ཚེ་རིང་དོན་འགྲུབ་ཀྱིས་བཏབ་པའི་ཚོང་ལས་སྐོར་གྱི་དྲིས་ལན།༡
རྩོམ་པ་པོ།:ཚེ་རིང་དོན་འགྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-05-23
ཀློག་གྲངས།:
དྲི་བ་འདོན་མཁན། བོད་ཡུལ་ཚོང་དོན་གྱི་ཚོགས་མི།
དྲིས་ལན་འདེབས་མཁན། དགེ་རྒན་ཆེན་མོ་ཚེ་རིང་དོན་འགྲུབ།
ས་གནས། བོད་ཡུལ་ཚོང་དོན་ཚོགས་པ།
ཡི་གེར་ཕབ་མཁན། བརྩེ་དུང་རྡོ་རྗེ།
དྲི་བ་དང་པོ། སྤྱི་ཚོགས་ཀྱི་ཉམས་མྱོང་དང་ཚོང་ལས་ལ་ཀླད་པ་གཏན་ནས་འཁོར་མ་མྱོང་བའི་མི་ཞིག་ཡིན་ན། ཐབས་ལམ་གང་འདྲ་ཞིག་ལ་བརྟེན་ནས་ཚོང་ལས་རིག་པ་དང་དཔལ་འབྱོར་གོང་འཕེལ་གཏོང་དགོས་པ་རེད།
ལན། ད་འདི་ནས་ངས་དྲྭ་གྲོགས་དང་པོའི་དྲི་བ་ལ་ལན་འདེབས་རྒྱུ་ཡིན། ཁོང་གིས་དྲི་བ་ནི“སྤྱི་ཚོགས་ཀྱི་ཉམས་མྱོང་དང་ཚོང་ལས་ལ་ཀླད་པ་གཏན་ནས་འཁོར་མ་མྱོང་བའི་མི་ཞིག་ཡིན་ན། ཐབས་ལམ་གང་འདྲ་ཞིག་ལ་བརྟེན་ནས་ཚོང་ལས་རིག་པ་དང་དཔལ་འབྱོར་གོང་འཕེལ་གཏོང་དགོས་པ་རེད”ཞེས་པ་དེ་རེད། དེའི་ལན་དུ་དང་ཐོག་བདག་གིས་ཁོང་གི་དྲི་བ་དེ་གསལ་ཐག་ཆོད་པ་ཞིག་བཤད་དགོས་འདུག ཅིའི་ཕྱིར་ཞེ་ན། འུ་ཅག་གིས་བགྲོ་གླེང་བྱེད་སྐབས། གོ་དོན་དང་བརྗོད་གཞི་གནས་གཅིག་ཏུ་འབབ་པར་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་རེད། གོ་དོན་དང་བརྗོད་གཞི་གནས་གཅིག་ཏུ་འབབ་ཐུབ་སོང་ན། བགྲོ་གླེང་གི་ཁ་ཕྱོགས་འདི་གནས་གཅིག་ཏུ་ཕྱོགས་པ་ལ་ཕན་ཐོག་ཆེན་པོ་ཡོད། མ་ཟད(སྐད་ཆ)ཕན་ཚུན་ཧ་གོ་བ་ལའང་སྟབས་བདེ་ཆེན་པོ་བཟོ་ཐུབ་ཀྱི་རེད། དེ་བས་ཁོང་གིས་བཤད་པའི“སྤྱི་ཚོགས་ཀྱི་ཉམས་མྱོང་གཏན་ནས་མེད་པ”ཞེས་པ་དང་ཡང་ན“ཚོང་ལས་ལ་ཀླད་པ་གཏན་ནས་འཁོར་མ་མྱོང་བ”ཞེས་པའི་སྐད་ཆ་ལ་ང་རང་གཏན་ནས་མི་འཐད་ཀི དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཀྱིས་བཤད་པའི་ཚོང་ལས་ཞེས་པ་དེ་ལའང་གོ་དོན་མང་པོ་ཞིག་འདུས་ཡོད་ཀི གཅིག་ན།ནམ་རྒྱུན་འཚོ་བའི་ནང་གི་ཚོང་ལས་ཞེས་པ་ལ་དབྱིན་སྐད་ནས“Business” ཞེས་པའི་གོ་དོན་ཡོད་པ་དང་། གཉིས་ན“Commerce”ཞེས་པའི་གོ་དོན་ཡང་ཡོད། “Business”ཞེས་པ་ལའང་ནང་དོན་རྒྱ་ཆེན་པོ་འདུས་ཀི དེའི་ཁོངས་སུ་གཏོགས་པ་བཤད་ན། ཉོ་བ་དང་བཙོང་བ། ཞབས་ཞུ་བྱེད་པ། བཟོ་ཚོང་བྱེད་པ། འཛུགས་བསྐྲུན་བྱེད་པ་སོགས་དོ་དམ་བརྒྱུད་ནས་རང་ལ་ཁེ་ཕན་གཉེར་བའི་བྱ་འགུལ་ཡོད་ཚད་ལ་ཟེར་ཀི དཔེར་ན་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་བྱ་འགུལ་སྟེ། ཚོང་རྫས་ཉོས་ནས་བེད་སྤྱོད་གཏོང་བ་དང་། ཁེ་ལས་གཉེར་བ་ལྟ་བུའོ། ། ཡང་དེའི་ནང་ནས“Commerce”ཞེས་པ་ནི་གཙོ་བོ་ཚོང་ཟོག་ཉོ་འཚོང་གི་བྱ་འགུལ་ཁོ་ན་ལ་གོ་བཞིན་འདུག ད་དེའི་ཁོངས་སུ་དོ་དམ་དང་བཟོ་བསྐྲུན་ལ་སོགས་པ་མི་འདུས་ཀི དེ་བས་བཟོ་ཚོང་ཞེས་པའི་རིགས་ཤིག་བརྗོད་པའི་སྐབས་དེར། ཚོང་ལས་ཞེས་པའང་དེའི་ཁོངས་སུ་གཏོགས་པ་ཞིག་རེད། དེ་བས། བདག་གིས་བལྟས་ཡོང་ན། དྲ་གྲོགས་ཁོང་གིས་སེམས་ཁུར་བྱེད་སའང“Business”ཞེས་པ་དེ་ཡིན་པར་འདོད། དེ་ལ་ངས་བོད་སྐད་ནས“བཟོ་ཚོང”བཏགས་ན་ཡག་པར་སེམས། ཡང་བཟོ་ཚོང་ཞེས་པ་འདིའི་ཁོངས་སུ་མང་པོ་མང་པོ་ཞིག་གཏོགས་ཀི གོང་ནས་བཤད་ཟིན་པ་ལྟར་ཚོང་ལས་ཡང་བཟོ་ཚོང་གི་ཁོངས་སུ་གཏོགས་སོ། ། མ་ཟད་ད་རུང་བཟོ་ཚོང་གི་རིགས་བཤད་ན། ཞིང་ལས་བཟོ་ཚོང་། གཏེར་སློག་བཟོ་ཚོང་། དངུལ་རྩའི་བཟོ་ཚོང་། བརྡ་འཕྲིན་བཟོ་ཚོང་། (གློག་བརྙན། བརྙན་འཕྲིན། པར་བསྐྲུན། དྲྭ་ལམ་བརྡ་འཕྲིན་སོགས) བཟོ་བསྐྲུན་བཟོ་ཚོང་། (རྒྱུ་ཆ་ལ་བརྟེན་ནས་ཐོན་རྫས་བཟོ་བ) ཁང་བའི་བཟོ་ཚོང་། (ཁང་པ་བཟོ་བསྐྲུན་བྱས་ནས་དེ་བཙོང་བ་དང་ཡང་ན་གླས་ནས་ཁང་གླ་ལེན་པ་ལྟ་བུ) སིལ་འཚོང་བཟོ་ཚོང་། (སྣ་མང་ཚོང་ཁང་ལྟ་བུ) ཞབས་ཞུའི་བཟོ་ཚོང་། (སྐྲ་བཞར་བ་དང་གླུ་ལེན་གར་རྩེའི་འཛིན་ཤོག་བཙོང་བ་ལྟ་བུ) སྐྱེལ་འདྲེན་བཟོ་ཚོང་། (ཚོང་ཟོག་སྐྱེལ་འདྲེན་བྱེད་པ་ལྟ་བུ) སྤྱོད་ནུས་ཀྱི་བཟོ་ཚོང་། (གློག་དང་འབར་སྣུམ་རིགས་བཙོང་བ་ལྟ་བུ) སོགས་ནང་དུ་འདུ་བ་རེད། དེ་ན་བཟོ་ཚོང་ཞེས་བཤད་པའི་སྐབས་དེར། ཡིན་གཅིག་མིན་གཉིས་དོ་དམ་དང་ཟུང་འབྲེལ་བྱས་ཡོད་དགོས། འོ་ན་དོ་དམ་ཞེས་པ་ཅི་ཞེ་ན། “བཟོ་ཚོང་གི་གོ་རིམ་ཁྲོད་དུ་ཚོགས་པ་ལ་དབང་བའི་མི་དང་ཐོན་ཁུངས་གཞན་དག(དངུལ་སྒོར་དང་ས་ཆ་སོགས་འདུ)མཐུན་སྦྱོར་བྱས་ནས་ལས་ཆོད་དང་ལས་འབྲས་བྱེད་པའི་སྒོ་ནས་ཚོགས་པའི་དམིགས་ཡུལ་འགྲུབ་བྱེད་ཀྱི་ནུས་པ་ཞིག་ལ་གོ་དགོས། དེ་ལའང་ནོར་དོན་དོ་དམ། ཚོང་གཉེར་དོ་དམ། ཐོན་ཁུངས་ཀྱི་དོ་དམ། ཐབས་ཇུས་ཀྱི་དོ་དམ། ཐོན་སྐྱེད་དོ་དམ། འཁོར་བསྐྱོད་དོ་དམ། ཞབས་ཞུའི་དོ་དམ། བརྡ་འཕྲིན་ལག་རྩལ་གྱི་དོ་དམ། བྱེད་སྒོ་གསར་གཏོད་ཀྱི་དོ་དམ་སོགས་མང་པོ་ཞིག་ཡོད་དོ། །
དང་པོ། ནོར་དོན་དོ་དམ། ནོར་དོན་དོ་དམ་ལའང་ནང་ཆེན་པོ་བཞི་ཡོད་ནི་རེད། <གཅིག >དངུལ་ཇི་ལྟར་ནང་དུ་སྡུད་པ། <གཉིས> དངུལ་ཇི་ལྟར་གཏོང་བ། <གསུམ།> དངུལ་དེ་ཇི་ལྟར་འཁོར་རྒྱུགས་བྱེད་པ། <བཞི། >ཁེ་སྤོགས་ཐོབ་ཟིན་པའི་དངུལ་ཇི་ལྟར་བགོ་བཤའ་རྒྱག་པ།
གཉིས་པ། ཚོང་གཉེར་དོ་དམ། ཚོང་གཉེར་དོ་དམ་ལའང་ནང་དོན་ཆེན་པོ་བཞི་ཡོད་ནི་རེད། <གཅིག> ཐོན་རྫས། (ཐོན་རྫས་གཏན་ཁེལ་བྱེད་པའི་ཐབས་ཇུས་དང་དེའི་ཚོང་གཉེར་གྱི་བཀོད་པ)<གཉིས། >བཙོང་ཡུལ། (བཙོང་སའི་ཁེ་ཇུས་དང་དེའི་ཚོང་གཉེར་གྱི་བཀོད་པ) <གསུམ། >སྐུལ་འཚོང་།(སྐུལ་འཚོང་གི་ཁེ་ཇུས་དང་དེའི་ཚོང་གཉེར་གྱི་བཀོད་པ) <བཞི།> རིན་གོང་། (གོང་གཅོད་ཀྱི་ཁེ་ཇུས་དང་དེའི་ཚོང་གཉེར་གྱི་བཀོད་པ) བཅས་སོ། །
