མཚོ་སྔོན་བཙན་པོ་མི་རིགས་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟི།
མཚོ་སྔོན་བཙན་པོ་མི་རིགས་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟི།
བཙན་ཞེས་པ་དྲག་པོའི་དོན་དང་། པོ་ཞེས་པ་འདིར་སྐྱེས་པར་འཇུག མཚོ་སྔོན་བཙན་པོ་མི་རིགས་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟི་ནི། ཡུན་རིང་འོད་སྟོང་འབར་བའི་མི་རིགས་ཀྱི་རིག་གནས་ལ་བརྟེན་ནས། མི་རིགས་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས། གཏིང་ཟབ་སྒོས་མི་རིགས་རིག་གནས་སྔོག་འདོན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱི་སྔར་ཡོད་རྣམ་པ་སྟེང་རིག་གནས་ལྗོངས་རྒྱུ་དང་ལས་གཞི། བྱ་འགུལ་བཅས་ལ་ཇུས་འགོད་དང་གཙོ་སྒྲུབ། མ་དངུལ་གཏོང་བ། སྤྱི་འབྲེལ་གྱི་བྱེད་སྒོ་སྣ་ཚོགས་ལའང་ཇུས་འགོད་བྱེད་ནུས་པའི་སྣ་འཛོམས་རང་བཞིན་ལྡན་པའི་རིག་གནས་ཐོན་ལས་གཉེར་བའི་ཁེ་ལས་ཤིག་ཡིན། བཙན་པོ་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟི་ལ་ད་ལྟ་ལས་བཟོ་པ་མི70ཙམ་ཡོད་ཅིང་། ཆེད་ལས་པའི་དོ་དམ་ཚོགས་པ་དང་ལག་རྩལ་ཚོགས་པ་བཅས་ཡོད་པར་མ་ཟད། ཀུང་ཟི་འདིས་མ་དངུལ་བཏང་སྟེ་ཁེ་ལས་གཉེར་བཞིན་པ་ལ་མཚོ་སྔོན་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་བཙན་པོ་གློག་བརྙན་འཕྲིན་སྨྱན་བྱེད་ཚད་ཡོད་ཀུང་ཟི།མཚོ་ལྷོ་ཁུལ་བཙན་པོ་མི་རིགས་བཟོ་རྩལ་ཚད་ཡོད་ཀུང་ཟི་སོགས་ཡོད།
མཚོ་སྔོན་བཙན་པོ་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི།
མཚོ་སྔོན་བཙན་པོ་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་ནི2009ལོར་བཙུགས་ཤིང་། དཔེ་དེབ་པར་སྐྲུན། ཇུས་འགོད་དང་བཟོ་སྐྲུན། ཐུམ་འཇུག་ཇུས་འགོད་དང་འགྲེམ་སྤེལ་སོགས་ཀྱི་བྱ་བ་གཙོ་བོ་གཉེར་བཞིན་ཡོད་ཅིང་། འཕྲིན་སྤྲེལ་དྲ་རྒྱའི་ཞབས་ཞུ་དང་རྣམ་པ་ཆེ་བའི་རིག་གནས་བྱ་འགུལ་ལའང་རྩ་འཛུགས་ནུས་པའི་རིག་གནས་ཁེ་ལས་ཤིག་ཡིན།
མཚོ་སྔོན་བཙན་པོ་གློག་བརྙན་འཕྲིན་སྨྱན་བྱད་ཚད་ཡོད་ཀུང་ཟི།
མཚོ་སྔོན་བཙན་པོ་གློག་བརྙན་འཕྲིན་སྨྱན་བྱེད་ཚད་ཡོད་ཀུང་ཟི་ནི་སྔར་གྱི་མཚོ་སྔོན་བཙན་པོ་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིའི་བརྙན་ཕབ་ལྟེ་གནས་ཀྱི་རྨང་གཞིའི་སྟེང་བཙུགས་ཤིང་། ལོ་ངོ་ལྔ་རིང་གི་ཉམས་མྱོང་ཡོད་ཅིང་། གཙོ་བོ་གློག་བརྙན་དང་མུ་འབྲེལ་བརྙན་འཕྲིན། དངོས་ཡོད་བརྙན་རིས། འགུལ་རིས་བརྙན་འཕྲིན། ཆེད་བྱང་བཅས་ཀྱི་བརྙན་ལེན་དང་། བཟོ་སྐྲུན། བསྒྱུར་སྐྲུན། འགྲེམ་སྤེལ་སོགས་ཀྱི་བྱ་བ་གཉེར་བཞིན་ཡོད།
མཚོ་ལྷོ་ཁུལ་བཙན་པོ་མི་རིགས་བཟོ་རྩལ་ཚད་ཡོད་ཀུང་ཟི།
མཚོ་ལྷོ་ཁུལ་བཙན་པོ་མི་རིགས་བཟོ་རྩལ་ཚད་ཡོད་ཀུང་ཟིས་དེང་རབས་ཀྱི་ལག་རྩལ་མཐོ་གྲས་དང་སྲོལ་རྒྱུན་གྱི་བཟོ་རྩལ་གཉིས་ཟུང་འབྲེལ་སྒོས། མི་རིགས་དཀྱིལ་སྙིང་དང་སྲོལ་རྒྱུན་རིག་གནས་རྒྱུ་ཆ་བྱས་ཏེ། གཙོ་བོ་བཟོ་སྐྲུན་དང་མི་རིགས་སྲོལ་རྒྱུན་བཟོ་རྩལ་ཕྱིར་འཚོང་བྱེད་པ་ཞིག་ཡིན་པར་མ་ཟད། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཁྱད་མཁོའི་ཐོན་རྫས་ཐོན་སྐྱེད་ས་གནས་ཁེ་ལས་སུ་གདམས་ཐོན་བྱུང་། མཚོ་སྔོན་བཙན་པོ་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟིས“སྲོལ་རྒྱུན་དང་དེང་རབས་གང་ལའང་བརྩི་སྲུང་ཏན་ཏིག་བྱས་ཏེ་རང་ཡུལ་ནས་རྐང་བཙུགས་ཏེ་འཛམ་གླིང་ལ་ཁ་ཕྱོགས་པ”ཞེས་པའི་རྩ་དོན་གཙིགས་སུ་བཟུང་སྟེ། ཇུས་འགོད་ཀྱི་བྱ་བ་གཙོ་གནད་དུ་བཟུང་ཞིང་བཙན་པོའི་སྣ་མང་རིག་གནས་སྨྱན་བྱེད་སྣང་ཚུལ་འཛུགས་སྐྲུན་དང་། བཙན་པོའི་རིག་གནས་མིང་རྟགས་ལ་ཡིད་རྟོན་བྱེད་པ། མི་རིགས་རིག་གནས་མིང་རྟགས་ཀྱི་ཕུགས་འདུན་འཛུགས་སྐྲུན་བཅས་བྱས་ཏེ། དུས་སྐབས་གསར་བའི་སྔོན་ཐོན་མི་རིགས་རིག་གནས་ཀྱི་སྐབས་གསར་བ་ཞིག་ཏུ་སླེབས་པར་བྱ་དགོས།