མཚོ་ལྷོ་ཁུལ་སྲིད་གྲོས་ཀྱིས་ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་སྲིད་གྲོས་བྱ་བའི་ལས་དོན་སྙན་ཞུའི་སྐོར་གྱི་ཚོགས་འདུ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་སྲིད་གྲོས།
དུས་ཚོད།:2022-07-21
ཀློག་གྲངས།:
ཉེ་སྔོན། ཁུལ་སྲིད་གྲོས་ཀྱིས་རྩ་འཛུགས་བྱས་པའི་ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་སྲིད་གྲོས་ལས་དོན་སྙན་ཞུའི་ཚོགས་འདུ་ཚོགས་པ་དང་། ཁུལ་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཚེ་རིང་གིས་ཚོགས་འདུར་མགོ་འཛིན་གནང་བ་དང་འབྲེལ་གསུང་བཤད་གནང་། ཀྲུའུ་ཞི་གཞོན་པ་ཀྲའོ་ཀུའེ་ལན་དང་བསོད་ནམས་སྐྱིད། རེན་ཅན་མིང་། ཧོ་ཆིང་། དྲུང་ཡིག་སང་ཁྲེང་ཡན། རྫོང་ཁག་སོ་སོའི་སྲིད་གྲོས་དང་ཁུལ་སྲིད་གྲོས་ཨུ་ལྷན་ལྷན་ཁང་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་རྫོང༥ཡི་སྲིད་གྲོས་དང་ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁག་གི་ལོ་སྟོད་ཀྱི་བྱ་བའི་འཕེལ་རིམ་གྱི་གནས་ཚུལ་དང་། ལོ་སྨད་ཀྱི་བྱ་བའི་གཙོ་གནད་དང་དེ་བཞིན་མདུན་དུ་ལྷགས་པའི་དཀའ་ངལ་གྱི་གནད་དོན་ལ་གྲོས་འགོ་བཏོན་པ་མ་ཟད། གཙོ་གནད་ལས་དོན་ལ་སྐུལ་འདེད་དང་དོན་འཁྱོལ་བྱ་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་བ་རེད།
གྲོས་ཚོགས་སྟེང་ངོས་འཛིན་བྱས་དོན། ཁུལ་ཨུའི་མགོ་ཁྲིད་དང་ཞིང་ཆེན་སྲིད་གྲོས་ཀྱི་མཛུབ་སྟོན་ནུས་ལྡན་འོག་ཁུལ་དང་རྫོང་གི་སྲིད་གྲོས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ལ་ཤུགས་སྣོན། ཕྱོགས་གཉིས་ནས་སྲིད་དོན་ལ་ཇུས་འདོན་དང་ངོས་འཛིན་གཅིག་མཐུན་ཡོང་བར་འཐུས་ཚང་དུ་གཏོང་བར་ཤུགས་རྒྱག་པ། ཏང་སྲིད་ལྟེ་བའི་ལས་དོན་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་ཕྱོགས་མང་བའི་གནད་དོན་ལ་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་རང་སྐྱོང་ཁུལ་གྱིས་གུང་ཧོ་གཤོངས་ས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ལ། ཉམས་མྱོང་སྤེལ་རེས་དང་སྐྱོན་སྤངས་དགེ་སྒྲུབ་བཅས་ཀྱི་ཚོགས་འདུའི་གྲུབ་འབྲས་ལག་བསྟར་བྱེད་པའི་གོ་སྐབས་དང་བསྟུན་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་ཆེད་ལས་ཅན་དུ་འགྱུར་བའི་འཛུགས་སྐྱོང་དང་བརྟག་དཔྱད་ཞིབ་འཇུག ལྟ་ཞིབ་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ། གྲོས་མོལ་བྱས་འབྲས་དངོས་སྒྱུར་ལ་སྐུལ་འདེད། ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་གསོན་ཤུགས་ལ་སྐུལ་འདེད། བྱ་བའི་བསམ་ཕྱོགས་དང་བྱ་ཐབས་གསར་གཏོད། གྲོས་མོལ་བྱ་བའི་སྤུས་རྟགས་གསར་གཏོད། ལས་ཁུངས་ཀྱི་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནུས་ཤུགས་ཡོད་རྒུ་བཏོན་ནས་རང་སྐྱོང་ཁུལ་གྱི་སྲིད་གྲོས་མ་ལག་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བར་ཟམ་མི་ཆད་པར་སྐུལ་འདེད་བཏང་ཡོད་ཅེས་བསྟན།
ཚེ་རིང་གིས་གསུང་བཤད་གནང་སྐབས་བསྟན་དོན། རྫོང་ཁག་སོ་སོའི་སྲིད་གྲོས་དང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལྷན་ཁང་ཁག་གིས་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་ནས། ལོ་འཁོར་གྱི་བྱ་བའི་འཆར་གཞི་ཞིབ་བསྡུར་ནན་ཏན་སྒོས་བྱས་ཏེ་དུས་ཚོད་དང་ལྷུ་ཚིགས། ལས་འགན་བཅས་ཀྱི་བླང་བྱ་ལྟར་གོ་རིམ་དང་ལྡན་པའི་སྒོ་ནས་གཙོ་གནད་ལས་དོན་དང་རྒྱུན་གཏན་རང་བཞིན་གྱི་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱ་དགོས་ཞེས་བསྟན།