གསུམ་པ། མི་ཤུགས་ཐོན་ཁུངས་དོ་དམ། མི་ཤུགས་ཐོན་ཁུངས་ཀྱི་དོ་དམ་ལའང་ནང་དོན་ཆེན་པོ་བཞི་ཡོད་ཀི <གཅིག >ལས་མི་བསྡུ་བསྐོ།(ལས་ཀ་བ་བསྡུས་ནས་ཁོ་ཚོར་ལས་གནས་བསྐོ་འཇོག་བྱེད་པ།) <གཉིས།> དཔྱད་ཞིབ། (བསྡུ་བསྐོ་བྱས་རྗེས་ལས་གནས་སོ་སོར་ཡོད་པའི་མི་དག་གིས་རང་གི་ལས་ཀར་ནུས་པ་འདོན་ཐུབ་མིན་ལ་དཔྱད་ཞིབ་བྱེད་པ། རྒྱ་སྐད་ནས་དེ་ལ“考核”ཟེར།) <གསུམ།> གླ་ཕོགས ( གླ་ཕོག་མཐོ་སོང་ན་ཚོགས་པའི་མ་གོང་ཇེ་མཐོར་འགྲོ་བ་དང་། གླ་ཕོག་དམའ་སོང་ན་ནང་དུ་མི་སྡུད་མི་ཐུབ་པ་མ་ཟད། ནང་ན་ཡོད་པ་དག་ཀྱང་ཕྱི་རུ་བུད་འགྲོ)<བཞི། >གསོ་སྦྱོང་། ( གསོ་སྦྱོང་ལའང་རྣམ་པ་མང་པོ་ཡོད་ཀི གཞན་དག་གླས་ནས་རང་ཉིད་ཀྱི་མི་གསོ་སྦྱོང་བྱེད་པ། རང་གི་མིས་རང་མི་གསོ་སྦྱོང་བྱེད་པ། རང་མི་ཕར་གཞན་ལ་གསོ་སྦྱོང་དུ་གཏོང་བ) བཅས་སོ། །
བཞི་བ། ཐབས་ཇུས་དོ་དམ། ཐབས་ཇུས་དོ་དམ་ལ་ནང་དོན་ཆེན་པོ་དྲུག་ཡོད་ཀི <གཅིག> དངུལ་གཏོང་ཐབས་ཇུས། (དངུལ་གཏོང་གི་ཁ་ཕྱོགས། དངུལ་གཏོང་གི་ས་ཆ། དངུལ་གཏོང་གི་བྱེད་ཚུལ། དངུལ་གཏོང་གི་དུས་སྐབས) <གཉིས།> སྤྱི་ཁྱབ་གྱི་ཐབས་ཇུས། (འཕེལ་རྒྱས་ཅན་གྱི་ཐབས་ཇུས། གཏན་འཇགས་ཅན་གྱི་འཐབ་ཇུས། ནང་སྐུམ་ཅན་གྱི་ཐབས་ཇུས། སྣ་འདུས་ཅན་གྱི་འཐབ་ཇུས།)<གསུམ།> འགྲན་རྩོད་ཀྱི་འཐབ་ཇུས། (ཐད་གཏུགས་ཀྱི་འགྲན་རྩོད། ཟིལ་གྱིས་གནོན་པའི་འགྲན་རྩོད། འགྲན་མི་དགོས་པར་རྒྱལ་འགྲོ་བའི་འགྲན་རྩོད) <བཞི།> ཐོན་ཁུངས་ཐབས་ཇུས། (མང་ཉུང་གི་འབྲེལ་བ། སྔ་གཞུག་གི་