logo

2013ལོའི་རིགས་སོ་སོའི་ནོ་པེར་བྱ་དགའ་ཐོབ་མཁན་མཚམས་སྦྱོར།

རྩོམ་པ་པོ།:ཀླུ་མཁར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-07-07 ཀློག་གྲངས།:

2013ལོའི་རིགས་སོ་སོའི་ནོ་པེར་བྱ་དགའ་ཐོབ་མཁན་མཚམས་སྦྱོར།

1 ནོ་པེར་སྐྱེ་ཁམས་རིག་པའམ་གསོ་རིག་གི་བྱ་དགའ་ཐོབ་མཁན།
     2013ལོའི་ཟླ10ཚེས7ཉིན། ནོ་པེར་སྐྱེ་ཁམས་རིག་པའམ་གསོ་རིག་གི་གཟེངས་རྟགས་མཇུག་འབྲས་ཡོངས་བསྒྲགས་བྱས་ཤིང་། ཚན་རིག་པ་གསུམ་གྱི་གཟི་བརྗིད་ཁྱད་པར་ཅན་མཉམ་སྤྱོད་བྱས།  ཁོ་ཚོ་ནི་སོ་སོར།
     ཡེ་ལུའུ་སློབ་ཆེན་ནས་ཕེབས་པའི་ཨ་རིའི་ཚན་རིག་པ་ཇེ་མུ་སི•E•རོ་ཟི་མན་དང་།  ཅ་ཀྲིག་སློབ་ཆེན་གྱི་པོ་ཁི་ལེ་ཡན་ལག་སློབ་གྲྭ་ནས་ཕེབས་པའི་ཨ་རིའི་ཚན་རིག་པ་རན་ཏིས•W•ཞེ་ཁི་མན། དེ་མིན་ཟི་ཐན་ཧྥུ་སློབ་ཆེན་ནས་ཕེབས་པའི་འཇར་མན་གྱི་ཚན་རིག་པ་ཐོ་མ་ཟི•C•སུའུ་ཏིག་ཞོ་ཧྥུ་བཅས་རེད།
     ནོ་པེར་གཟེངས་རྟགས་ཀྱི་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་གསལ་བཤད་ཁྲོད་བརྗོད་དོན།  ཁོ་ཚོའི་ཞིབ་འཇུག་འབྲས་བུས་ཕྲ་ཕུང་གིས་ཇི་ལྟར་ཕུང་གྲུབ་སྐྱེལ་འདྲེན་བྱེད་པ་འགྲེལ་བཤད་བྱས། ཞེ་ཁི་མན་གྱིས་ཕྲ་ཕུང་སྐྱེལ་འདྲེན་མ་ལག་ཚོད་འཛིན་ཐུབ་པའི་ཕྱོགས་མི་མཐུན་པའི་གཞི་རྒྱུ་རིགས་གསུམ་གསར་རྙེད་བྱུང་། རོ་ཟི་མན་གྱིས་དུས་རབས20ལོ་རབས90བར་སྤྲི་དཀར་རྫས་འདྲེས་གྲུབ་རྒྱུ་རིགས་ཤིག་གསར་རྙེད་བྱུང་ཞིང་།  སྣོད་ཝུ་སྐུལ་བའི་རྨང་རིལ་དང་དམིགས་བྱའི་ཕྲ་ཕུང་སྐྱི་མོ་འདྲེས་གྲུབ་བྱས། མི་འདི་གཉིས་ཀྱི་ཞིབ་འཇུག་རྨང་བྱས་ཏེ་སུའུ་ཏིག་ཞའོ་ཧྥུས་སྣོད་ཝུ་ཇི་ལྟར་སྐུལ་བའི་འོག་ནང་གི་དངོས་རྫས་ཞིབ་ཅིང་དག་གློད་བཀྲོལ་གཏོང་བ་དེ་གསར་རྙེད་དམ་གསལ་འགྲེལ་བྱས།
མི་སྒེར་ངོ་སྤྲོད།
