སྤྱི་ཚོགས་ཡོངས་ཀྱིས་ལྷ་རི་དང་ལྷ་མཚོར་དོ་སྣང་བྱེད་པར་སྐུལ་བ།
སྤྱི་ཚོགས་ཡོངས་ཀྱིས་ལྷ་རི་དང་ལྷ་མཚོར་དོ་སྣང་བྱེད་པར་སྐུལ་བ།
བོད་ལྗོངས་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་དང་བསྟུན་ཏེ། བོད་ལྗོངས་ནི་འཛམ་གླིང་གནས་སྐོར་བྱ་ཡུལ་དུ་སྐྲུན་རྒྱུ་ཡིན་པར་བཤད་ཅིང་། གངས་ཏི་སེ་ལྷ་རི་ནི་གནས་སྐོར་བྱེད་གནས་ཤིག་ཡིན་པ་མ་ཟད་བོད་རྒྱུད་ནང་བསྟན་དང་། བོན་ཆོས། རྒྱ་གར་ཆོས་ལུགས་བཅས་ཀྱིས་འཛམ་གླིང་གི་ལྟེ་བ་ཡིན་པར་འདོད། ནང་བསྟན་ཆོས་ལུགས་ཁྲོད་དེ་ནི་ཆེས་མིང་དུ་གྲགས་པའི་རི་རྒྱལ་པོ་དང་། བོན་ཆོས་ཁྲོད་གངས་རིན་པོ་ཆེ་ནི་སྲིད་པའི་རྩེ་མོར་གྲགས།
གནས་འདིར་མཇལ་སྐོར་དུ་བསྐྱོད་པའི་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བའི་ཁ་གྲངས་སྔར་ལས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། བོད་ཡུལ་དུ་བསྐྱོད་པའི་བྱ་འགུལ་ཡང་ཉིན་རེར་ཇེ་མང་ཡིན་པ་དང་། འཛད་སྤྱོད་བྱེད་སྟངས་གསར་བས་ལྷ་རི་དང་ལྷ་མཚོའི་ས་ཁུལ་གྱི་ཁུར་ཡུག་སྲུང་སྐྱོབ་ལ་སྣོན་ཤུགས་དྲག་པོ་གཏོང་བཞིན་ཡོད།
པེ་ཅིང་ཀུ་ཤུ་ཐེབས་རྩ་ཚོགས་པས་ལོ་བཅུའི་རིང་བོད་ཁུལ་དུ་བསྡད་པའི་ཉམས་མྱོང་ལས། གངས་ཏི་སེ་ལྷ་རིར་དུས་ཡུན་ལོ་གཅིག་གི་གཟིགས་ཞིབ་དང་རྟོག་དཔྱད་བརྒྱུད་ས་གནས་ཀྱི་མཐོ་སྒང་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱས་ཏེ་ལྷ་རི་དང་ལྷ་མཚོའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་མ་ལག་ཅིག་བཙུགས་པ་རེད།
མ་ལག་འདིར་ཁྱབ་ཆེ་བའི་མ་དངུལ་བཏང་སྟེ་ལམ་རྒྱུད་གལ་སྙིགས་སྣོད་ཆས་དང་། གལ་སྙིགས་གཅིག་བསྡུའི་ས་ཚིགས་སོགས་འཛུགས་སྐྲུན་འདུས་ཤིང་། སྤྱི་ལེ52ཅན་གྱི་གངས་ཏི་སེའི་སྐོར་ལམ་དང་སྤྱི་ལེ78ཅན་གྱི་མ་ཕམ་གཡུ་མཚོའི་སྐོར་ལམ་དུ་གལ་སྙིགས་བསྡུ་གསོག་ས་ཚིགས30བཙུགས་ཡོད་པ་དང་། 