འབྲེལ་བ། དམ་ལྷོད་ཀྱི་འབྲེལ་བ།)<ལྔ།>ཐབས་ཇུས་ཀྱི་ཚོད་འཛིན། (ཚད་གཞིའམ་དམིགས་ཡུལ་གཏན་ཁེལ་བྱེད་པ། ཐོབ་འབྲས་ལ་གདེང་འཇོག་བྱེད་པ། སྔར་གྱི་ཚོད་དཔག་དང་དངོས་ཡོད་ཀྱི་ཐོབ་འབྲས་གཉིས་ཀར་དབྱེ་ཞིབ་བྱེད་པ། འཐབ་ཇུས་ལ་ནོར་འཁྲུལ་བྱུང་ན་དེ་ལ་ཡོ་བསྲང་བྱེད་པ) <དྲུག>བརྗེ་འགྱུར་ཅན་གྱི་འཐབ་ཇུས། (ཚོང་རའི་ནང་དུ་བཏང་ཟིན་པའི་དངུལ་སྒོར་དང་མི་སོགས་ཇེ་ཉུང་དུ་གཏོང་བ་དང་ཕྱིར་འཐེན་བྱེད་པའི་འཐབ་ཇུས། གསོ་སྐྱོང་བྱེད་ཞོར་དུ་རིམ་བཞིན་ལས་རིགས་གསར་བ་ཞིག་ལ་ཕྱོགས་པའི་འཐབ་ཇུས) བཅས་སོ། །
ལྔ་བ། ཐོན་སྐྱེད་དོ་དམ། ཐོན་སྐྱེད་དོ་དམ་ལ་ནང་དོན་ཆེན་པོ་བཞི་ཡོད་ཀི<གཅིག>ཐོན་སྐྱེད་བྱེད་སའི་ས་གནས་འདེམ་པ། <གཉིས> ཐོན་སྐྱེད་ཀྱི་མ་ལག་ཇི་ལྟར་བཟོ་བཀོད་བྱེད་པ། <གསུམ> མ་ལག་དེ་ཇི་ལྟར་འཁོར་བསྐྱོད་བྱེད་དུ་འཇུག་པ། <བཞི་བ>མ་ལག་ལ་སྐྱོན་བྱུང་ན་ཇི་ལྟར་ཡོ་བསྲང་བྱེད་པ།
དྲུག་པ། འཁོར་བསྐྱོད་དོ་དམ། འཁོར་བསྐྱོད་དོ་དམ་ལ་ནང་དོན་ཆེན་པོ་ལྔ་ཡོད་ཀི < གཅིག>མ་ལག་བཟོ་བཀོད། <གཉིས>རྒྱུ་སྤུས་དོ་དམ། (འདི་ལ་དེང་སང་འཛམ་གླིང་ན“ཁྱོན་ཡོངས་ཀྱི་རྒྱུ་སྤུས་དོ་དམ”Total Quality Managementཟེར་འདུག་ལ། རྒྱ་སྐད་ནས“全面质量管理”ཟེར། ) <གསུམ>འདོན་སྤྲོད་སྦྲེལ་ཐག་དོ་དམ། Supply Chain Managementཟེར་འདུག་ལ། རྒྱ་སྐད་ནས“供应链管理”ཟེར། )<བཞི> ལས་ཞུ་དོ་དམ། Project Management ཟེར་འདུག་ལ། རྒྱ་སྐད་ནས“项目管理”ཟེར།) < ལྔ> སྒུག་འཕྲེང་དོ་དམ། (རྒྱུ་ཆ་སླེབས་སོང་ནའང་མི་དང་འཕྲུལ་ཆས་གཉིས་ཀ་མི་ཁོམ་པའི་གནད་དོན་བྱུང་བ་ལྟ་བུ། སྐབས་དེར་སྒུག་ཐག་རིང་སོང་ན་གནད་དོན་བྱུང་ཀི་ཡོད་པས། དེ་དོ་དམ་བྱེད་པ་ལ་གོ)