     ད་ལོ་དགུང་ལོ64ཡིན་པའི་ཞེ་ཁི་མན་ནི་ཨ་མེ་རི་ཁར་སྐྱེས་ཤིང་།  ད་ལྟ་ཅཱ་ལོ་ཧྥུའུ་ཉིས་ཡ་སློབ་ཆེན་གྱི་པོ་ལེ་ཁི་ཡན་ལག་སློབ་གྲྭ་ནས་དགེ་རྒན་བྱེད་ཀྱི་ཡོད། 2002ལོར་སྣོད་ཝུ་ཡིས་ཚོད་འཛིན་ནང་རྐྱེན་སྐྱེལ་འདྲེན་བྱེད་པའི་ཞིབ་འཇུག་ལ་ཨེ་པོ་ཐིག•ལ་ཟི་ཁི་གསོ་རིག་རྨང་གཞིའི་ཞིབ་འཇུག་བྱ་དགའ་ཐོབ། ཁོས་གསང་ཏར་གྱིས་སྣོད་ཝུའི་འགག་རྩའི་སྤྲི་དཀར་གྱི་གཞི་རྒྱུ་སྙོམས་སྒྲིག་སྐྱེལ་འདྲེན་བྱེད་པ་གསར་རྙེད་བྱུང་། ཁོས་འཁྲུག་ཟིང་དུ་བཟོས་པའི་གཞི་རྒྱུའི་འཕོ་འགྱུར་གློ་བུར་བས་སྐྱུར་རྩིའི་ཁེར་གཟུགས་བཤེར་འཇལ་བྱེད་པ་བརྒྱུད། སྣོད་ཝུས་ཕྲ་ཕུང་དབང་བོ་མི་མཐུན་པའམ་ཕྲ་ཕུང་ཕྱི་ངོས་སུ་སྐྱེལ་བའི་གཞི་རྒྱུ་དེ་རིགས་གསར་རྙེད་བྱུང་།
     ད་ལོར་དགུང་ལོ62ཡིན་པའི་ལོ་ཐིག་མན་ཨ་རི་ནས་སྐྱེས་ཤིང་། ཨ་རིའི་ཡེ་ལུའུ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་།  Fergusf.wallaceརྗེས་དྲན་བྱེད་པའི་སྐྱེ་དངོས་གསོ་རིག་གི་སློབ་དཔོན་ཆེན་མོ་ཡིན།  ཉེ་སྔོན་མཚན་སྙན་གང་མང་ཐོབ་མྱོང་ཡོད་དེ། ཀི་ལིན་པི་ཡ་སློབ་ཆེན་གྱི་ལུའུ་ཡེ་ཧྲ•གི་ལོ་ཟི•ཧོ་ཝེ་ཚི་བྱ་དགའ་དང་ལ་ཟི་ཁི་བྱ་དགའི་རྨང་གཞིའི་གསོ་རིག་གི་བྱ་དགའ(2002ལོར)། ཧྥེ་སུའུ་ཨར་རྒྱལ་པོའི་བྱ་དགའ་སོགས་འདུ། 2002ལོར་སྣོད་ཝུས་ཚོད་འཛིན་ནང་རྐྱེན་སྐྱེལ་འདྲེན་བྱེད་པའི་ཞིབ་འཇུག་ལ་ཨེ་པོ་ཐིགལ་ཟི་ཁི་རྨང་གཞིའི་གསོ་རིག་གི་ཞིབ་འཇུག་བྱ་དགའ་ཐོབ། ཁོས་སྤྲི་དཀར་འདྲེས་གྲུབ་རྫས་རིགས་ག་གེ་མོ་གསར་རྙེད་བྱུང་ཞིང་། དེས་སྣོད་ཝུའི་ལྟོས་བཅས་ཡིན་པའི་ནང་སྐྱིའི་མ་ལག་དང་ཕྲ་ཕུང་སྐྱི་མོའི་ཁྲོད་འདྲེས་གྲུབ་བྱེད་ཐུབ། སྣོད་ཝུའི་སྟེང་གི་སྤྲི་དཀར་དང་ནང་སྐྱིའི་ཁྱད་གཤིས་གསབ་གཟུགས་སྤྲི་དཀར་ཕན་ཚུན་སྦྲེལ་ངེས།  འདི་ལྟར་བྱས་ན་སྣོད་ཝུ་ཡི་འདྲེས་གྲུབ་ཡང་དག་པར་ཁག་ཐེག་བྱེད་ཐུབ་ལ། སྐྱེལ་བྱའི་ཆ་རྡུལ་ཡང་དག་གི་གནས་སར་ཡང་ཐོན་ཐུབ།  
