logo

ཝང་ཏ་ནན་གྱིས་རང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-07-20 ཀློག་གྲངས།:
        དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་བ། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུད་འདེད་གཏོང་དགོས།
        ཉེ་སྔོན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་རང་ཁུལ་ཏུ་ཡོང་སྟེ་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ། དེ་མིན་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྐྱེ་ཁམས་སྲུང་སྐྱོང་འཕེལ་རྒྱས་སོགས་ལ་རྟོག་ཞིབ་བྱས་ཤིང་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་མཉམ་དུ་རྟོག་ཞིབ་གནང་བ་རེད།
        ཝང་ཏ་ནན་གྱིས་སྔ་རྗེས་སུ་མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་འོད་ཤུགས་གློག་གཏོང་ཁུལ་དང་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། ས་གྲུ་བཞིའི་བྱེ་བཅོས་ལོ་རྒྱུས་འགྲེམས་སྟོན་ཁང་། ཚལ་རྔ་འགག་གློག་འདོན་ས་ཚུགས་བཅས་སུ་བསྐྱོད་དེ་དྭངས་གཙང་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་འཛུགས་སྐྲུན། གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གཏིང་ཟབ་བྱས་པ་རེད། ཁོང་གིས་ནན་བཤད་གནང་དོན། སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་ནས “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ལེགས་པར་བཏོད་པའི་སྐོར་གྱི་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ས་ཁུལ་གྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ་དང་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་འཛུགས་སྐྲུན་དང་སྲུང་སྐྱོང་གཅིག་གྱུར་གྱི་འཕེལ་རྒྱས་འདུ་ཤེས་བཙུགས་ནས་ལྗང་མདོག་འཕེལ་རྒྱས་ཀྱི“མཚོ་ལྷོའི་དཔེ་གཞི”ནུས་ཤུགས་ཡོད་རྒུས་བཏོད་པ་དང་། དྲིལ་བསྒྲགས་ཀྱི་རྣམ་པ་གསར་གཏོད་དང་དྲིལ་བསྒྲགས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། འབད་འབུངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་མཛའ་གནས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་རྒྱུར་བསུ་མ་བྱ་དགོས་ཞེས་བསྟན།
        ཁུལ་ཨུའི་རྒྱུན་ཨུ་དང་གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཧྥིན། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཧྲི་ཀྲང་ཀྲི། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་ཡན་བཅས་འབྲེལ་ཡོད་ཀྱི་བྱེད་སྒོར་ཞུགས་པ་རེད།
འབྲེལ་ཡོད་འོས་སྦྱོར།