བདུན་པ། ཞབས་ཞུ་དོ་དམ། ཞབས་ཞུ་དོ་དམ་ལ་ནང་དོན་ཆེན་པོ་དྲུག་ཡོད་ཀི <གཅིག> ཞབས་ཞུའི་རིགས་འདེམ་པ། <གཉིས> ལྷུ་ལག་དོ་དམ( ཁྱེད་ཀྱིས་བཙོང་ཟིན་པའི་ལྷུ་ལག་ལ་སྐྱོན་བྱུང་བ་ཡིན་ན་དེ་བརྗེ་བྱེད་ཀྱི་ལྷུ་ལག་གྲ་སྒྲིགས་བྱེད་པ་ལ་གོ) < གསུམ> ཐོན་རྫས་འགན་ལེན་ནམ་ཁག་ཐེག་བྱེད་པའི་ཞབས་ཞུ། <བཞི> གནས་འགྲིམས་ཞབས་ཞུ། ( ཐོན་རྫས་ལ་སྐྱོན་ཞུགས་ན་དེ་ཞིག་གསོ་བྱེད་པར་འགྲིམས་པ) < ལྔ> ཉོ་མགྲོན་དོ་དམ། <དྲུག> རྒྱུ་ནོར་དོ་དམ་མམ་བརྟག་དཔྱད། ཞབས་ཞུ་ཇི་ལྟར་རྒྱུན་བསྲིང་རྒྱུ་ཡིན་པ།
སྲ་ཆས་ཀྱི་ཕྱོགས་ནས་ཞབས་ཞུ་ཆས[服务器]གང་འདེམས་པ། དཔེར་ན་ཧཱ་བེ[华为]དངABMསོགས་ལྟ་བུ། དེ་ལ་ནང་གསེས་ཀྱི་ནང་དོན་དྲུག་ཡོད། 1 དོ་དམ་གྱི་རྩ་དོན། 2 ལག་རྩལ་ཇི་ལྟར་བདག་སྐྱོང་བྱེད་པ། 3 བརྡ་འཕྲིན་ལག་རྩལ་གྱི་ནོར་དོན་དོ་དམ། 4 བརྡ་འཕྲིན་ལག་རྩལ་གྱི་ཞབས་ཞུ་ཇི་ལྟར་བདག་སྐྱོང་བྱེད་པ། 5 བརྡ་འཕྲིན་ལག་རྩལ་དེ་ཇི་ལྟར་གླ་བའི་སྐོར། 6 བརྡ་འཕྲིན་ལག་རྩལ་གྱི་བཀོད་སྒྲིག་དོ་དམ)<གཉིས> བརྡ་འཕྲིན་ལག་རྩལ་གྱི་རྩ་དོན། <གསུམ> བརྡ་འཕྲིན་ལག་རྩལ་གྱི་དོ་དམ་པ།
བརྒྱད་པ། བྱེད་སྒོ་གསར་གཏོད་ཀྱི་དོ་དམ། བྱེད་སྒོ་གསར་གཏོད་གྱི་དོ་དམ་ལ་ནང་དོན་ཆེན་པོ་གསུམ་ཡོད། < གཅིག> བྱེད་སྒོ་གསར་གཏོད་བརྒྱུད་དགོས་པའི་གོ་རིམ་ལྔ་དེ་ཤེས་པར་བྱེད་པ། <གཉིས> བྱེད་སྒོ་གསར་གཏོད་ཀྱི་གོ་སྐབས་དམ་འཛིན་བྱེད་པ། <གསུམ> བྱེད་སྒོ་གསར་གཏོད་གྱི་དངུལ་གཏོང་དོ་དམ་བཅས་སོ། །