     ད་ལོ་དགུང་ལོ57ཡིན་པའི་སུའུ་ཏིག་ཞའོ་ཧྥུ་འཇར་མན་དུ་སྐྱེས་ཤིང་། 2011ལོའི་ཚན་རིག་གླིང་འབྲིང་མའི་ཨེ་དབྱིན་སི་ཐན་འཆད་ཁྲིད་སློབ་དཔོན་ཆེན་མོའི་འགོ་གཙོའི་མཚན་བྱང་ཐོབ་མཁན་ཡིན་ལ། ཚན་རིག་གླིང་འབྲིང་མའི་དངོས་ལུགས་སུའུ(所)ཡི་བློ་འདྲིའི་ཆེད་མཁས་པ་ཡིན། 2013ལོར་ཏིག་ལ་ཟི་ཁིའི་བྱ་དགའ་ཐོབ་ཅིང་།  ད་ལྟ་ཨ་རིའི་ཟི་ཐན་ཧྥུའུ་སློབ་ཆེན་གྱི་གསོ་རིག་སློབ་དཔོན་ཆེན་མོ་ཡིན། ཁོས་ཀྲུང་གོའི་སྣོད་ཝུའི་བརྒྱུད་བསྐྱེད་ནང་རྐྱེན་ཞིབ་འཇུག་འཇོན་མི་མང་གསོ་སྐྱོང་བྱས། པེ་ཅིན་སློབ་ཆེན་གྱི་ཀྲང་ཁྲིན张晨དང་ཐུང་ཅིན་སློབ་ཆེན་གྱི་ཞུའུ་ཅིན徐俊། ཚན་རིག་སློབ་གླིང་འབྲིང་མའི་སྐྱེ་དངོས་ལུགས་ཟའོ་ཡིན་ཚའོ་ཕིན曹鹏སོགས་ཚང་མ་ཁོའི་འབུམ་རམས་ཐོབ་རྗེས་ཀྱི་ཞིབ་འཇུག་བྱེད་མཁན་ཡིན།  ཁོས་ཕྲ་ཕུང་སྐྱེལ་འདྲེན་ངེས་གཏན་གྱི་ལུས་པོའི་ཁག་སྟེ་ཀླད་ཆེ་དུ་བཞག་ནས་ཞིབ་འཇུག་བྱས། ཁོས་ཀླད་ཆེན་ཁྲོད་ཀྱི་བརྡ་རྟགས་ནི་ཇི་ལྟར་དབང་རྩའི་ཕྲ་ཕུང་ནས་གཞན་པ་ཞིག་ཏུ་སྐྱེལ་འདྲེན་བྱེད་པ་དང་། དེ་བཞིན་ཀལ(Ca)གྱེས་རྡུལ་གྱིས་ཇི་ལྟར་བརྒྱུད་རིམ་ཚོད་འཛིན་བྱེད་པ་ཤེས་འདོད། ཁོས་ཀླད་པའི་ཕྲ་ཕུང་གིས་ཇི་ལྟར་ཀལ་གྱེས་རྡུལ་ཚོར་ཤེས་བྱེད་པ་དང་། བརྡ་རྟགས་འདི་སྣོད་ཝུའི་ཁྲོད་གྱེལ་རྡུལ་གྱི་རྣམ་པར་འཕོ་འགྱུར་བྱེད་གསར་རྙེད་བྱུང་། ཀླད་ཆེན་བརྡ་རྟགས་ལ་འདི་འདྲའི་ཁྱད་མཚར་ལྐོག་གྱུར་གྱི་བརྒྱུད་སྤྲོད་རྩ་དོན་ནི་དེ་ལ་བརྟེན་ནས་མངོན་གསལ་གྱིས་གསལ་འགྲེལ་བྱས།
2 ནོ་པེར་དངོས་ལུགས་རིག་པའི་བྱ་དགའ།
    2013ལོའོ་ཟླ10བའི་ཚེས8ཉིན། ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་སེ་ཏན་ནས་ཡོངས་བསྒྲགས་བྱས།  ད་ལྟ་དགུང་ལོ81ཡིན་པའི་པི་ལེ་ཧྲིའི་གཞུང་ལུགས་དངོས་ལུགས་རིག་པ་བ་ཧྥོ་ལང་ཟོ་ཝ་ཨིན་གི་ལེ་དང་། ད་ལྟ་དགུང་ལོ84ཡིན་པའི་དབྱིན་ཇིའི་གཞུང་ལུགས་དངོས་ལུགས་རིག་པ་བ་པོ་ཏིག་ཞེས་ཀི་ཟི་གཉིས་ལ། ཞེས་ཀི་ཟི玻色子གཞུང་ལུགས་ཀྱི་ལུང་བསྟན་གྱི་རྐྱེན་པས་བྱ་དགའ་ཐོབ།
མི་སྒེར་ངོ་སྤྲོད། 
     ཨིན་གི་ལེ། 1932ལོའི་ཟླ11པའི་ཚེས6ཉིན་སྐྱེས་ཤིང་གཞི་རྡུལ་དངོས་ལུགས་རིག་པར་བྱས་རྗེས་འགས་ཆེན་བཞག 1964ལོར།  ཨིན་གི་ལེ་དང་འདས་གྲོངས་སུ་གྱུར་བའི་ལོ་པོ་ཐིགཔུའུ་རོ་ཐིག་གཉིས་ཀྱིས་མཉམ་དུ་ཞེ་ཀི་ཟི་ནང་རྐྱེན་དང་ཞེ་ཀི་ཟི་གཞུང་ལུགས་བཏོན།ལོ་དེར།པོ་ཏིག•ཞེས་ཀི་ཟིས《དངོས་ལུགས་གདེང་འཇོག་མྱུར་ཤོག》སྟེང་རྩོམ་ཡིག་སྤེལ་ཏེ་ཞེ་ཀི་ཟི་ནང་རྐྱེན་གཞུང་ལུགས་བཏོན།
