ཚེ་རིང་དོན་འགྲུབ་ཀྱིས་བཏབ་པའི་ཚོང་ལས་སྐོར་གྱི་དྲིས་ལན།༢
རྩོམ་པ་པོ།:ཚེ་རིང་དོན་འགྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-05-23
ཀློག་གྲངས།:
དྲི་བ་འདོན་མཁན། བོད་ཡུལ་ཚོང་དོན་གྱི་ཚོགས་མི།
དྲིས་ལན་འདེབས་མཁན། དགེ་རྒན་ཆེན་མོ་ཚེ་རིང་དོན་འགྲུབ།
ས་གནས། བོད་ཡུལ་ཚོང་དོན་ཚོགས་པ།
ཡི་གེར་ཕབ་མཁན། བརྩེ་དུང་རྡོ་རྗེ།
གཉིས་པ། མི་ཞིག་ངེས་པར་དུ་ཕྱུག་པོར་འགྱུར་དགོས་ཚེ། དེ་ལ་ཆ་རྐྱེན་གང་དག་དགོས་པ་དང་། གང་དག་ཡོད་ན་ངེས་པར་དུ་དཔལ་འབྱོར་ཅན་དུ་འགྱུར་ཐུབ།
ལན། དྲི་བ་གཉིས་པ་ནི“སྤྱིར་མི་ཞིག་ངེས་པར་དུ་ཕྱུག་པོར་འགྱུར་དགོས་ཚེ། དེ་ལ་ཆ་རྐྱེན་གང་དག་དགོས་པ་དང་། གང་དག་ཡོད་ན་ངེས་པར་དུ་དཔལ་འབྱོར་ཅན་དུ་འགྱུར་ཐུབ།”ཞེས་པ་དེ་རེད། ད་ང་རང་གིས་བསམ་ན་སྤྱིར་མི་ཞིག་ཡིན་ཚེ་ཁོ་རང་ངེས་པར་དུ་ཕྱུར་པོར་འགྱུར་དགོས་པའི་ངེས་པ་མི་འདུག་བསམ། ཡང་ཁོང་གིས་འདྲི་ཚིག་ལ་བལྟས་ནས་སོང་ཚེ། ཁོང་གིས“ཕྱུག་པོ”ཟེར་བའང་དངོས་པོའི་ཕྱུག་པོ་ལ་གོ་དགོས་པའམ་བསམ་བློའི་ཕྱུག་པོ་ལ་གོ་དགོས་དེ་ཡང་གསལ་བོ་ཞིག་མི་ཤེས། ཡིན་ནའང་། ངས་བལྟས་ན་ཁོང་གིས་ཕལ་ཆེར་དངོས་པོའི་ཕྱུག་པོ་ཟེར་ནི་ཡིན་རྒྱུ་རེད། ད་གོང་ནས་ཁོང་གིས་དཔལ་འབྱོར་ཅན་ཟེར་བ་དེའང་འབྱོར་ལྡན་ཅན་གྱི་ཕྱུག་པོ་ཟེར་བ་ལ་གོ་དགོས་ཀྱི་རེད་བསམ། དེ་འདྲ་ཞིག་ཡིན་ན། ངས་ཁོང་གིས་དྲི་བ་ལ་ལན་འདེབས་རྒྱུ་ཞིག་ཡོད་པ་ནི། གལ་ཏེ་མི་ཞིག་དངོས་རྫས་ཀྱི་ཕྱུག་པོ་ཅན་དུ་འགྱུར་དགོས་ཚེ། ཁོང་ལ་ཆ་རྐྱེན་གང་མང་ཞིག་ལྡན་དགོས། དང་པོ་ནི་ཁོ་རང་དུས་རབས་ལེགས་པོ་ཞིག་འཕྲད་དགོས། གཉིས་པ་ནི་གོ་སྐབས་བླ་ན་མེད་པ་ཞིག་ལ་འཕྲད་དགོས། གསུམ་པ་ནི་ཕྱུག་པོར་འགྱུར་བའི་ལག་རྩལ་དང་ཤེས་བྱ་ཡོན་ཏན་འཛོམས་དགོས། བཞི་བ་ནི་ཁོང་ལ་རྦད་སེམས་ཆེན་པོ་ཡོད་དགོས། ལྔ་བ་ནི་ཁོ་རང་ཉིད་ལ་ཡིད་ཆེས་ཆེན་པོ་ཡོད་དགོས། དྲུག་པ་ནི་བློ་གཅིག་སེམས་གཅིག་ཡིན་དགོས། བདུན་པ་ནི་མི་གཞན་དག་ལ་གོང་གི་ཆ་རྐྱེན་དྲུག་པོ་ཚང་མེད་པ་