གཅིག་ནས་འབད་བརྩོན་ལྷོད་མེད་ཀྱིས་སློབ་སྦྱོང་བྱ་དགོས། «དུས་རབས་གསར་བའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བསམ་འཆར» «ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་ལས་དོན་སྲོལ་ཡིག»དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སོགས་ཏང་ནང་གི་ཁྲིམས་སྲོལ་དང་གྲོས་ཚོགས་གལ་ཆེན་གྱི་ཡིག་ཆ་གསར་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་སྙིང་དོན་དངོས་ཁོང་དུ་ཆུད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་སྔར་ལས་ཆེ་རུ་གཏོང་བ། འགན་འཁྲི་སྒྲུབ་པའི་ཕྱོགས་བསྡུས་བྱང་ཚད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བ། སྲིད་དོན་ལ་ཇུས་འདོན་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པའི་ཐད་ལ་ཕྱོགས་གཉིས་ནས་ཤུགས་རྒྱག་པ། “སྲིད་གྲོས་རྟོགས་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་དོན་བགྲོ་གླེང་ལ་མཁས་པ”བཅས་བྱེད་ཐུབ་པར་བྱ་དགོས།
གཉིས་ནས་འགན་འཁྲི་སྒྲུབ་རྒྱུར་དམ་པོར་དམིགས་ཏེ་ལྷོད་གཡེང་བྱེད་མི་རུང་། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་བ་བསུ་བ་དང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱ་རྒྱུ་དེ་ལོ་སྨད་ཀྱི་ལས་འགན་ཨང་དང་པོ་རུ་བརྩིས་ནས་ལས་གནས་ཀྱི་འགན་འཁྲི་དང་བསྟུན་ཏེ་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་དང་བྱ་བའི་བསམ་ཕྱོགས་ཁ་གསལ་བོ་བཟོ་བ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དང་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་རྒྱུའི་ལས་འགན་ཁག་ལ་དམིགས་པ།“མཐོ་ས”གཏོད་རྒྱུར་དམིགས་པ།“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”དང“མཚོ་ལྷོ་ལྔ”སོགས་ལྟེ་བའི་བྱ་བའི་ལས་འགན་བསྐྲུན་རྒྱུ་ལ་དམིགས་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དངོས་སྒྲུབ་གསར་གཏོད་ཀྱི་བསམ་འཆར་དང་གྲོས་འགོ་འདོན་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་གཙོ་གནད་ལས་དོན་དང་དོན་ཚན་གལ་ཆེན་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་གང་ཡོད་འདོན་དགོས།
གསུམ་ནས་སྤྱོད་ཚུལ་དམ་འཛིན་དང་ལྷོད་མེད་བྱ་དགོས། གནས་བབ་གསར་བའི་འོག་གི་སྤྱོད་ཚུལ་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གལ་ཆེན་རང་བཞིན་དང་དངོས་ཡོད་དགོས་གཏུག་ཆེ་བའི་རང་བཞིན་ཁོང་དུ་ཆུད་པར་བྱས་ཏེ། ཞིང་ཆེན་དང་ཁུལ་གྱི་སྤྱོད་ཚུལ་ལེགས་སྐྱོང་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། འགན་འཁྲིའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། དཀའ་སྤྱད་ཡར་བརྩོན་གྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་སྲིད་གྲོས་ཀྱི«ཨུ་ཡོན་གསོ་སྦྱོང་ཆེན་མོ་དང་ལས་དོན་གྱི་བསྡུར་གཞི་ཆེན་པོ་སྒྲིག་པ»ཞེས་པའི་བྱེད་སྒོ་དམ་འཛིན་བྱས་ཏེ་སྔར་ཡོད་ཀྱི་བསམ་ཕྱོགས་ལས་སྒྲོལ་བ་དང་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། འགན་འཁྲི་སྒྲུབ་པའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བཅས་བྱས་ནས་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་དང་ལས་དོན་ཧུར་ཐག་གིས་སྒྲུབ་པའི་རྣམ་འགྱུར་ཐོག་ནས“སྤྱོད་གཙང་ནན་ཏན”འཛུགས་སྐྱོང་གི་བྱ་སྤྱོད་ཏན་ཏིག་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་།

འབྲེལ་ཡོད་འོས་སྦྱོར།