     ཞེ་ཀི་ཟི། 1929ལོའི་ཟླ5ཚེ29ཉིན་སྐྱེས་ཤིང། ཨེ་ཏེན་སྤོ་སློབ་ཆེན་དུ་ལས་འཁྱུར་ངལ་གསོ་བྱས་པའི་སློབ་དཔོན་ཆེན་མོའི་མཚན་སྙན་ཡོད།  ཞེ་ཀི་ཟི་གཞི་རྡུལ་གྱིས་ཁོའི་སྙན་པའི་གྲགས་པ་གླིང་ལ་ཁྱབ་ཏུ་བཅུག གཞན་ཞེ་ཀི་ཟི་ནང་རྐྱེན་གཞུང་ལུགས1964ལོར་གསར་ཏུ་བཏོན།
3 ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ།
     ཟླ10ཚེས9ཉིན།  སའེ་ཏེན་གོང་མ་ཚང་ཚན་རིག་གླིང་གིས2013ལོའི་ནོ་པེར་རྫས་འགྱུར་བྱ་དགའ་དེ་ཨ་རིའི་ཚན་རིག་པ་གསུམ་སྟེ།  མར་ཏེན•ཁ་ཕུའུ་ལ་ཟི་དང་མར་ཁེ•ལ་ཝེ་ཐིག  ཨ་ལེ་ཡེ•བ་ཞེ་ལི་བཅས་ཀྱིས།  འཇལ་བྱེད་མང་བའི་རྙོག་འཛིང་རྫས་འགྱུར་མ་ལག་གི་དཔེ་དབྱིབས་གསར་སྦོལ་བྱས་པའི་ཕྱོགས་ནས་བཞག་པའི་བྱས་རྗེསལ་སྤྲོད་རྒྱུ་ཞེས་བསྒྲགས།
     དུས་རབས20ལོ་རབས70པར།  ཚན་རིག་པ་འདི་གསུམ་པོས་གསུང་རབ་དང་ཚད་རྡུལ་དངོས་ལུགས་རིག་པ་ཟུང་འབྲེལ་བྱས་ཤིང་འཇལ་བྱེད་མང་བའི་དཔེ་དབྱིབས་འདི་རིགས་ཇུས་འགོད་བྱས་ཏེ། སྲོལ་རྒྱུན་གྱི་རྫས་འགྱུར་ཚོད་ལྟ་ནས་དྲ་རྒྱའི་ཞིང་ཁམས་སུ་སྤོས།  དངོས་ཡོད་དངགཞུང་ལུགས་ཀྱི་རྫས་འགྱུར་མ་ལག་དཔེ་དབྱིབས་ཀྱི་ལེགས་འཛོམས་ཟུང་འབྲེལ་འདིས།  སྔར་ལས་ལྷག་པར་ཁྱོན་ཡོངས་ནས་རྫས་འགྱུར་འགྱུར་འབྱུང་འཕེལ་རིམ་རྒྱུས་ལོན་དང་སྔོན་དཔག་བྱེད་པར་རྨང་གཞི་བཏིངས།
མི་སྒེར་ངོ་སྤྲོད།
     མར་ཏེན•ཁ་ཕུའུ་ལ་ཟི། ཨ་རི་དང་ཨོ་ཏི་ལའི་སྤྱི་དམངས་ཡིན།  1930ལོར་ཨེ་ཏི་ལེ་ཝེ་ཡེ་ནར་སྐྱེས་ཤིང་།  1953ལོར་ཨ་རིའི་ཅ་ཀྲིག་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་འབུམ་རམས་པའི་སློབ་གནས་ཐོབ་ལ།  ཨ་རིའི་ཧྭ་ཧྥོ་སློབ་ཆེན་གྱི་ལས་འཁྱུར་ངལ་གསོའི་སློབ་དཔོན་ཆེན་མོའི་མཚན་སྙན་ཡོད།
