དགེ་རྒན་ཆེན་མོ་ཚེ་རིང་དོན་འགྲུབ་ཀྱིས་བཏབ་པའི་གློག་རྡུལ་ཚོང་ལས་སྐོར་གྱི་དྲིས་ལན།༥
རྩོམ་པ་པོ།:ཚེ་རིང་དོན་འགྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-05-23
ཀློག་གྲངས།:
དྲི་བ་འདོན་མཁན། བོད་ཡུལ་ཚོང་དོན་གྱི་ཚོགས་མི།
དྲིས་ལན་འདེབས་མཁན། དགེ་རྒན་ཆེན་མོ་ཚེ་རིང་དོན་འགྲུབ།
ས་གནས། བོད་ཡུལ་ཚོང་དོན་ཚོགས་པ།
ཡི་གེར་ཕབ་མཁན། བརྩེ་དུང་རྡོ་རྗེ།
ད་ངས་གོང་ནས་བཤད་པ་ཡོད་ཚད་རྒྱ་ཡིག་གི་ལམ་ནས་གློག་རྡུལ་ཚོང་ལས་ཇི་ལྟར་སྤེལ་བ་རགས་ཙམ་ངོ་སྤྲོད་བྱས་པ་ཙམ་ཡིན། གོང་གི་དེ་དག་ལས་ང་ཚོ་བོད་པ་ཚོར་རེ་བ་འགའ་བཏོན་འདུག དང་པོ། རྒྱ་ཡིག་ཤེས་དགོས་འདུག གཉིས་པ། འབྲེལ་ཡོད་ཀྱི་དྲྭ་རྒྱའམ་རྩིས་འཁོར་གྱི་ལག་རྩལ་ལ་ཆ་རྒྱུས་ཡོད་དགོས་འདུག ད་ལྟ་ཁ་པར་བེད་སྤྱད་ནས་ཁ་པར་ཅན་གྱི་དྲྭ་ལམ་དུ་ཞུགས་ནས་གོང་ལྟར་ཉོ་འཚོང་བྱེད་ཆོག་མོད། དེ་ལྟ་བུའི་ཉོ་འཚོང་བྱེད་སྟངས་ཀྱིས་ཀྱང་རང་ལ་འབྲེལ་ཡོད་ལག་རྩལ་སྐོར་གྱི་རྒྱུས་ལོན་ཡོད་དགོས་པའི་རེ་བ་བཏོན་ཡོད། གསུམ་པ། རང་རེའི་བོད་ཡུལ་དུ་མྱུར་སྤྲོད་སྤྱི་གཉེར་ཁང་ལྟ་བུས་ཚོང་ཟོག་གང་ས་གང་དུ་སྐྱེལ་ཐུབ་པ་ཞིག་བྱེད་དགོས། བཞི་བ། བོད་ཡུལ་ལ་ཞབས་ཞུ་བྱེད་པའི་དྲྭ་རྒྱ་དེ་ཧ་ཅང་དར་ཁྱབ་ཡིན་དགོས།
དེ་བཞིན་དུ་བོད་ཡིག་གི་ལམ་ནས་གློག་རྡུལ་ཚོང་ལས་སྤེལ་བསམ་ཚེ། དེ་ལའང་ཆ་རྐྱེན་འགའ་འཛོམས་དགོས་འདུག གཅིག བོད་ཡིག་དྲྭ་རྒྱའི་རྩ་བའི་སྒྲིག་བཀོད་ཆ་ཚང་ཡིན་དགོས། གཉིས་པ། བོད་ཡུལ་མི་དམངས་ཀྱིས་དྲྭ་རྒྱ་བཀོལ་བའི་འདུ་ཤེས་མཐོར་འདེགས་སུ་བཏང་ཏེ། དྲྭ་ཐོག་ནས་ཉོ་འཚོང་བྱེད་པའི་འཛད་སྤྱོད་པ་དང་ཚོང་གཉེར་བའི་དཔུང་ཁག་ཆེ་རུ་གཏོང་དགོས། གསུམ་པ། བོད་ཡིག་གི་ཚོང་ཟོག་རྒྱུགས་སྤྲོད་མ་ལག(物流系统)དེ་ཆ་ཚང་ཡིན་དགོས། ལྷག་པར་དུ་མྱུར་སྤྲོད་སྤྱི་གཉེར་ཁང་ལྟ་བུའི་ཚོགས་པ་འཛོམས་དགོས། བཞི་བ། དངུལ་ཁང་ལྟ་བུའི་དངུལ་རྩའི་མ་ལག་ནང་དུ་ཞུགས་ཐུབ་པའི་ལག་རྩལ་དང་དེ་དང་འབྲེལ་ཡོད་ཀྱི་སྲིད་ཇུས་འཛོམས་དགོས་ཀི