེལ་འདྲིས་ཡོད་པའི་ཏང་གི་སློབ་ཚན་ཞིག་འཚོགས་པ་དང་། “མགོ་དཀྲིས་དམར་པོའི”སྒྲོག་འགྲེལ་རུ་ཁག་གི་ཁོངས་མིས་བཤད་རྒྱུར། ང་ཚོས་སྒྲོག་འགྲེལ་བྱེད་སྟངས་ལ་སློབ་སྦྱོང་མང་པོ་བྱས་ཏེ་སྒྲོག་འགྲེལ་གྱི་ནང་དོན་སྔར་བས་གསོན་ཉམས་ལྡན་པ་དང་མང་ཚོགས་ཀུན་གྱིས་ཉན་པར་སྤྲོ་སྣང་སྟེར་གྱིན་ཡོད་ཟེར།
        མང་ར་ཤང་ལྕང་སྡོང་སྡེ་བར། རྫོང་གྲོང་ཁྱེར་དོ་དམ་ཅུའུ་ཡི་ལས་དོན་མི་སྣས་འཕྲེད་འགེལ་སྦྱར་ཡིག་བཀལ་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ་གྱིན་ཡོད། སྒྲོག་འགྲེལ་བརྗོད་དོན་ནི་འདས་ཟིན་པའི་ལོ་ལྔའི་རིང་གི་འབད་འཐབ་ཀྱི་ལོ་རྒྱུས་ཕྱོགས་བསྡོམས་དང་སླད་ཕྱིན་ལོ་ལྔའི་རིང་གི་འབད་འཐབ་ཀྱི་ཁ་ཕྱོགས་མངོན་གསལ་བྱེད་པ། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ”བསྐྲུན་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་པ་བཅས་ཀྱི་འཐབ་ཇུས་བྱེད་ཐབས་ཕྱོགས་གསུམ་ལ་དམིགས་ཏེ་གསལ་འགྲེལ་ཞིབ་ཕྲ་གནང་། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་བསམ་ཚུལ་བརྗེ་རེས་དང་གྲོས་ཞིབ་བྱེད་པར་སྣེ་ཁྲིད་དེ་ངོས་འཛིན་དང་མྱོང་ཚོར་གླེང་བ་རེད། སྡེ་བའི་ཏང་ཡོན་ལས་བྱེད་པས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་གཏམ་བཤད་གནང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གྱི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོ། དམིགས་ཚད་བླང་བྱ་བཅས་ལ་གོ་བ་ཟབ་མོ་བླངས་ཏེ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་དགོས།
འབྲེལ་ཡོད་འོས་སྦྱོར།