     མར་ཁེ•ལ་ཝེ་ཐིག ཨ་རི་དང་དབྱིན་ཇིའི་སྤྱི་དམངས་ཡིན།  1947ལོར་ལྷོ་ཨ་ཧྥེ་རི་ཁའི་པི་ལེ་ཐོ་ལིས་ཡ་རུ་སྐྱེས་ཤིང་།  1971ལོར་དབྱིན་ཇིའི་ཅན་ཆའོ་སློབ་ཆེན་དུ་འབུམ་རམས་པའི་སློབ་གནས་ཐོབ་ལ།  མིག་སྔར་ཨ་རིའི་ཟི་ཐན་ཧྥུ་སློབ་ཆེན་གྱི་གསོ་རིག་གི་སློབ་དཔོན་ཆེན་མོ་ཡིན།
     ཨ་ལེ་ཡེ•བ་ཞེ་ལི། ཨ་རི་དང་ཡེ་ཟིག་ལེའི་སྤྱི་དམངས་ཡིན།1940ལོར་ཡེ་ཟིག་ལེའིkibbutz sde Nahumརུ་སྐྱེས་ཤིང་།1969ལོར་ཡེ་ཟིག་ལེ་ཝེ་ཚི་མན་ཚན་རིག་ཞིབ་འཇུག་ཟའོ་རུ་འབུམ་རམས་པའི་བསླབ་གནས་ཐོབ། མིག་སྔར་ཨ་རིའི་ལྷོ་ཅ་ཀྲིག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཡིན།
4 ནོ་པེར་རྩོམ་རིག་གི་བྱ་དགའ།
     སའེ་ཏན་གྱི་ས་དེ་གའི་ཟླ10ཚེས10ཕྱི་དྲོའི་དུས་ཚོད1སྟེངཔེ་ཅིན་ཆུ་ཚོད་ཟླ10ཚེས10དགུང་མོའི་དུས་ཚོད7ནོ་པེར་རྩོམ་རིག་གཟེངས་རྟགས་ཡོངས་བསྒྲགས་བྱས་ཤིང་། ཁ་ན་ཏའི་རྩོམ་པ་པོ་ཨེ་ལེ་ཟི•མང་རོར(Alice  Munro)གཟི་བརྗིད་ཁྱད་པར་ཅན་ཐོབ།


ཨེ་ལེ་ཟི་མང་རོ(Alice  Munro)

     ཨེ་ལེ་ཟི་མང་རོ(Alice  Munro)ནི་ཁ་ན་ཏའི་བུད་མེད་རྩོམ་པ་པོ་ཡིན།1931ལོར་ཨན་ཏ་ལེ་ཞིང་ཆེན་གྱི་ཝིན་ཀི་མུའུ་གྲོང་བརྡལ་དུ་སྐྱེས་ཤིང་ཆུང་དུས་ནས་སྒྲུང་ཐུང་འབྲི་འགོ་བརྩམས། མོས་མིག་མདའ་རྒྱུན་དུ་བུད་མེད་ཕལ་བའི་འཚོ་བ་ལ་ཆགས་པར་བྱེད་ཅིིང་རང་ཉིད་དང་མ་ཡུམ་གྱི་ལུས་སྟེང་ནས་ཚོར་འདུ་འཚོལ་བ་སྟེ།  ཁོ་མོ་གཞོན་དུས་ནས་ཆུང་མའི་དུས་དང་།  དར་མའི་དུས།  ན་སོ་རྒས་པའི་དུས་བཅས་ཀྱི་བརྒྱུད་རིམ་དང་།  བུད་མེད་ཀྱི་གཤིས་ཀའི་སེམས་ཁམས་ཀྱི་བར་ཆད་དང་གསང་དོན་ལ་ཉེ་བར་བཅར་མཁས་ཤིང་།  དེར་བརྟེན་ནས་བྱུང་བའི་ལུས་སེམས་ཀྱི་ཁུར་བོ་དང་ཞིབ་ཅིང་གནད་འཕིགས་ཀྱང་རྙོག་འཛིང་ཆེ་ལ་ཐག་གཅོད་དཀའ་བ། བལྟས་ན་ཉམ་ཆུང་ཡང་སྙིང་རུས་ཆེ་ཞིང་བློ་གཤོག་བརྟན་པ་བཅས་ཕྲ་ཞིང་དག་པར་ཟིན་ཐོར་བཀོད།ཨ་རིའི་བུད་མེད་རྩོམ་པ་པོ་དང་ཕུའུ་ལེ་ཚི་བྱ་དགའ་ཐོབ་མཁན་ཇན•ཟེ་མི་ལེJanesmi  