༄༅ །། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་གི་དབུལ་ཕོངས་སློབ་མའི་རོགས་སྐྱོར་ཚོགས་པའི་གནས
རྩོམ་པ་པོ།:མིང་མེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-06-14
ཀློག་གྲངས།:
མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་སྟེ་སྔར་གྱི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནི༡༩༥༦ལོའི་ཟླ༡༡པའི་ཚེས༢༡ཉིན་གསར་དུ་བཙུགས།༢༠༠༤ལོའི་ཟླ༡༠བར། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་སྔར་གྱི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་དང་ཁུལ་བོད་ཡིག་སློབ་འབྲིང་དུ་བསྒྱུར། འདས་པའི་བགྲང་བྱ་ལྔ་བཅུའི་རིང་།ལས་རིགས་སོ་སོའི་ཤེས་ལྡན་མི་སྣ་ཆིག་ཁྲི་ལྷག་གསོ་སྐྱོང་བྱས་ནས་མཚོ་ལྷོ་ཁུལ་དང་ཞིང་ཆེན་ཡོངས་སམ་བོད་ཀྱི་སློབ་གསོའི་ལས་དོན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་བླ་ན་མེད་པའི་མཛད་རྗེས་བཞག་པས་མཚན་སྙན་བོད་ཁམས་སུ་ཁྱབ་ཡོད། སློབ་གྲྭའི་རོགས་སྐྱོར་ཚོགས་པ་འདི་ནི་དམངས་ཁྲོད་དུ་རང་འཐད་ཀྱིས་གྲུབ་པའི་ཁེ་མེད་རང་བཞིན་གྱི་གཞན་དོན་གཉེར་བའི་ཚོགས་པ་ཞིག་ཡིན། རྩ་ཁྲིམས་དང་རྒྱལ་ཁྱབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་རང་སློབ་གྲྭའི་སྒྲིག་སྲོལ་སྣ་ཚོགས་ལ་བརྩི་སྲུང་བྱེད་པའི་རྨང་གཞིའི་སྟེང་བྱམས་བརྩེ་དང་གཞན་ཕན་གྱི་སེམས་བསྐྱེད་ནས་ཕུལ་བྱུང་གི་དགེ་སློབ་དང་དབུལ་ཕོངས་སློབ་མ་ལ་སྐུལ་ལྕག་བྱ་དགའ་སྟེར་བ་དང་རོགས་སྐྱོར་བྱེད་པ་ཕྱོགས་ཡོངས་ནས་མ་དངུལ་བསྡུ་སློང་བྱས་ཏེ་སློབ་གསོའི་རྨང་གཞི་འཛུགས་སྐྲུན་དར་རྒྱས་སུ་གཏོང་རྒྱུ་ནི་ཚོགས་པ་འདིའི་དགོངས་དོན་ཡིན།
འབྲེལ་ཡོད་འོས་སྦྱོར།