ད་ཕྱིར་འཁོར་ནས་དྲྭ་གྲོགས་དང་པོའི་དྲི་བ་ལ་བལྟས་པ་ཡིན་ན། ཁོང་གིས“ཀླད་པ་གཏན་ནས་འཁོར་མ་མྱོང”ཞེས་པ་དེའང་བཟོ་ཚོང་དང་དོ་དམ་གྱི་གཞུང་ལུགས་དང་ལག་ལེན་ཇི་ལྟར་བྱེད་པའི་ཕྱོགས་ལ་བསམ་བློ་བཏང་མ་མྱོང་ཞེས་པ་དེ་ཡིན་རྒྱུ་རེད་བསམ། བཟོ་ཚོང་དང་དོ་དམ་གྱི་གཞུང་ལུགས་དང་ལག་ལེན་བརྒྱུད་མ་མྱོང་མཁན་ཞིག་ཡིན་ན། ཚོང་ལས་དང་དཔལ་འབྱོར་གོང་འཕེལ་དུ་གཏོང་རྒྱུའང་ཧ་ཅང་ཁག་པོ་ཞིག་རེད། དེ་བས་བདག་གིས་དེ་ལྟ་བུའི་མི་ལ“ཁྱེད་ཀྱིས་ཐབས་ལམ་འདི་དང་གན་སྤྱད་ན་ཚོང་ལས་དང་དཔལ་འབྱོར་གོང་འཕེལ་དུ་གཏོང་ཐུབ་རྒྱུ་རེད” ཅེས་བདག་གིས་ཀྱང་བཤད་མི་ཐུབ། གོང་ནས་བཤད་པ་ལྟར། ཚོང་ལས་ལ་ནང་དོན་མང་པོ་འདུས་ཀི མི་འགྱང་བར་ཁྱོད་ཀྱིས་ཀྱང་བཟོ་ཚོང་རིག་པ་གོང་དུ་སྤེལ་ཐུབ་རྒྱུའི་ཕྱོགས་ལའང་བསམ་བློ་གསར་བ་ཞིག་བཙལ་ཐུབ་རྒྱུ་རེད་བསམ་ཀི དེའི་མི་ཚད། ད་རུང་ཁྱེད་ཀྱིས་སྤོབས་པ་ཆེན་པོ་སྒོ་ནས་ལག་ལེན་དེ་ཉམས་སུ་ལོངས་དང་། ཁྱེད་ཀྱིས་ཀྱང་ལག་ལེན་དང་གཞུང་ལུགས་བར་གྱི་ཁ་སྐོང་བ་འགའི་ཁ་གསབ་ཐུབ་རྒྱུ་རེད། ལྷག་པར་དུ་འཚོ་བའི་ཁྲོད་ན་གཞུང་ལུགས་དང་ལག་ལེན་བར་ན་འགྲེལ་བཤད་རྒྱག་དཀའ་བའི་བར་སྟོང་མང་ཙམ་ཡོད་ནི་རེད། ད་ཕྱོགས་གཞན་ཞིག་ནས་བཤད་པ་ཡིན་ན། ལག་ལེན་པའི་ཉམས་མྱོང་ལས་ད་གཟོད་གཞུང་ལུགས་པས་ལག་ལེན་ཇི་ལྟར་བྱེད་པར་སྣེ་ཁྲིད་པའི་སྐོར་ལ་བསམ་བློ་གསར་བའི་མེ་སྟག་མཆེད་ཀི་འཇུག་ཐུབ་ནི་རེད། ངས་རེ་བ་ཡིན་ན་ཁྱེད་ཀྱིས་ཀྱང་བཟོ་ཚོང་རིག་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའམ། ཡང་ན་ལག་ལེན་དངོས་སུ་བྱས་ནས་དེའི་སྐོར་ནས་ཉམས་མྱོང་ཤེས་བྱ་ཞིག་ལྡན་སོང་ན་བཟང་ཀི་འདོད། དེའི་རྐྱེན་གྱིས་བདག་གིས་ཁྱོད་ཀྱི་འདྲི་ཚིག་ལ་བལྟས་པ་ཡིན་ན། ཁྱེད་རང་འདིའི་ཕྱོགས་ལ་དགའ་སྣང་ཆེན་པོ་ཡོད་པ་དེ་བཞིན། ངས་ཀྱང་ཁྱོད་ལ་རེ་བ་ཆེན་པོ་ཞིག་བཅིངས་ཡོད། ཁྱེད་ཀྱིས་ཀྱང་འདི་ཕྱོགས་ལ་མུ་མཐུད་དུ་ཧུར་བརྩོན་བྱེད་པར་ཞུ།

འབྲེལ་ཡོད་འོས་སྦྱོར།