leyཡིས་ཉེ་སྔོན་འདི་ལྟར་མང་རོའི་བརྩམས་ཆོས་ལ་བསྟོད་བསྔགས་བྱས་པ་སྟེ། མཛེས་ཤིང་མཚར་ལ་དག་ཅིང་ཞིབ། ལེགས་པར་གྲུབ་ཡོད། ཨེ་ལེ་ཟི•མང་རོས་ཐོག་མཐའ་བར་གསུམ་དུ་རྩོམ་རིག་ལ་གཟབ་ནན་གྱི་རྣམ་འགྱུར་འཛིན་ལ།  ཧུར་བརྩོན་གྱིས་རླབས་ཆེན་གྱི་སྒྲུང་ཐུང་འབྲི་བ་ཡིན།  མོས་བྲིས་པའི་ཤོག་གྲངས30ཅན་གྱི་རྩོམ་ཐུང་ལ་བཀོལ་བའི་སེམས་ཤུགས་ནི།  མཁྱེན་ལྡན་ཟི་མེ་ལིས་བཤད་པ་ནང་བཞིན་རྩོམ་པ་པོ་ག་གེ་མོས་བྲིས་པའི་སྒྲུང་རིང་ཧྲིལ་པོའི་ཚབ་བྱེད་ཐུབ་པ་ཡིན། མོ་ནི་རྩོམ་སྟེགས་ཀྱི་གོ་གནས་སུ་ཆི་ཧོ་ཧྥུའི་བྱིས་དཔེ་སྟེ་ཆི་ཧོ་ཧྥུའི་བུད་མེད་རྒྱུན་འཛིན་པ་ཡིན།  ལོ་ངོ40ལྷག་གི་རྩོམ་རིག་དོན་གཉེར་ཁྲོད་མང་རོས་ཐོག་མཐའ་བར་གསུམ་དུ་ཨུ་ཚུགས་ཀྱིས་སྒྲུང་ཐུང་བྲིས་ཏེ་སྒྱུ་རྩལ་ཞུན་བརྡར་བྱས་ཤིང་བྱ་དགའ་མང་པོ་ཐོབ་མྱོང་། དེའི་ཁྲོད་ཁ་ན་ཏའི་སྤྱིའི་ལྟ་སྐུལ་བའི་བྱ་དགའ་ཐེངས་གསུམ།  ཅེ་ལེའི་བྱ་དགའ་ཐེངས་གཉིས།  དེ་བཞིན་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་རྩོམ་པ་པོའི་བྱ་དགའ་དང་ཨོ་ཧང་རེའི་བྱ་དགའ།  སྨྱུག་ཚོགསམོ་ལ་མོ་ཏིག་བྱ་དགའ།  ཨ་རིའི་རྒྱལ་ཡོངས་དཔེ་ཆའི་དཔྱད་གཏམ་པའི་བྱ་དགའ་སོགས་ཡོད།
5 ནོ་པེར་ཞི་བདེའི་གཟེངས་རྟགས།
     2013ལོའི་ཟླ10ཚེས11ཉིན།  ནོ་པེར་གཞུང་ཕྱོགས་དྲ་བ་ནས་རྫས་འགྱུར་མཚོན་ཆ་འགོག་པའི་རྩ་འཛུགས་ལ2013ལོའི་ནོ་པེར་ཞི་བདེའི་གཟེངས་རྟགས་སྤྲོད་རྒྱུ་ཡིན་ཟེར།  རྩ་འཛུགས་འདི་ནི1997ལོར་དབུ་བརྙེས་ཤིང་སྤྱི་ཁྱབ་བཀོད་འདོམས་པུའུ་ནི་ནེར་རྡི་ཧེ་ཡ་རུ་ཡོད། འདིས་རྫས་མཚོན་ཉམས་ཉེན་ཁྲོད་བྱེད་ནུས་འགངས་ཆེན་བཏོན།
6 ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ།
     ཡོའུ་ཅིན•F•ཧྥ་མཱ་ཡོའུ་ཅིནཧྥ་མཱEugune F  Famaནི་དཔལ་འབྱོར་རིག་པ་བ་དང་དངུལ་རྩའི་དཔལ་འབྱོར་རིག་པའི་ཁྱབ་ཁོངས་ཀྱི་བསམ་བློ་བ་ཡིན།1939ལོའི་ཟླ2ཚེས14ཉིན་ཨ་རིའི་མ་ཟ་ཁྲུའུ་ཟེ་ཀྲོའུ་ཡི་པོ་ཟི་ཏོན་དུ་སྐྱེས་ཤིང་དབྱི་ཐ་ལེའི་གདུང་རྒྱུད་སྤོས་དམངས་རབས་གསུམ་པ་ཡིན། 