ལྔ་བ། བོད་ཡིག་གི་གློག་རྡུལ་ཚོང་ཁང་ངམ་ཡང་ན་ཚོང་ར་འབྱེད་མཁན་གྱི་ཚོགས་པའམ་ཤེས་ལྡན་མི་སྣ་འཛོམས་དགོས། དྲུག་པ། ཡིག་རིགས་གཞན་དག་སྟེ་རྒྱ་ཡིག་དང་དབྱིན་ཡིག་ལྟ་བུ་བྱང་ཆུད་པའི་ཤེས་ལྡན་མི་སྣ་བཀོལ་སྤྱོད་གཏོང་ཤེས་དགོས་ཀི གལ་ཏེ་གོང་གི་ཆ་རྐྱེན་དྲུག་པོ་འཛོམས་སོང་བ་ཡིན་ན་བོད་ཀྱི་གློག་རྡུལ་ཚོང་ལས་དེ་རྒྱ་ཆེ་རུ་བསྐྱེད་རྒྱུའི་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཡོད། དེང་སྐབས་བོད་ཡུལ་དུ་ཁ་པར་ལ་བརྟེན་ནས་ཉོ་འཚོང་བྱེད་པའམ་ཡང་ན་འཕྲིན་ཕྲན་ལྟ་བུའི་ལག་ཆ་དེ་བརྒྱུད་ནས་ཚོང་ལས་སྤེལ་བཞིན་པའི་གནས་ཚུལ་འགའ་རེ་མཐོང་རྒྱུ་ཡོད་ཀྱང་། དེ་ཚོ་གློག་རྡུལ་ཚོང་ལས་ཀྱི་དོན་དངོས་སུ་འབབས་ཐུབ་ཀི་ཡོད་པ་མ་རེད། དེ་བས་ད་འདི་ནས་བདག་གིས་དེའི་སྐོར་ནས་མང་པོ་ཞིག་མི་གླེང་བར་བྱ།
ཁོང་གིས་དྲི་བ་གཉིས་པ་ནི“ཤེས་ཡོན་པ་ཚོས་དེའི་ཕྱོགས་ལ་ནུས་པ་ཇི་ལྟར་བཏོན་ནས་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་ཁ་ཆེས་མགྱོགས་པར་གཏོང་བར་ཐབས་ཤེས་ག་འདྲ་སྤྱོད་དགོས”ཞེས་པ་དེ་རེད།
དེ་ཡང་ང་ཚོས་གོང་ནས་གླེང་བ་ལྟར། ཤེས་ཡོན་པ་ཚོས་སྤྱོད་ཆོག་པའི་ཐབས་ཤེས་ནི་གཤམ་གྱི་བྱེད་ཐབས་འདི་དག་ཡིན་རྒྱུ་རེད་བསམ།
དང་པོ། བོད་མི་དམངས་ལ་དྲྭ་རྒྱ་བེད་སྤྱོད་གཏོང་ཕྱོགས་སྐོར་ནས་ཁྱབ་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་དྲྭ་རྒྱ་བཀོལ་བའི་འདུ་ཤེས་མཐོར་འདེགས་སུ་གཏོང་དགོས་ཀི དེའི་ཆ་རྐྱེན་ནི་མང་ཚོགས་ཀྱིས་བོད་ཡིག་སོགས་ཀློག་འདོན་བྱེད་ཐུབ་པ་དང་། དེ་མ་ཟད། རྩིས་འཁོར་དང་ཁ་པར་ལྟ་བུའི་ལག་ཆའི་སྟེང་ནས་བོད་ཡིག་སོགས་ནང་དུ་འདོག་ཐུབ་པའི་ནུས་པ་ལྡན་པ་ཞིག་ཡིན་དགོས། གལ་ཏེ་བོད་ཡིག་མི་ཤེས་པའམ་ཡང་ན་བོད་ཡིག་ཇི་ལྟར་རྩིས་འཁོར་ལྟ་བུའི་ལག་ཆའི་ཁྲོད་དུ་འདོག་མི་ཤེས་པ་ཞིག་ཡིན་ན། དེ་ཡིས་གློག་རྡུལ་ཚོང་ལས་འདི་ལས་སླ་མོའི་ངང་ནས་སྤེལ་མི་ཐུབ་པ་གསལ་བོར་ཤེས་ཡོད། ད་གོང་ནས་བཤད་པ་དེ་བྱེད་ཐབས་དང་པོ་རེད།