ཞིག་ཡིན་དགོས། གཞན་དག་ལ་འཛོམས་སོ་ན་ཁྱེད་རང་ཕྱུག་པོར་འགྱུར་ཐུབ་རྒྱུ་མ་རེད། ང་རང་གིས་བསམ་པ་ཡིན་ན། གལ་ཏེ་མི་ཞིག་ལ་གོང་གི་ཆ་རྐྱེན་བདུན་པོ་མཐའ་གཅིག་ཏུ་འཛོམས་སོང་བ་ཞིག་ཡིན་ན། ཁོ་རང་ངེས་པར་དུ་དངོས་པོའི་ཕྱོགས་ནས་འབྱོར་ལྡན་ཅན་ཞིག་ཏུ་འགྱུར་ཁོ་ཐག་རེད་འདོད། དེ་དཔེ་ཞིག་བཞག་ན། འཛམ་གླིང་གི་ཕྱུག་པོ་སྐད་གྲགས་ཅན་བཱ་རཱན•བྷ་ཧྥེ་ཐི(Warren E. Buffet沃伦•巴菲特)ཟེར་བ་དེས་སྔོན་ཆད་གསུངས་མྱོང་བ་སྟེ། “གལ་ཏེ་ཁོ་རང་ཧྥེ་གླིང་ནས་སྐྱེས་པ་ཞིག་ཡིན་ན། ཁོ་ལ་ད་ལྟ་ལྟ་བུའི་གྲུབ་འབྲས་འདི་འདྲ་ལེགས་པོ་ཞིག་ཐོབ་མི་ཐུབ་ཁོ་ཐག་ཡིན”ཟེར། སྐད་ཆ་དེའི་མཚོན་དོན་ནི་ཁོ་ལ་ཁོར་ཡུག་ཡག་པོ་ཞིག་འཕྲད་སོང་བ་དེ་སྟོན། ཁོང་ལ་ཁོར་ཡུག་ཡག་པོ་ཞིག་འཕྲད་སོང་ཟེར་བ་ནི་གོང་ནས་བདག་གིས་དུས་རབས་ཡག་པོ་ཞིག་དང་འཕྲད་པ་ཞེས་པ་དང་གོ་སྐབས་བླ་ན་མེད་པ་ཞིག་དང་འཕྲད་པ་དང་། ཡང་ན་ཁོ་རང་ཕྱུག་པོར་འགྱུར་བའི་ལག་རྩལ་དང་ཤེས་བྱ་ཡོན་ཏན་དེ་བཀོལ་བའི་སྟེགས་བུའམ་ཆ་རྐྱེན་ཞིག་འཛོམས་སོང་བ་ལྟ་བུ་རེད། དེ་བཞིན་ཏུ་འུ་ཚོའི་ཉེ་འགྲམ་ན་ཡང་ཕྱུག་པོར་གྱུར་སོང་བའི་མི་མི་ཉུང་བ་ཞིག་ཡོད་པ་རེད། ཁོ་ཚོ་ལ་མཚོན་ནས་བཤད་ན། ཁོ་ཚོ་བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་རབས་གསར་བའི་ཁྲོད་གོ་སྐབས་བླ་ན་མེད་པ་ཞིག་དང་འཕྲད་པ་དང་། དེ་ནས་ཆེས་ཐོག་མའི་ཕྱུག་པོར་འགྱུར་བའི་ཕྱོགས་ཀྱི་མ་རྩ་བཙལ་ཐུབ་སོང་བ། དེ་ནས་ལག་རྩལ་དང་ཤེས་བྱ་ཡོན་ཏན་ལ་རིམ་བཞིན་རྒྱ་ཆེ་རུ་བསྐྱེད་ཐུབ་འདུག དེ་ནས་ཁོ་ཚོ་ལ་ཡང་རྦད་སེམས་ཆེན་པོ་ཞིག་ཡོད་པས། དཀའ་ངལ་ལ་འཕྲད་དུས་དཔའ་མི་ཞུམ་པར་ཨམ་གཙིགས་སྡམ་བཞིན་མུ་མཐུད་དུ་མདུན་དུ་བསྐྱོད་སོང་། དེ་ནས་རང་ལ་ཡིད་ཆེས་ཆེན་པོ་ཡོད་པའི་སྟབས་ཀྱིས་གཞན་གྱིས་ཀྱང་ཁོ་ལ་གདེད་འཇོག་ཆེན་པོ་གནང་སོང་། དེ་ནས་རང་གི་བློ་གཅིག་སེམས་གཅིག་གིས་ཧུར་བརྩོན་བྱས་པའི་རྐྱེན་གྱིས། ད་ལྟའི་འབྲས་བུ་ཆེན་པོ་འདི་འདྲ་ཞིག་ཐོབ་ཡོད་པ་དེ་རེད།

འབྲེལ་ཡོད་འོས་སྦྱོར།