1960ལོར་མ་ཟ་ཁྲུའུ་ཟེ་ཀྲོའུ་ཡིTuftsསློབ་ཆེན་དུ་མཐར་ཕྱིན་ཞིང་གཙོ་བོར་འཇར་ཡིག་སྦྱངས་ལ་ཤེས་རམས་པའི་བསླབ་གནས་ཐོབ། 1960-1963ལོའི་བར་ཀྲི་ཅྰ་ཀི་སློབ་ཆེན་གྱི་ཚོང་ལས་རིག་པའི་གླིང་གི་ཞིབ་འཇུག་སློབ་མའི་གླིང་དུMBAསྦྱངས། 1963ལོར་འབུམ་རམས་བསླབ་གནས་སྦྱངས་མགོ་བརྩམས།  1964ལོར་འབུམ་རམས་པའི་བསླབ་གནས་ཐོབ། དེའི་འབུམ་རམས་དཔྱད་རྩོམ་ནི་མ་རྐང་ཚོང་རའི་ཁྲོམ་ར་སྟོབས་སུ་འགྲོ་ཕྱོགས་ཟེར་བ་དེ་ཡིན།1995ལོར་པེ་ལེ་ཧྲི་ལུའུ་ཡིག་སློབ་ཆེན་གྱིས་ཧྥ་མ་ལ་འབུམ་རམས་པའི་བསླབ་གནས་ཀྱི་མཚན་སྙན་སྤྲད། ཡོའུ་ཅིན•ཧྥ་མ་ཡིསTuftsསློབ་ཆེན་དང་ཀྲི་ཅཱ་ཀི་སློབ་ཆེན་དུ་སློབ་གཉེར་བྱེད་དུས་རིག་གཞུང་ཚོགས་པ་གང་མང་ལ་ཞུགས།  ཡོའུ་ཅིན•ཧཱ་མ་སློབ་དཔོན་ཆེན་མོ་ནི་ཨ་རིའི་དཔལ་འབྱོར་མཐུན་ཚོགས་དང་ཨ་རིའི་དངུལ་ལོར་མཐུན་ཚོགས་ཀྱི་ཚོགས་མི། 《དངུལ་རྩའི》དུས་དེབ་ཀྱི་རྩོམ་སྒྲིག་པ་གཞོན་པ(1971-1973,1977-1980)། 《དངུལ་རྩའི་དཔལ་འབྱོར་རིག་པ》དུས་དེབ་ཀྱི་བློ་འདྲིིའི་རྩོམ་སྒྲིག་པ(1974-)། 《ཨ་རིའི་དཔལ་འབྱོར་གླེང་བརྗོད》དུས་དེབ་ཀྱི་རྩོམ་སྒྲིག་པ་གཞོན་པ(1975-1977)།  《ཨ་རིའི་དངུལ་ལོར་དཔལ་འབྱོར》དུས་དེབ་ཀྱི་རྩོམ་སྒྲིག་པ་གཞོན་པ(1984-1996)། ཨ་རིའི་སྒྱུ་རྩལ་དང་ཚན་རིག་སློབ་གླིང་གི་གླིང་རམས་པ། ཚད་ལེན་དཔལ་འབྱོར་རིག་ཚོགས་ཀྱི་ཚོགས་མི།  ཨ་རིའི་དངུལ་རྩའི་རིག་ཚོགས་ཀྱི་ཚོགས་མི་བཅས་ཡིན། 2013ལོའི་ཟླ10བར་ཡེའུ་ཅིན•ཧྥ་མ་དང་ཕེར་ཁྲིར་ཧན་སིན(peter Hansen)།  རོ་པོར་ཁྲི་ཧྲིར(Robert  shiller)ལ་མ་རྩའི་རིན་ཐང་ལ་དབྱེ་ཞིབ་ར་སྤྲོད་བྱུང་རྐྱེན2013ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།
     རོ་པོར་ཁྲི•J•ཧྲི་ལིར་རོ་པོར་ཁྲི་ཧྲི་ལིར(Robert J shiller)ནི1946ལོའི་ཟླ3ཚེས26ཉིན་ཏེ་ཁྲིར་ལུའུ་རུ་སྐྱེས། ཨ་རིའི་དཔལ་འབྱོར་རིག་པ་བ་དང་མཁས་པའི་དབང་བོ།  བྲིན་རྒྱུགས་དཔེ་ཆའི་རྩོམ་མཁན་བཅས་ཡིན། ཡེ་ལུའུ་སློབ་ཆེན་གྱི་དཔལ་འབྱོར་སྡེ་ཁག་གི་གྲགས་ཅན་སློབ་དཔོན་ཆེན་མོའི་ཁྲོད་ཀྱི་གཅིག་ཡིན།  