གཉིས་པ། གོ་སྐབས་བཙལ་ནས་ཁེ་ལས་པ་རྒྱུ་ཆེན་དང་ཡང་ན་སྲིད་གཞུང་ལ་བསམ་འཆར་བཏོན་ཏེ་བོད་ཡིག་གི་སྒོ་ནས་གློག་རྡུལ་ཚོང་ར་འཛུགས་རྒྱུའི་ཕྱོགས་ལ་འབད་པ་བྱེད་དགོས། ཁོ་ཚོས་དེའི་ཕྱོགས་ནས་གོམ་པ་དང་པོ་སྤོ་ཐུབ་སོང་ན་རྗེས་ནས་ཡང་རྗེས་འབྲང་བ་སྐོར་ཞིག་འབྱུང་སྲིད་རྒྱུ་རེད་བསམ། དེ་བྱེད་ཐབས་གཉིས་པ་རེད།
གསུམ་པ། ན་གཞོན་ཅན་དང་ལྷག་པར་དུ་སློབ་གྲྭ་ཆེན་མོ་བ་རྣམ་ལ་སྐུལ་འདེད་བྱས་ཏེ་ཁོ་ཚོ་ཨཱ་ལིས་པཱ་པཱ་དང་ཡང་ན་ཨེ་བྷེས་ལྟ་བུའི་ཚོང་རར་ཞུགས་པ་དང་སྦྲགས། རྒྱ་ཡིག་དང་ཡང་ན་དབྱིན་ཇིའི་ལམ་ནས་གློག་རྡུལ་ཚོང་ལས་སྤེལ་རྒྱུའི་སྤོབས་པ་ལྡན་དུ་འཇུག་དགོས། དཔེར་ན་ཨཱ་ལིས་པཱ་པཱ་གསར་འཛུགས་བྱེད་མཁན་པ་མཱ་ཡེན་ཞེས་པ་ལ་མཚོན་ནའང་། ཁོས་ཀྱང་ཐོག་མར་དབྱིན་ཡིག་གི་ལམ་ནས་གློག་རྡུལ་ཚོང་ར་ལྟ་བུའི་དྲཱ་རྒྱའི་ལག་རྩལ་ལ་རྒྱུས་ལོན་བྱས་རྗེས། ད་གཟོད་རྒྱ་ཡིག་གི་ལམ་ནས་གློག་རྡུལ་ཚོང་ར་ཇི་ལྟར་སྤེལ་བའི་ཕྱོགས་ལ་བསམ་བློ་འཁོར་བ་རེད། ཁོང་གིས་དེའི་ཕྱོགས་ལ་བསམ་བློ་མང་པོ་བཏང་བ་དང་དེ་ནས་བློ་གཅིག་སེམས་གཅིག་གིས་དེའི་ཕྱོགས་ལ་འབད་པ་བྱས་པས། ད་ལྟ་ད་གཟོད་འཛམ་གླིང་གི་ཚོང་ར་ཆེན་པོ་དེ་འདྲ་འཛུགས་ཐུབ་སོང་པ་རེད། དེའི་ཕན་ཆད་ནས། ཁོང་གིས་གཞན་ལ་མིག་དཔེ་བཙུགས་སྟེ་ཐུན་མོང་སྒོས་རྒྱལ་ཁབ་ཡོངས་ཀྱི་གློག་རྡུལ་གྱི་ཚོང་ལས་འདི་ཚ་ཚ་འུར་འུར་གྱི་སྒོ་ནས་སྤེལ་བས། རྒྱལ་ཁབ་ཁྱོན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་མ་ཟད། ནུས་པ་ཆེན་པོ་ཡང་ཐོན་སོང་བ་རེད། དེ་བས་གོང་གི་ཐབས་ཤེས་འདི་གསུམ་པོ་ཧ་ཅང་གལ་ཆེ་བར་བསམ།

འབྲེལ་ཡོད་འོས་སྦྱོར།