logo

མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་སྒྲིག་ཁོངས་གཞུང་དོན་ཁང་དུ་འབྲེལ་མཐུད་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-07-27 ཀློག་གྲངས།:
ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཀརྨ་ཕུན་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་དོན་ཁང་དུ་འབྲེལ་མཐུད་བྱས།
 
        ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་རུ་ཁག་གི་སྣེ་ཁྲིད་དེ་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་དོན་ཁང་དུ་འབྲེལ་མཐུད་ལས་དོན་སྤེལ་བར་བསྐྱོད་ནས། ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་དོན་ཁང་གི་ཀྲུའུ་རེན་ཧོའུ་ཕུང་ཉིང་དང་བཞུགས་མོལ་གནང་བ་བརྒྱུད། མཚོ་ལྷོས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གྱི་སྒྲིག་གཞི་འཛུགས་པ་སོགས་ཀྱི་ཐད་ནས་བགྲོ་གླེང་བྱས།
        ལིས་ཀང་དང་ཀརྨ་ཕུན་ཚོགས་གཉིས་ཀྱིས་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་དོན་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་ལྷོའི་སྒྲིག་གཞིའི་སྒྲིག་ཁོངས་བྱ་གཞག་ལ་མཛུབ་ཁྲིད་དང་སེམས་ཁུར། རྒྱབ་སྐྱོར་བཅས་བྱས་པར་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་རེད། ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་དོན་ཁང་ལ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གྱི་གནས་ཚུལ་དང་། དེ་བཞིན་འཛུགས་སྐྲུན་བསམ་ཕྱོགས་དང་བྱ་ཐབས། ཁུལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གནས་ཚུལ། གཞི་རིམ་གྱི་སྨན་བཅོས་འགན་བཅོལ་གཉེར་སྐྱོང་སྒྲིག་གཞི་འཁོར་སྐྱོད་གནས་ཚུལ་བཅས་སྙན་ཞུ་གནང་བ་རེད། ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་དོན་ཁང་གིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་སྒྲིག་གཞི་བཀོད་སྒྲིག་དང་མི་སྣ་བཀོད་སྒྲིག་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་མཛུབ་ཁྲིད་ཞིབ་ཚགས་བྱས་ནས“རྒྱལ་ཁབ་ཀྱི་རྟགས་ཅན”གྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱེད་དགོས་པ་དང་། མཚོ་ལྷོའི་ཐུན་མོང་མ་ཡིན་པའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆ་དང་འབྱུང་འགྱུར་གྱི་འཕེལ་རྒྱས་ཀྱི་མདུན་ལམ་བཟང་པོ་དང་ཟུང་འབྲེལ་བྱས་ཏེ་ཁུལ་གྱི་ལྗང་མདོག་ཐོན་ལས་གླིང་ཁུལ་གྱི་སྒྲིག་སྲོལ་ལམ་སྲོལ་འགན་ལེན་བྱས་ནས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། ཁུལ་ཡོངས་ཀྱི་རྫོང་ལྔའི་སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས་འགན་བཅོལ་སྒྲིག་གཞི་ཁག་བགོས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དོ་དམ་སྒྲིག་སྲོལ་སྔར་བས་མཐུན་སྦྱོར་ཡོང་བར་བྱེད་པ། སྨན་བཅོས་དང་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དོན་འཁྱོལ་སྔར་བས་ཡག་པོ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བཅས་བྱ་དགོས་ཞེས་བསྟན།
        ཧོའུ་ཕེང་ཉིང་གིས་ལིས་ཀང་དང་ཀརྨ་ཕུན་ཚོགས་དང་བཅས་པར་ཕན་ཚུན་འབྲེལ་མཐུད་ཀྱི་བྱ་བར་ཕེབས་པ་ལ་དགའ་བསུ་ཞུས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་སྒྲིག་གཞིའི་སྒྲིག་ཁོངས་ཀྱི་བྱ་བར་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་བཏང་བར་ཐུགས་རྗེ་ཆེ་ཞུས་པ་རེད། སྐབས་གསར་བའི་མགོ་ཁྲིད་ཚན་ཁག་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་གཏོད་དང་འཕེལ་རྒྱས་ཀྱི་སྟེགས་བུ་རྒྱ་ཆེར་གཏོང་བ། མཚོ་ལྷོའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ཁས་ལེན་བྱས་ཏེ་སྔར་བཞིན་མཚོ་ལྷོའི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ། ཞིབ་ཕྲའི་འབྲེལ་མཐུད་གནད་དོན་ལ་ཕྱོགས་བསྡུས་བསམ་གཞིག་དང་ཞིབ་འཇུག་གཏིང་ཟབ་བྱེད་པ། སྒྲིག་གཞི་དང་མི་སྣ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ། མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་འོས་སྦྱོར།