སློབ་དཔོན་ཆེན་མོ་ཧྲེ་ལིར་ལ1967ལོར་མེ་ཞེ་ཀིན་སློབ་ཆེན་གྱི་ཤེས་རམས་པའི་བསླབ་གནས་ཐོབ་པ་མ་ཟད། 1972ལོར་མ་ཧྲིན་རང་བྱུང་བཟོ་སྐྲུན་སློབ་གླིང་གི་དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། ད་ལྟ་ཨ་རིའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཞིབ་འཇུག་ཅུའུ(NBER)ཡི་ཞིབ་འཇུག་ལས་རོགས་པ་དང་། ཨ་རིའི་སྒྱུ་རྩལ་དང་ཚན་རིག་གླིང་གི(American Academy of Arts and sciences)གླིང་རམས་པ། ཚད་ལེན་དཔལ་འབྱོར་རིག་ཚོགས་ཀྱི(Econometric society)ཚོགས་མི།  ཉེའུ་ཡོག་རྒྱལ་ཕྲན་མཉམ་འབྲེལ་གྱི་གསོག་འཇོག་དངུལ་ཁང་གི་རིག་གཞུང་བློ་འདྲིའི་ཚན་ཆུང་གི་ཁོངས་མི་བཅས་ཡིན།  སློབ་དཔོན་ཆེན་མོ་ཧྲེ་ལིར་ཡང་ཀུའུ་ཅེན་ཧན་བྱ་དགའི་དངུལ(Guggenheim fellowship)རེག་མཁན་ཡིན།  2013ལོརམ་རྩའི་རིན་ཐང་གི་དབྱེ་ཞིབ་ཕྱོགས་ཀྱི་བྱས་རྗེས་ལ་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།
     ལ་ཟིར•ཕེ་ཁྲིར་ཧན་སིན་ཟིར་ཕེ་ཁྲིར་ཧན་སིན་ནི། ཀྲི་ཅྰ་ཀི་སློབ་ཆེན་གྱི་དཔལ་འབྱོར་རིག་པ་བ་ཞིག་ཡིན།  ཁོང་ནི1952ལོར་ཡེ་ལིས་ནོ་ཡེ་ཀྲིག་ཧྲང་ཕེ་ཨིན་དུ་སྐྱེས།  མཐར་ཕྱིན་རྗེས། 1974ལོར་ཡེའུ་ཐ་ཀྲིག་ལེ་སློབ་ཆེན་དུ་གྲངས་རིག་ཤེས་རམས་པའི་བསླབ་གནས་ཐོབ། 1978ལོར་མེན་ཉེ་སུའུ་ཏ་སློབ་ཆེན་དུ་དཔལ་འབྱོར་རིག་པའི་བསླབ་གནས་ཐོབ།  1981ལོར་ཀྲི་ཅ་ཀི་སློབ་ཆེན་དུ་སྤོས། ཁོ་ནི་ཀྲི་ཅ་ཀི་སློབ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་གི་བསླབ་པ་རྒན་པའི་ཆེད་འཆད་སློབ་དཔོན་ཆེན་མོ་ཡིན།   མ་རྩའི་རིན་ཐང་གི་དབྱེ་ཞིབ་ར་སྤྲོད་ཕྱོགས་ཀྱི་ཕུལ་བྱུང་གྲུབ་འབྲས་ཀྱི་རྐྱེན་པས།  2013ལོར་ཁོ་དང་ཡོའུ་ཅིན•ཧྥ་མ། རོ་པོ་ཁྲི•ཧྲེ་ལིར་བཅས་ལ་མཉམ་དུ་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

2013ལོའི་ཟླ11ཚེས22ཉིན་ཀླུ་མཁར་རྒྱལ་གྱིས་བསྒྱུར།


འབྲེལ་ཡོད་འོས་སྦྱོར།