logo

མཚོ་སྔོན་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་འགྲེམ་སྟོན་ཉིན་ཞ་ནས་སྤེལ་བ།

རྩོམ་པ་པོ།:ལྷ་འབྲུག་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-18 ཀློག་གྲངས།:

        ཉིན་ཞ་དངོས་མང་བཤམས་སྟོན་ཁང་དང་མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གཉིས་ཀྱིས་མཉམ་སྒྲུབ་བྱས་པའི་མཚོ་སྔོན་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་འགྲེམ་སྟོན་བྱ་འགུལ་དེ་ཉེ་སྔོན་ཉིན་ཞ་རུ་སྤེལ་བཞིན་པའི་སྒང་ཡིན་ལ།  ཐང་ཀ་རྩ་ཆེན་དང་ལྡེར་བཟོས་གྲུབ་པའི་རིན་པོ་ཆེ185ཡིས་མཚོ་སྔོན་ས་ཆའི་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཁྱད་མཚར་གཟི་བྱིན་ས་དེ་གའི་རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་མིག་དབང་གསོ་བའི་དགའ་སྟོན་དུ་ཕུལ་བ་རེད།
        འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན།  ཐེངས་འདིར་བཀྲམ་པའི་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་དངོས་རྫས་རྣམས་བསྡོམས་པས་པར་བརྐོས་གསུང་རབ་དང་།  ལུགས་མ་མཇིམ་རྐོས།  ཐགས་རིས་འཚེམ་དྲུབ།  ཚོན་རིས་ཐང་ཀ  ཆོས་ལུགས་རོལ་གར་སོགས་ཁག་ལྔ་རུ་ཕྱེས་ཡོད་པ་དང་།  དེའི་ནང་དུ་མུ་འབྲེལ་ཐང་ཀ23གྱིས་གྲུབ་པའི་འཐག་དྲུབས་ཐང་ཀ་ཞིག་ཡོད་པར་སྤྱིའི་རིང་ཚད་ལ་ལི་སྨི2334ཡོད་ཅིང་།  ཧ་ཅང་རྩ་ཆེ་ཞིང་དཀོན་པོ་ཞིག་ཡིན་པར་བཤད།
        རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་འགྲེམ་སྟོན་བྱ་འགུལ་སྤྱི་ཟླ་བཞི་བའི་ཟླ་དཀྱིལ་བར་དུ་སྤེལ་རྒྱུ་ཡིན་ལ།  དེ་རྗེས་ཉིན་ཞ་དངོས་མང་བཤམས་སྟོན་ཁང་གིས་ད་དུང་ཡུན་ནན་དངོས་མང་བཤམས་སྟོན་ཁང་དང་དེ་མིན་ནུབ་རྒྱུད་ས་ཁུལ་གྱི་དངོས་མང་བཤམས་སྟོན་ཁང་གཞན་དང་མཉམ་འབྲེལ་བྱས་ཏེ་གྲངས་ཉུངས་མི་རིགས་ཀྱི་གོས་རྒྱན་འགྲེམ་སྟོན་ལ་སོགས་པའི་འགྲེམ་སྟོན་བྱ་འགུལ་ཅི་རིགས་སྤེལ་རྩིས་ཡོད་པར་བཤད། 


འབྲེལ་ཡོད་འོས་སྦྱོར།