2010ལོར་ལྷ་རི་དང་ལྷ་མཚོའི་བརྒྱུད་ལམ་དུ་བོད་རྒྱ་དབྱིན་གསུམ་གྱི་ཁོར་ཡུག་སྲུང་སྐྱོབ་ཁྱབ་སྒྲོག་ཡིག་བྱང་བཙུགས་པ་དང་། 2011ལོར་གངས་ཏི་སེ་ཆགས་ཡུལ་གྱི་མངའ་རིས་ཀྱི་ཡུལ་ཚོ་ཞིག་ཏུ་གལ་སྙིགས་བསྡུ་གསོག་ས་ཚིགས19བཙུགས། དེ་མིན2011ལོར་ཀུ་ཤུ་ཐེབས་རྩ་ཚོགས་པས་གངས་རིན་པོ་ཆེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འགྲན་བསྡུར་བྱ་འགུལ་སྤེལ་ཏེ་རྒྱལ་ནང་གི་སྨྱན་བྱད་སྡེ་ཁག་དང་མིང་གྲགས་མི་སྣ་གང་མང་ཟབ་ཞུགས་བྱས།
ད་ལོར། ཀུ་ཤུ་ཐེབས་རྩ་ཚོགས་པས་ཡང་བསྐྱར་གངས་ཏི་སེ་ལྷ་རིའི་འདབས་སུ་ཁོར་ཡུག་སྲུང་སྐྱོབ་སྤྱི་ཕན་དང་བླངས་རུ་ཁག་རྩ་འཛུགས་བྱས་ཏེ་དུས་ཡུན་ཉིན6རིང་གངས་རིན་པོ་ཆེའི་བརྒྱུད་ལམ་དུ་སྤྱི་ཚན་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྤེལ། ཀུ་ཤུ་ཐེབས་རྩ་ཚོགས་པའི་འགན་འཛིན་པའམ་རྒྱལ་ཁབ་རི་འཛེགས་རུ་ཁག་གི་འགོ་གཙོ་ཝང་ཡུན་ཧྥིན་གྱིས་ལས་རིགས་སོ་སོའི་དང་བླངས་པའི་སྣེ་ཁྲིད་དེ་ས་གནས་ཀྱི་སྲིད་གཞུང་དང་མང་ཚོགས། སྤྱི་ཚོགས་ཀྱི་མིང་གྲགས་ཤེས་ལྡན་མི་སྣ་སོགས་ལ་མཉམ་འབྲེལ་སྒོས་ལྷ་རིའི་མཐའ་སྐོར་གྱི་གལ་སྙིགས་གཙང་སེལ་བྱས།
ཀུ་ཤུ་ཐེབས་རྩ་ཚོགས་པའི་འགན་འཛིན་པ་ཝང་ཆིའུ་ཡང་གིས་བཤད་རྒྱུར། ས་གནས་ཀྱི་སྲིད་གཞུང་ལ་མཐུན་སྦྲེལ་གྱིས་འཐུས་ཚང་ཅན་གྱི་ལྷ་རི་དང་ལྷ་མཚོའི་ཁོར་ཡུག་སྲུང་སྐྱོབ་མ་ལག་ཅིག་འཛུགས་པ་དང་། རྨང་གཞིའི་སྒྲིག་ཆས་འཆར་ཇུས་འཛུགས་སྐྲུན་བྱེད་པ་ནས་མགོ་བརྩམས་ཏེ་ལྷ་རི་དང་ལྷ་མཚོའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྒྱུན་རིང་ཕན་ཁེའི་ཐག་གཅོད་བྱ་ཐབས་མཁོ་འདོན་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་ལྷ་རི་དང་ལྷ་མཚོ་ལ་དོ་སྣང་བྱེད་དགོས་པ་དང་མིའི་རིགས་སྐྱེ་ཁམས་འབྱུང་ཁུངས་ཀྱི་དོན་སྙིང་ལྡན་པའི་ལྷ་རི་དང་ལྷ་མཚོའི་ཁོར་ཡུག་འགྱུར་ལྡོག་ལ་མཐོང་ཆེན་ཆེན་པོ་བྱེད་དགོས་པ་བསྟན།